སྨན་རྩིས་དྲ་བ། - ཆེད་རྩོམ།

རུས་དུམ་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.11.2016
ཆེད་རྩོམ། >>



རུས་དུམ་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་ལ་དཔྱད་པ།
 

 


སྨན་པ་དཀའ་བཅུ་པ་ནོར་ཆུང་།


དམིགས་ཡུལ།
དྲང་སོང་ཅ་ར་ཀས་མིའི་ལུས་ལ་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་ཡོད་པ་ཐོག་མར་གསུངས་པ་[i]དེ་རྗེས་དཔལ་ལྡན་རྒྱུད་བཞིར་རུས་དུམ་སུམ་བརྒྱ་དྲུག་ཅུ་དང་དེའི་འགྲེལ་ཆེན་ཁག་ཏུ་རུས་དུམ་གྱི་རྣམ་གྲངས་ཇི་ཡིན་ཅུང་གསལ་ཁ་ཕྱེ་ཡོད། ལྷག་པར་དུས་རབས་ཉི་ཤུའི་ནང་དུ་བྱུང་བའི་གསོ་རིག་ཀུན་བཏུས་དང་། རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་བཅས་ཀྱི་ནང་རུས་དུམ་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་རེ་རེ་བཞིན་གྲངས་འདྲེན་ཞུས་ཡོད་ཀྱང་མི་འཐུན་པའི་ཆ་འགའ་ཞིག་མཆིས་པ་མ་ཟད། རུས་མིང་གི་བརྡ་ཆད་ཁ་ཤས་ངོས་འཛིན་དཀའ་བ་དཔེར་ན་མིག་དབྲག་རུས་པ། མིག་དབྲག་ནང་ངོས་ཀྱི་རུས་པ། མིག་དབྲག་ཕྱི་ངོས་ཀྱི་རུས་པ་སོགས་ངོས་འཛིན་འཁྲུལ་གཞི་ཅན་དུ་གྱུར་ཡོད། ཡང་བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོའི་ནང་དུའང་མགོ་རུས་དྲུག་ཅུ་རེ་གཅིག་ཅེས་གསལ་ཡོད་ཀྱང་རེ་རེ་བཞིན་གྲངས་འདྲེན་བྱེད་དུས་ལྔ་བཅུ་དང་རྩ་གསུམ་ལས་མེད་པ་སོགས་ཀྱི་ཆད་སྐྱོན་ཇི་སྙེད་དག་སེལ་དང་། ངོས་འཛིན་གཅིག་མཐུན་ཡོང་རེ། གཞན་ཡང་ཕྱི་ལུགས་སུ་མི་དར་མའི་ལུས་ལ་རུས་དུམ་ཉིས་བརྒྱ་དྲུག་དང་བོད་ལུགས་སུ་སུམ་བརྒྱ་དྲུག་ཅུ་ཡོད་པ་དེ་གཉིས་བར་ཁྱད་པར་ཆེན་པོ་ཡོད་པའི་རྒྱུ་རྐྱེན་འཚོལ་ཞིབ་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན།

དཔྱད་ཞིབ་ཀྱི་ཐབས་ལམ། དེང་རབས་ཕྱི་ལུགས་གཞུང་ནས་བཤད་པའི་རུས་དུམ་ཉིས་བརྒྱ་རྩ་དྲུག་གི་རྣམ་གྲངས་འདྲེན་ཚུལ་དང་། བོད་ལུགས་གསོ་རིག་གི་གཞུང་འགྲེལ་ཁག་ཏུ་གསལ་བའི་རུས་དུམ་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་འདྲེན་ཚུལ་གཉིས་ཕན་ཚུན་བསྡུར་བའི་སྒོ་ནས་བོད་ལུགས་གསོ་རིག་ལམ་ནས་བཤད་པའི་རུས་དུམ་གྱི་རྣམ་གྲངས་རེ་རེ་བཞིན་གྲངས་འདྲེན་ཞུ་རྒྱུ་དང་། དེང་རབས་ཕྱི་ལུགས་ལས་འཆད་པའི་རུས་དུམ་འགའ་རེའི་མིང་བོད་ལུགས་གཞུང་འགྲེལ་རྙིང་པ་ཁག་ཏུ་གསལ་མེད་པ་རྣམས་ཕྱིས་སུ་གསར་དུ་བོད་འགྱུར་ཟིན་པའི་བརྡ་ཆད་ལ་དབྱེ་ཞིབ་དང་ཐ་སྙད་ཀྱི་འབྱུང་ཁུངས་ལ་གཞི་བཅོལ་ཏེ་རུས་མིང་གཏན་འབེབས་བྱ་རྒྱུ་བཅས་ཡིན།


རུས་དུམ་གྱི་རྣམ་གྲངས་བཤད་པ།
ལུགས་གཉིས་ཤན་སྦྱར་རམ་སྐད་གཉིས་ཤན་སྦྱར་དེ་དགོད་རྒྱུ་ཡིན། དེས་ངོས་འཛིན་ཐད་འཁྲུལ་ཆ་མི་ཡོང་བ་དང་། བོད་ལུགས་དང་ཕྱི་ལུགས་གཉིས་ཀྱིས་རུས་དུམ་གྱི་རྣམ་གྲངས་འདྲེན་ཚུལ་མི་འདྲ་བ་གང་ཡོད་པ་བདེ་སླག་ཏུ་རྟོགས་སླ་བའི་ཆེད་དུ་ཡིན།
 
སྤྱི་སྡོམ་མིའི་རུས་དུམ་གྱི་རྣམ་གྲངས།
List of Bones in Human Body               
Modern Anatomy དེང་རབས་ལུས་ཁམས་རིག་པ།
Tibetan Medicine བོད་ལུགས་གསོ་རིག
Head
28
མགོ་རུས།
61
Torso
52
བྱང་ཁོག་རུས་པ།
159
Hands
64
ལག་རུས།
70
Feet
62
རྐང་རུས།
70
Total
206[2]
ཁྱོན་བསྡོམས།
360
 
མགོ་རུས་དུམ་བུའི་རྣམ་གྲངས།
The Number of Bones in the Head
Modern Anatomy དེང་རབས་ལུས་ཁམས་རིག་པ།
Tibetan Medicine བོད་ལུགས་གསོ་རིག
Nasal bone
2
སྣ་སྒྲོམ་གྱི་རུས་པ།[3]
2
Lacrimal bone
2
མིག་ཆུའི་རུས་པ།[4]
2
Inferior Nasal conches
2
སྣ་དུང་འོག་མ།[5]
2
Maxillary bone
2
ཡ་མགལ་རུས་པ།[6]
2
Zygomatic bone
2
མཁུར་ཚོས་རུས་པ།
2
Temporal bone
2
རྣ་ལྷན་རུས་པ།
2
Palatine bone
2
རྐན་རུས།
2
Parietal  bone
2
ཐོད་རུས།
2
Malleus bones
2
ཐོ་རུས།
2
Incus bones
2
གདན་དུས།
2
Stapes bones
2
ཡོབ་རུས།
2
Frontal bone
1
དཔྲལ་རུས།
1
Ethmoid bone
1
ཟངས་ཚགས་རུས་པ།
1
Vomer bone
1
གཤོལ་རུས།[7]
1
Sphenoid bone
1
མུར་གོང་རུས་པ་གཅིག
1
Mandible bone
1
མ་མགལ་རུས་པ་གཅིག
1
Occipital bone
1
ལྟག་རུས་གཅིག
1
Hyoid bone
ལྕེ་རྩའི་རུས་པ་གཅིག
1
Teeth
-
སོ་སུམ་ཅུ་སོ་ག་གཉིས།
32
total
28
ཁྱོན་བསྡོམས་དྲུག་ཅུ་རེ་གཅིག[8]
 
61
 
 
 
 
བྱང་ཁོག་རུས་དུམ་གྱི་རྣམ་གྲངས།
The Number of Bones in Torso
 
Modern Anatomy དེང་རབས་ལུས་ཁམས་རིག་པ།
Tibetan Medicine བོད་ལུགས་གསོ་རིག
Hyoid bone
1
ལྕེ་རྩའི་རུས་པ་གཅིག
-
Sternum
1
བྲང་རུས་གསུམ།[9]
3
Ribs (10x2)
20
རྩིབ་མ་གཡས་གཡོན་བཅུ་རེ།
20
Floating ribs (2x2)
4
རྩིབ་ཐུང་གཡས་གཡོན་གཉིས་རེ།
4
Cervical vertebrate (C1-C7)
7
མཇིང་ཚིགས་བདུན།[10]
28
Thoracic vertebrae (T1-T12
12
སྒལ་ཚིགས་བཅུ་གཉིས།
48
Lumbar vertebrae
5
རྐེད་ཚིགས་ལྔ།
20
Sacrum
1
མཚང་རུས་ལྔ།[11]
5
Coccyx
1
གཞུག་ཆུང་རུས་པ་ལྔ།[12]
5
Clavicle
-
སྒྲོག་རུས་གཡས་གཡོན་གཉིས།
2
Scapula
-
སོག་རུས་གཡས་གཡོན་གཉིས།
2
Pelvic girdle
-
དཔྱི་རུས་གཡས་གཡོན་གཉིས།
2
Coastal cartilage attached to the sternum
-
བྲང་རུས་དང་འབྲེལ་བའི་ལྷ་རུ་རྩེ་གཡས་གཡོན་ལ་བདུན་རེ།
14
Coastal cartilage unattached to the sternum
-
བྲང་རུས་དང་མ་འབྲེལ་བའི་ལྷ་རུ་རྩེ་གཡས་གཡོན་ལ་གསུམ་རེ།[13]
6
Total
52
ཁྱོན་བསྡོམས་བརྒྱ་དང་ང་དགུ།
159
 
The Number of Bones in the Hands       
 ལག་རུས་དུམ་བུའི་རྣམ་གྲངས།
Modern Anatomy དེང་རབས་ལུས་ཁམས་རིག་པ།
Tibetan Medicine བོད་ལུགས་གསོ་རིག
Clavicle (2x1)
2
སྒྲོག་རུས།
Scapula (2x1)
2
སོག་རུས།
 -
Humerus (2x1)
2
དཔུང་རྐང་གཡས་གཡོན་གཉིས།
2
Radius (2x1)
2
རྗེ་ངར་ཆེ་བ་གཡས་གཡོན་གཉིས།
2
Ulna (2x1)
2
རྗེ་ངར་ཆུང་བ་གཡས་གཡོན་གཉིས།
2
Carpal bones (8x2)
16
པྲན་རྕེའི་རུས་པ་གཡས་གཡོན་ལ་བརྒྱད་རེ།
16
Metacarpal (5x2)
10
ལག་མཐིལ་རུས་པ་གཡས་གཡོན་ལ་ལྔ་རེ།
10
Phalanges (14x2)
28
སོར་མོའི་རུས་པ་གཡས་གཡོན་ལ་བཅུ་བཞི་རེ།
28
Nails
-
སེན་མོ་གཡས་གཡོན་ལ་ལྔ་རེ།
10
total
64
ཁྱོན་བསྡོམས།
70
 
 
The Number of Bones in the Feet
 རྐང་རུས་དུམ་བུའི་རྣམ་གྲངས།
Modern Anatomy དེང་རབས་ལུས་ཁམས་རིག་པ།
Tibetan Medicine བོད་ལུགས་གསོ་རིག
Hip (2x1)
2
དཔྱི་རུས།
 
Femur (1x2)
2
བརླ་རྐང་གཡས་གཡོན་གཉིས།
2
Fibula (1x2)
2
རྗེ་ངར་ཆེ་བ་གཡས་གཡོན་གཉིས།
2
Tibia (1x2)
2
རྗེ་ངར་ཆུང་བ་གཡས་གཡོན་གཉིས།
2
Patella (1x2)
2
ལྷ་ངའི་རུས་པ་གཡས་གཡོན་གཉིས།
2
Tarsal (6x2)
Calcaneus (1x2)
14
པྲན་རྩེའི་རུས་པ་གཡས་གཡོན་ལ་དྲུག་རེ།
སྲེ་ལོང་རུས་པ་གཡས་གཡོན་གཉིས།
14
 
Metatarsals (5x2)
10
རྐང་མཐིལ་རུས་པ་གཡས་གཡོན་ལ་ལྔ་རེ།
10
Phalanges (14x2)
28
སོར་མོའི་རུས་པ་གཡས་གཡོན་ལ་བཅུ་བཞི་རེ།
28
Nails
-
སེན་མོ་གཡས་གཡོན་ལ་ལྔ་རེ།
10
total
60
ཁྱོན་བསྡོམས།
70



རུས་དུམ་གྱི་དཔེ་རིས་བསྟན་པ།


 
མཇུག་དོན།
བོད་ལུགས་དང་ཕྱི་ལུགས་གཉིས་ཞིབ་བསྡུར་བྱས་པ་བརྒྱུད་རུས་དུམ་གྱི་རྣམ་གྲངས་ལ་ཁྱད་པར་འགྲོ་དོན་ནི་རུས་དུམ་གྱི་རྣམ་གྲངས་འདྲེན་ཚུལ་མི་འདྲ་བ་ལས་བྱུང་བ་ཡིན་ཏེ། བོད་ལུགས་སུ་སོ་༣༢ དང་། རྐང་ལག་གི་སེན་མོ་༢༠ བྲང་རུས་དང་འབྲེལ་མ་འབྲེལ་གྱི་ལྷ་རུ་རྩེའི་རྣམ་གྲངས་༢༠ དེ་བཞིན་སྒལ་ཚིགས་གཡས་གཡོན་གྱི་བྱ་འདབ་གཉིས། དེའི་མཁར་དང་སྒྲོ་གཟོ་མ་བཅས་རུས་དུམ་གྱི་ངོ་བོ་བཞིར་བརྩིས་ཏེ་རུས་དུམ་བརྒྱ་དང་བཅུ་གཉིས་ཀྱི་རྣམ་གྲངས་བགྲངས་འདུག ཕྱི་ལུགས་སུ་སོ་དང་སེན་མོ། ལྷ་རུ་རྩེ་བཅས་རུས་པའི་ངོ་བོར་བརྩི་སྲོལ་མི་འདུག་ལ། སྒལ་ཚིགས་ཀྱི་མཁར་དང་སྒྲོ་གཟོ་མ། བྱ་འདབ་བཅས་དུམ་བུ་ལོགས་སུ་དབྱེ་རྒྱུ་མེད་པའི་རྒྱུ་མཚན་གྱིས་རུས་དུམ་གཅིག་གི་ངོ་བོར་བརྩིས་ཏེ་རྒྱབ་ཚིགས་ཀྱི་རྣམ་གྲངས་ཉེར་བརྒྱད་ཁོ་ནར་འདོད་འདུག གཞན་ཡང་ཕྱི་ལུགས་སུ་བྱིས་པའི་སྐབས་སུ་རུས་དུམ་ཉིས་བརྒྱ་བདུན་ཅུ་ཡོད་པ་དེ་དག་རིམ་བཞིན་ལུས་འཚར་ལོངས་བྱེད་པའི་སྐབས་ཁ་ཤས་ཕན་ཚུན་འབྱར་ནས་ལོགས་སུ་དབྱེ་རྒྱུ་མེད་པ་ཆགས་པར་བརྟེན་ན་ཚོད་དར་མའི་ལུས་ལ་རུས་དུམ་ཉིས་བརྒྱ་རྩ་དྲུག་ཡོད་པ་ཡོངས་གྲགས་ཆགས་ཡོད།
 

ཁུངས་བཅོལ་ཡིག་ཆ་ཁག
1.  གསོ་རིག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་། ཀྲུང་གོའི་གསོ་རིག་ཀུན་བཏུས་ལས་བོད་ཀྱི་གསོ་བ་རིག་པ་སྟོད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་༡༩༩༠ ལོར་པར་སྐྲུན་ཞུས། ཤོག་ངོས་༨༦ ལ་གསལ།
2.  བསམ་གཏན། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་༡༩༩༧ ལོར་པར་གཞི་༢ པར་ཐེངས་དང་པོ་བཏབ། ཤོག་ངོས་༣ པར་གསལ།
3.  ཁྲོ་རུ་ཚེ་རྣམ། གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང་།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༢༠༠༡ ལོར་པར་སྐྲུན་ཞུས། ཤོག་ངོས་༡༣༣ ནས་ ༡༣༤ བར་གསལ།
4.  བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་༢༠༠༦ ལོར་པེ་ཅིང་དུ་པར་སྐྲུན་ཞུས།  ཤོག་ངོས་༨༥༤ ནས་༨༥༥ བར་གསལ།
མཆན།


[1]ལྦི་ཁེ་རིག་མཛོད། དྲང་སྲོང་ཅ་ར་ཀ་གླེང་བ། སྦྲེལ་ཐག་ https://en.wikipedia.org/wiki/Charaka#Contributions མཐའ་མའི་ལྟ་ཚེས་ ༢༠༡༦ ཟླ་༡༡ ཚེས་ ༡༩ ཉིན།
[2] ཕྱི་ལུགས་སུ་བྲང་མགོ་དང་བྲང་དཀྱིལ། ལྷེན་རུས་བཅས་རུས་དུམ་གསུམ་གྱི་ངོ་བོར་དབྱེ་སྟེ་མིའི་ལུས་ལ་རུས་དུམ་ཉིས་བརྒྱ་དང་བརྒྱད་ཡོད་པར་བཞེད་འདུག་ཀྱང་ཡོངས་གྲགས་སུ་ཉིས་བརྒྱ་དང་རྕ་དྲུག་ཁོ་ནར་འདོད།
[3] དྲང་སྲོང་ཞལ་ལུང་དུ་སྣ་ཡི་སྒྲོམ་མམ་གཡས་གཡོན་མཚུལ་པའི་རུས་དུམ་གཉིས་ཞེས་གསལ།
[4]དྲང་སྲོང་ཞལ་ལུང་དུ་མིག་རུས་སམ་མིག་ཆུའི་རུས་པ། གསོ་རིག་ཀུན་བཏུས་སུ་མིག་འབོར་རུས་པ་ཞེས་མིང་གི་རྣམ་གྲངས་སུ་གསལ།
[5] བོད་ཀྱི་གསོ་རིག་སྙིང་བསྡུས་སྐྱ་རེགས་གསར་དང་གསོ་རིག་ཀུན་བཏུས་སུ་སྣ་གཞིའི་རུས་པ་ཞེས་གསལ་ཡང་། རུས་པ་དེ་སྣ་བའི་ནང་ན་ལ་གནས་པ་མ་ཟད་སྣ་བའི་སྨད་ཕྱོགས་གནས་པ་དང་འདིའི་དབྱིབས་དུང་དང་འདྲ་བས་སྣ་དུང་འོག་མ་ཞེས་རང་ངོས་ནས་ཐད་སྒྱུར་ཞུས་པ་ཡིན།
[6] མིང་གཞན་ལ་ཡ་འགྲམ་ཟེར།
[7]རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང་དུ་རྐན་ཕུགས་སམ་མཚུལ་འོག་ཏུ་གནས་པ་ཐོང་གཤོལ་འདྲ་བའི་གཤོལ་རུས་གཉིས་ཞེས་གསལ་ཡང་འདིར་རུས་དུམ་གཅིག་ལས་མེད་པས་གཤོལ་རུས་གཅིག་བགྲངས་ཡོད།
[8] བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོར་མགོ་རུས་རྣམ་གྲངས་དྲུག་ཅུ་རེ་གཅིག་བཀོད་འདུག་ཀྱང་གྲངས་འདྲེན་བྱེད་དུས་ལྔ་བཅུ་དང་རྩ་གསུམ་ལས་མི་འདུག
[9] སྤྱིར་ཕྱི་ལུགས་ནས་བྲང་རུས་གསུམ་དུ་འདོད་མཁན་ཡོད་ཀྱང་ཡོང་གྲགས་སུ་བྲང་རུས་གཅིག བོད་ལུགས་སུ་བྲང་མགོ་(manubrium of sternum), བྲང་དཀྱིལ་ (body of sternum) དང་ལྷེན་རུས་ (xiphoid process) བཅས་རུས་དུམ་གསུམ་གྱི་ངོ་བོར་བགྲངས་ཡོད།
[10] མཇིང་ཚིགས་བདུན་པོ་རེར་མཁར་དང་། སྒྲོ་གཟོ་མ། དེའི་གཡས་གཡོན་དུ་གྱེས་པའི་བྱ་འདབ་བཅས་པ་བཞི་རེ་བསྣན་པས་ཁྱོན་བསྡོམས་མཇིང་ཚིགས་དང་འབྲེལ་བའི་རུས་དུམ་ཉེར་བརྒྱད་དུ་འདོད་པ་དང་། སྒལ་ཚིགས་དང་སྐེད་ཚིགས་དེ་བཞིན་རིག་འགྲེ་བར་བྱའོ། སྤྱིར་མཁར་མཚམས་ཀྱང་རུས་དུམ་གྱི་ངོ་བོར་བགྲངས་སྲོལ་འདུག་ཀྱང་། དྲང་སྲོང་ཞལ་ལུང་དུ་དེའི་ཚབ་ཏུ་སྒྲོ་གཟོ་མ་རུས་དུམ་གཅིག་གི་ངོ་བོར་བགྲངས་འདུག་པས་འཐད་པར་མཐོང་ངོ་།།
[11] སྤྱིར་མཚང་རུས་གྲངས་ལྔ་ཡོད་ཀྱང་ཕན་ཚུན་འབྱར་ནས་ཡོད་པས་ཕྱི་ལུགས་སུ་རུས་དུམ་གཅིག་གི་ངོ་བོར་བགྲངས་ཡོད། རུས་དུམ་འདི་དག་ལྦ་མོའི་ངོ་གདོང་དང་འདྲ་བས་ལྦ་གདོང་གི་རུས་པ་ཡང་ཟེར།
[12]ཕྱི་ལུགས་ཀྱི་དེབ་ཕལ་མོ་ཆེར་ཕན་ཚུན་འབྱར་བའི་རུས་གྲངས་བཞིར་བཞེད་མཁན་མང་ཀྱང་། སྤྱིར་གཞུག་རུས་གསུམ་ནས་ལྔ་བར་ཡོད།
[13]བྲང་རུས་དང་མ་འབྲེལ་བའི་ལྷ་རུ་རྩེ་གཡས་གཡོན་དུ་གསུམ་རེ་ཡོད་པས་ཁྱོན་རུས་དུམ་དྲུག་གི་ངོ་བོར་བགྲངས་ཡོད།
 
 
 

མཐའ་མའི་འདོན་ཐེངས་།: 15.10.2018 ཉིན། 3:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།