སྨན་རྩིས་དྲ་བ། - མདུན་ངོས།

འཇམ་དཔྱད་ལག་ལེན་སློབ་ཁྲིད་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.07.2023
མདུན་ངོས། >>


འཇམ་དཔྱད་ལག་ལེན་སློབ་ཁྲིད་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཟླ་ ༥ ཚེས་ ༡༥ བར་ཟླ་གཅིག་དང་ཕྱེད་ཀའི་རིང་སྐུ་བཅར་སྨན་པ་འཇིགས་མེད་དགེ་འདུན་ལགས་ཀྱིས་སྐབས་ ༢༠ སྨན་པ་ཉེར་གཅིག་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་འཇམ་དཔྱད་ཁོངས་སུ་དུགས་དང་བྱུག་པ་གཉིས་ཀྱི་ལག་ལེན་སློབ་ཁྲིད་དང་རྒྱུགས་སྤྲོད་རྗེས་ལག་འཁྱེར་གསོལ་བསྩལ་གནང་ཡོད།

ད་ཐེངས་སྤྱི་ཁྱབ་འགན་འཛིན་མཆོག་གི་དམིགས་བསལ་དགོངས་གཞི་དང་ལམ་སྟོན་ལྟར། སྐབས་ ༢༠ སྨན་པ་གྲངས་ཉེར་གཅིག་རྣམས་ལ་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༩་༣༠ ཐོག་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྤྱི་ཁྱབ་འགན་འཛིན་མཆོག་དང་། འཇམ་དཔྱད་སློབ་ཁྲིད་པ་སྐུ་བཅར་སྨན་པ་འཇིགས་མེད་དགེ་འདུན་ལགས། དེ་བཞིན་སྐམ་ཁབ་སློབ་ཁྲིད་པ་སྨན་རམས་པ་བསོད་ནམས་རྡོ་རྗེ་ལགས་ཀྱི་གཙོས་འབྲེལ་ཡོད་ལས་བྱེད་རྣམས་ལྷན་འཛོམས་ཐོག་ཟབ་སྦྱོང་དབུ་འཛུགས་མཛད་སྒོ་ཞིག་བསྐྱངས་གནང་། དེ་དུས་སྤྱི་ཁྱབ་འགན་འཛིན་མཆོག་ནས་སྨན་པ་གསར་པ་རྣམས་ལ་ཟབ་སྦྱོང་འདིར་དོ་ནན་དགོས་པའི་ལམ་སྟོན་གསུང་བཤད་གནང་གྲུབ་རྗེས་འཇམ་དཔྱད་སློབ་ཁྲིད་འགོ་འཛུགས་ཞུས།

དེ་ཡང་ཟླ་གཅིག་དང་ཕྱེད་ཀའི་རིང་གི་མཛད་རིམ་བསྒྲིགས་པ་བཞིན། བོད་ཀྱི་གསོ་བ་རིག་པའི་བྱུག་པ་དང་དུགས་ཀྱི་ལག་ལེན་གཉིས་ཀྱི་གཞུང་བཤད་སློབ་ཁྲིད་དང་། ལག་ལེན་དམར་ཁྲིད་གནང་རྗེས་སློབ་ཕྲུག་རྣམས་རེ་རེ་བཞིན་དཔྱད་བཅོས་དེ་གཉིས་ཀྱི་ཚོད་ལྟའི་ལག་ལེན་རྒྱུགས་སྤྲོད་དང་། དེ་ནས་དངོས་གཞིའི་ལག་ལེན་རྒྱུགས་སྤྲོད་བླངས་ཡོད། དེ་ལྟར་སྨན་པ་གསར་པ་རྣམས་ནས་བློ་རིག་སྒྲིམ་སྟེ་དོ་སྣང་ཆེན་པོས་ཟབ་སྦྱོང་ལ་ཉམས་ཞུགས་གནང་བས་བུམ་པ་གང་བྱོའི་ཚུལ་དུ་དུགས་དང་བྱུག་པའི་ལག་ལེན་རྣམས་གདེང་འཁེལ་བ་ཤེས་ཐུབ་ཡོད་པས་སྐབས་ ༢༠ སྨན་པ་ཉེར་གཅིག་ལ་འགྲོ་ཕན་སྨན་རྩིས་ཁང་ནས་འཇམ་དཔྱད་ལག་འཁྱེར་བསྩལ་གནང་ཡོད།










མཐའ་མའི་འདོན་ཐེངས་།: 26.07.2023 ཉིན། 9:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།