སྨན་རྩིས་དྲ་བ། - མདུན་ངོས།

རྒྱ་གར་གཞུང་ནས་གསོ་རིག་སྨན་པར་དེབ་སྐྱེལ་ལག་འཁྱེར་སྤྲོད་འགོ་བཙུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.08.2022
མདུན་ངོས། >>



རྒྱ་གར་གཞུང་ནས་གསོ་རིག་སྨན་པར་དེབ་སྐྱེལ་ལག་འཁྱེར་སྤྲོད་འགོ་བཙུགས།

རྒྱ་གར་དབུས་ཨཱཡུཥ་ལྷན་ཁང་གི་རྒྱལ་ཡོངས་རྒྱ་གར་སྨན་གྱི་ལམ་ལུགས་ལྷན་ཚོགས་(National Commission for Indian System of Medicine)ཀྱི་ཚོགས་གཙོ་མཆོག་ནས་སྨན་རྩིས་ཁང་གི་སྨན་པ་ ༥༤ ལ་དེབ་སྐྱེལ་ལག་འཁྱེར་བསྩལ་རྒྱུའི་ཞལ་བཞེས་གནང་ཡོད་པ་བཞིན། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༥ ཉིན་རང་རེ་སྨན་པ་ཁག་གཅིག་རྒྱལ་ས་དིལླིར་འབྲེལ་ཡོད་ལས་ཁུངས་སུ་ངོ་བཅར་གྱིས་ཡིག་ཆ་ཁག་སྤྱན་བསྟར་ཞུས་པས་སྨན་པ་དེབ་སྐྱེལ་དང་བཟང་སྤྱོད་ཚོགས་ཆུང་གི་འབྲེལ་ཡོད་རྣམས་ནས་རྟོག་ཞིབ་གནང་རྗེས་ཁས་བླངས་རྒྱབ་གཉེར་གནང་ཡོད། དེ་ནས་ཟླ་ ༨ ཚེས་ ༣ རེས་གཟའ་ལྷག་པའི་ཉིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བཻདྱ་ཇཡནྟ་དེབ་པུཇཱརཱི་མཆོག་གི་དྲུང་ནས་ཐོག་མར་སྨན་པ་བརྒྱད་ལ་ལག་འཁྱེར་བསྩལ་ཐོབ་བྱུང་ཞིང་། སྐབས་དེར་སྨན་པ་རྣམས་རང་གནས་ཕྱོགས་མཐར་ཕེབས་ཟིན་ཡོད། འོན་ཀྱང་རྒྱལ་ཡོངས་རྒྱ་གར་སྨན་གྱི་ལམ་ལུགས་ལྷན་ཚོགས་ཀྱི་ཁྱབ་ཁོངས་བཟང་སྤྱོད་དང་འབྲེལ་བའི་མཁས་པའི་ཚོགས་ཆུང་གི་ཚོགས་མི་རང་རེ་ནིཛཱ་མུདྡཱིན་ཡན་ལག་སྨན་ཁང་གི་སྨན་པ་འཆི་མེད་སྒྲོལ་དཀར་ལགས་ཀྱིས་ཚབ་ཞུས་ཏེ་བཞེས་གནང་ཡོད། དེ་ནས་རང་རེ་སྨན་པ་རྣམས་རྒྱལ་ས་དིལླིར་ལྷན་ཚོགས་ཀྱི་ལས་ཁུངས་སུ་ངོ་བཅར་མི་དགོས་པར་སྨན་པ་དེབ་སྐྱེལ་དང་བཟང་སྤྱོད་ཚོགས་ཆུང་གི་གཙོ་འཛིན་སློབ་དཔོན་ཆེན་མོ་བཻདྱ་རཱཀེཤ་ཤརྨཱ་མཆོག་གིས་སྣེ་ཁྲིད་པའི་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ཟླའི་ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དུ་ཕེབས་ཏེ་ལྷོ་ཕྱོགས་ཁུལ་གྱི་རང་རེ་སྨན་པ་རྣམས་ལ་དེབ་སྐྱེལ་ལག་འཁྱེར་བསྩལ་ཟིན་ཡོད་པ་དང་། རིང་མིན་དྷ་ས་གཙོས་པའི་རྒྱ་གར་བྱང་ཕྱོགས་ཁུལ་དང་། ས་ལུ་སྒ་ར་གཙོས་བྱང་ཤར་ཁུལ་གྱི་གསོ་རིག་སྨན་པ་ཡོངས་ལ་རིམ་པས་ལག་འཁྱེར་བསྩལ་རྒྱུར་ངེས་ཡོད།

ད་རེས་སྨན་རྩིས་ཁང་ནས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། དེ་བཞིན་སྨན་པ་དེབ་སྐྱེལ་དང་བཟང་སྤྱོད་ཚོགས་ཆུང་གི་གཙོ་འཛིན་སློབ་དཔོན་ཆེན་མོ་བཻདྱ་རཱཀེཤ་ཤརྨཱ་མཆོག་རྣམ་གཉིས་ནས་ལས་གཞིར་འདིར་མཐུན་འགྱུར་རམ་འདེགས་རླབས་ཆེན་གནང་བར་ལྷག་བསམ་ཟོལ་མེད་ཀྱི་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། ནི་མུན་ཡན་ལག་སྨན་པ་འཆི་མེད་སྒྲོལ་དཀར་ལགས་ནས་ཀྱང་ལས་དོན་འདིར་དམིགས་བསལ་ཐུགས་ཁུར་བཞེས་བཞིན་ཡོད་པར་ལེགས་སོའི་བསྔགས་བརྗོད་ཀྱི་གནས་སུ་གྱུར་ཡོད།།


















མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 11:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།