སྨན་རྩིས་དྲ་བ། - མདུན་ངོས།

རང་བཙན་གྱི་བདུད་རྩིའི་དུས་སྟོན་ཆེན་མོའི་མཛད་སྒོ་ཚོགས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2021
མདུན་ངོས། >>


རང་བཙན་གྱི་བདུད་རྩིའི་དུས་སྟོན་ཆེན་མོའི་མཛད་སྒོ་ཚོགས་པ།

ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྨན་རྩིས་ཁང་གི་ཚོགས་ཁང་དུ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ ཧྲིལ་པོ་འཁོར་བའི་དུས་དྲན་མཚོན་བྱེད་རང་བཙན་གྱི་བདུད་རྩིའི་དགའ་སྟོན་ཆེན་མོ། ཁྱེད་ཀྱི་སྒོ་དྲུང་དུ་ཨཱཡུཥ་ (Azadi Ka Amrit Mahotsav, Ayush at Your Door-step) ཞེས་པའི་མཛད་སྒོ་ཞིག་སྲུང་བརྩི་ཞུས་གནང་སོང་།


རང་བཙན་གྱི་དགའ་སྟོན་ཆེན་མོའི་དུས་དྲན་འདི་ནི་རྒྱ་གར་དབུས་གཞུང་གིས་འདི་ལོ་ཟླ་༨ ཚེས་ ༡༥ རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་ནས་བཟུང་ལོ་འཁོར་མོའི་རིང་མཛད་སྒོ་སྲུང་བརྩི་གོ་སྒྲིག་ཞུ་འཆར་ལྟར། ཨཱཡུཥ་ལྷན་ཁང་ནས་ཀྱང་རྒྱ་གར་རྒྱལ་ཡོངས་སུ་སྔོ་སྨན་འདེབས་ལས་ཆེད་སྔོ་སྨན་མྱུ་གུ་བགོ་འགྲེམས་ཀྱི་ལས་གཞི་བདུན་ཕྲག་འདི་ནས་དངོས་སུ་དབུ་འཛུགས་ཞུས་པ་རེད།


ད་རེས་ཀྱི་མཛད་སྒོ་འདི་ཨཱཡུཥ་ལྷན་ཁང་གི་རྒྱལ་ཡོངས་སྨན་གྱི་སྐྱེ་དངོས་ལྷན་ཚོགས་ཀྱི་བྱང་ཁུལ་ནས་རེ་སྐུལ་ཞུས་པ་བཞིན། སྨན་རྩིས་ཁང་གིས་དགའ་སྤྲོའི་ངང་དུས་ཡུན་ཐུང་ངུའི་ནང་ཚོགས་ཁང་དང་། མཛད་རིམ། ཚོགས་བཅར་བ་མགྲོན་འབོད། ཉིན་གུང་ཞལ་ལག་བཅས་གྲ་སྒྲིག་འཐུས་ཚང་གནང་ཡོད། མཛད་སྒོའི་སྐབས་སྨན་རྩིས་ཁང་གི་ལས་བྱེད་དང་། ས་གནས་རྒྱ་གར་བ་ལྔ་བཅུ་རེ་བཅས་བོད་རིགས་དང་རྒྱ་གར་བ་མི་མང་ཁྱོན་བསྡོམས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད།


   མཛད་སྒོར་རྒྱལ་ཡོངས་སྨན་གྱི་སྐྱེ་དངོས་ལྷན་ཚོགས་ཀྱི་བྱང་ཕྱོགས་ས་ཁུལ་འགན་འཛིན་ Dr. Arun Chandan ལགས་དང་།  Prof. D.R Nag ལགས། HP University ཟུར་པ།  ཀང་ར་རྫོང་གི་ཚེའི་རིག་བྱེད་ཀྱི་འགོ་བྱེད། DR. Anjali Sharma ལགས། སྨན་རྩིས་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་དབུ་བཞུགས་ཐོག་ས་གནས་ཀྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་འགོ་ལས་རྣམས་དང་། ཀུན་ཕན་ཚོགས་པའི་འགོ་ལས། ས་གནས་ཀྱི་གནད་ཡོད་མི་སྣ་ཁག། གསར་འགོད་པ་བཅས་ལྷན་འཛོམས་གནང་ཡོད།


མཛད་གཙོ་རྣམ་པ་བཞི་གསུང་བཤད་གནང་བ་ཟད། ལྷག་པར་སྨན་རྩིས་ཁང་དང་། ཅོང་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཞིབ་འཇུག་ཁང་། ཨཱཡུཥ་ལྷན་ཁང་གི་རྒྱལ་ཡོངས་སྨན་གྱི་སྐྱེ་དངོས་ལྷན་ཚོགས་ཀྱི་བྱང་ཕྱོགས་ས་ཁུལ་བཅས་རྣམ་པ་གསུམ་པོས་ས་མཐོའི་སྔོ་སྨན་འདེབས་ལས་དང་། སྲུང་སྐྱོབ་སོགས་སོ་སོའི་ལྟེ་གནས་ཀྱིས་སྔོ་སྨན་དང་འབྲེལ་བའི་ལས་གཞི་ཁག་གི་ངོ་སྤྲོད་སྤྱན་བསྟར་ཞུས།


མཛད་སྒོའི་དམིགས་ཡུལ་གཙོ་བོ་དེ་རང་བཙན་གྱི་བདུད་རྩིའི་དགའ་སྟོན་ཆེན་མོ། ཁྱེད་ཀྱི་སྒོ་དྲུང་དུ་ཨཱཡུཥ་ཞེས་པའི་མིང་བྱང་འོག་ས་གནས་མི་མང་ལ་སྔོ་སྨན་མྱུ་གུ་བགོ་འགྲེམས་ཞུ་རྒྱུ་དེ་ཡིན། སྤྱིར་ལོ་འཁོར་མོའི་ནང་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ སོང་བར་མཚོན་བྱེད་སྔོ་སྨན་མྱུ་གུ་འབུམ་ ༧༥ བགོ་འགྲེམས་ཞུ་རྒྱུའི་འཆར་གཞི་སྒྲིག་ཡོད་པར་གསུངས་པ་དང་། ད་རེས་ཀྱི་བགོ་འགྲེམས་ཞུས་པའི་སྔོ་སྨན་ཁོངས་སུ་ Ginkpo biolopa, Tulsi, Shatavari:ཉེ་ཤིང་དང་། Ashwagandha:ཚེའི་རིག་བྱེད་ཀྱི་བ་སྤྲུ་བཅས་ཡོད་ལ། ཁྱོན་བསྡོམས་སྔོ་སྨན་མྱུ་གུ་ ༡༡༣ བགོ་འགྲེམས་ཞུས་གནང་སོང་།


མཐའ་མའི་འདོན་ཐེངས་།: 04.09.2021 ཉིན། 12:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།