སྨན་རྩིས་དྲ་བ། - མདུན་ངོས།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2014
མདུན་ངོས། >>


ཡན་ལག་སྨན་ཁང་གསར་པ་ཞིག་རྒྱ་གར་ལྷོ་ཕྱོགས་སུ་གསར་འཛུགས་ཞུས།

 

ཕྱི་ལོ་༢༠༡༤ ཟླ་བ་༡༡ ཚེས་༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་ཁྱབ་ཁོངས་ཀ་ལ་བུ་ར་གི་(Kalaburagi) ཞེས་བྱ་བའི་གྲོང་ཁྱེར་དུ་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་པ་ཞིག་དབུ་འབྱེད་ཞུས་ཡོད།

སྨན་ཁང་དབུ་འབྱེད་མཛད་སྒོར་སྨན་ཁང་གི་སྦྱིན་བདག་སྐུ་ཞབས་ཨལམ་པྲབྷྰུ་(Alam Prabhu) དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཇིན་ཕུ་རི་བཀྲིས་ཚེ་རིང་མཆོག ལྷོ་སྨན་འགན་འཛིན་དོན་གྲུབ་དཔལ་ལྡན། སྨན་ཁང་གི་འགན་འཛིན་སྨན་པ་བསྟན་འཛིན་ཆོས་སྒྲུབ་ལགས་དང་། སྨན་པ་ལྷག་པ་ཕན་ཐོགས་ལགས། དེ་བཞིན་ས་གནས་སྨན་རྩིས་ཁང་གི་ལས་བྱེད་རྣམས་མཉམ་འཛོམས་བྱས་པའི་ཐོག གདན་ཞུས་དགེ་འདུན་རྣམས་ནས་སྨན་ཁང་ལ་རྒྱ་ཆེའི་རབ་གནས་གནང་སྟེ། བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཨང་༥༥ དེ་གསར་དུ་དབུ་འབྱེད་གནང་ཡོད།

སྨན་ཁང་དབུ་འབྱེད་ཀྱི་ཉིན་གཅིག་སྔོན་ཡན་ལག་སྨན་ཁང་གསར་འཛུགས་བྱ་རྒྱུའི་རྒྱ་ཆེའི་གསར་འགོད་གསལ་བསྒྲགས་སྤེལ་བ་མ་ཟད། གསར་འགོད་པའི་དྲི་བར་ཁ་གསལ་ལན་འདེབས་ཞུས་ཡོད།

སྨན་ཁང་དེ་བཞིན་སྐུ་ཞབས་ཨལམ་པྲབྷྰུ་མཆོག་ནས་རང་གི་བུ་འདས་པོ་ཨལམ་ཀྷུ་བ་(Alam Khuba) གང་གི་དྲན་རྟེན་ཆེད་གསར་བཙུགས་ཞུས་ཏེ། སྨན་ཁང་དང་རྒྱུན་མཁོའི་ཡོ་ཆས་སོགས་རིན་མེད་ཐོག་ནར་མར་གཏོང་གནང་གི་ཡོད་པ་མ་ཟད། ལས་ཤག་ཚད་ལྡན་གཉིས་ལོ་གཉིས་རིང་ཁང་གླ་མེད་པར་གནང་ཡོད།

སྨན་ཁང་གི་གནས་ཡུལ་གྲོང་ཁྱེར་དེ་ཀར་ན་ཀྲ་ཀ་མངའ་སྡེའི་བྱང་ཕྱོགས་སུ་གནས་ཡོད་པ་དང་། དེ་སྔོན་གྲོང་ཁྱེར་དེའི་མིང་ལ་གུལ་བྷར་ག་(Gulbarga) ཞེས་འབོད་ཀྱི་ཡོད་ཀྱང་ཉེ་ལམ་མངའ་སྡེ་གཞུང་ནས་ཀ་ལ་བུ་ར་གི་(Kalaburagi) ཞེས་མིང་གསར་པ་གནང་འདུག


སྨན་ཁང་གི་རྣམ་པ་དང་ཁ་བྱང་།
 
སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཞན་གྱི་ཁ་བྱང་དང་འདྲ་དཔར། 

མཐའ་མའི་འདོན་ཐེངས་།: 23.12.2014 ཉིན། 3:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།