ཞབས་ལོ་༣༠/༢༠སོན་པ་ཁག་ལ་ཆེ་བསྟོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.04.2019 |
ཞབས་ལོ་༣༠/༢༠སོན་པ་ཁག་ལ་ཆེ་བསྟོད་གནང་།
ཞབས་ལོ་ ༣༠ ལོན་པའི་ལས་བྱེད་ཁག་གི་ངོ་སྤྲོད་སྙིང་བསྡུས།
སྐུ་བཅར་སྨན་པ་བསྟན་འཛིན་ལྷ་སྒྲོན་ལགས།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ། ༡༩༨༨/༠༣/༠༡ ནས་མ་ན་ལི་ཡན་ལག་སྨན་ཁང་གི་སྨན་པ་དང་། ལོ་གཅིག་རྗེས་མ་ན་ལི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་བཞག་བསྩལ། ༢༠༠༢/༠༨/༠༡ ཉིན་ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༤/༠༨/༠༡ ནས་དབུས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༥/༡༢/༢༢ ཉིན་སྐུའི་འཕྲོད་བཞེས་ཀྱི་སྐུ་བཅར་སྨན་པའི་ལས་གནས་སུ་བསྐོ་བཞག་བསྩལ། ༢༠༠༨/༡༢/༠༡ ཉིན་དབུས་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་པའི་ལས་འགན་དུ་བསྐོ་བཞག་བསྩལ། ༢༠༡༡/༡༠/༡༡ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༡༩༩༩/༠༤/༠༡ ནས་སྨན་རམས་པ་ཆུང་བ་དང་། ༢༠༠༩/༠༤/༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ལྷག་པར་བཙན་བྱོལ་དུ་བོད་ཀྱི་ལོ་རྒྱུས་ཐོག་སྨན་གཞུང་རྒྱུད་གསུམ་ཆ་ལག་དང་བཅས་པ་ངག་རྒྱུགས་ཕུལ་མཁན་བུད་མེད་ཐོག་མ་ཞིག་ཆགས་ཡོད། ལས་ཡུན་རིང་སྨན་རྩིས་ཁང་གི་སྨན་སློབ་དང་སྨན་པ་མི་ཉུང་བར་སྨན་དཔྱད་ཉམས་གསོག་སློབ་སྟོན་དང་གཞུང་བཤད་སློབ་འཁྲིད་གནང་ཡོད། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ Norway, Sweden, Swiss, France, Japan, USA བཅས་སུ་སྨན་སྐོར་དང་། གཏམ་བཤད། འགྲེམས་སྟོན་གནང་བར་ཕེབས་ཡོད། ད་ལྟའི་འཆར་རྡ་སྟེང་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པ་དང་སྐུ་བཅར་སྨན་པའི་ལས་འགན་ཞུ་མུས་བཅས།
སྨན་རམས་པ་བློ་བཟང་ཆོས་འབྱོར། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༨༨/༠༣/༠༡ ནས་ཐོག་མར་མོན་གྷོ་འདོད་རྒུ་གླིང་སྨན་རྩིས་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ཟླ་ ༧ ཚེས་ ༡༨ ཉིན་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཡན་ལག་སྨན་ཁང་གི་སྨན་པ་དང་། རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ༡༩༩༣/༠༣/༠༡ ནས་བལ་ཡུལ་རྒྱལ་སར་ཆ་ཏ་སྤ་ཀྲི་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༡༩༩༨/༠༥/༠༡ ནས་སླར་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་དུ་དེ་གའི་ཡན་ལག་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༤/༠༩/༢༥ ཉིན་ར་ཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༩/༠༥/༣༠ ཉིན་དབུས་སྨན་རྩིས་ཁང་གི་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ་ཏེ་ཟླ་ ༠༧ ཚེས་ ༠༡ ཉིན་སྡེ་ཚན་གྱི་འགན་འཛིན་སྨན་པར་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༡༩༩༩/༠༤/༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་དང་། ༢༠༠༩/༠༤/༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ། Moscow དང་། Kazakhsthan དུ་སྨན་སྐོར་དང་བོད་སྨན་སྐོར་གཏམ་བཤད་གནང་ཡོད། མཐའ་མཚམས་ཀྱི་ཡུལ་ལུང་གློ་ཚེ་རོགས་དང་ཡང་ལེ་ཤོད་དུ་སྨན་སྐོར་བསྐྱངས་ཏེ་མི་མང་འདུ་འཛོམས་སུ་འཕྲོད་བསྟེན་དང་ཟས་སྤྱོད་སྤང་བླང་སྐོར་གཏམ་བཤད་གནང་ཡོད། སྨན་རྩིས་ཁང་གི་སློབ་མ་མི་ཉུང་བར་ཉམས་གསོག་སློབ་འཁྲིད་དང་། ཅོན་ཏ་ར་གསོ་བ་རིག་པའི་ལས་གཞི་སྐབས་ཧི་མ་ལ་ཡའི་སྨན་པ་རྣམས་ལ་གསོ་རིག་ཐོན་རྫས་བཟོ་བསྐྲུན་སྐོར་ཟབ་ཁྲིད་གནང་ཡོད། ཕྱི་ལོ་ ༢༠༠༩ ནས་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་མིའང་གནང་བཞིན་པ་བཅས།
སྨན་རམས་པ་འབྲིང་བ་བསྟན་འཛིན་བདེ་འབྱེད། ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་པ་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༨༨/༠༣/༠༡ ནས་སྨན་སྦྱོར་ཁང་དུ་སྨན་པའི་ལས་འཁུར་ཞུས། ༡༩༩༢/༠༥/༠༡ ནས་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ༡༩༩༦/༠༩/༠༡ ནས་ཡུ་རོབ་ཁུལ་དུ་གྲུམ་བུའི་ཉམས་ཞིབ་དང་འབྲེལ་ Holland སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་འབྱེད་དང་བསྟུན་དེ་གའི་སྨན་པའི་ལས་འཁུར་ཞུས། ༡༩༩༩/༠༥/༠༡ ནས་ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༦/༠༤/༠༡ ནས་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་དུ་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༡༩༩༩/༠༤/༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་་དང་། ༢༠༠༩/༠༤/༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ༢༠༡༤/༠༤ ནས་ ༢༠༡༦/༠༨ བར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་བཞི་པའི་ཚོགས་མིའི་ལས་འཁུར་ཧུར་བསྐྱེད་ཞུས། སྨན་རྩིས་ཁང་ནས་མཐར་སོན་པའི་སྨན་སློབ་མང་དག་ཅིག་ལ་ལག་ལེན་དམར་ཁྲིད་ཀྱི་ཉམས་གསོག་སློབ་འཁྲིད་ཀྱང་གནང་ཡོད་པ་བཅས།
སྨན་རམས་པ་བསྟན་འཛིན་ནོར་བུ། ལྡི་ལི་རོ་ཧི་ནི་ཡན་ལག་སྨན་པ་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༨༨/༠༣/༠༡ ནས་ཐོག་མར་འབུམ་སྡེ་ལ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ༡༩༩༣/༠༧/༡༥ ནས་ས་ལུ་སྒ་ར་དང་། ༡༩༩༤/༡༠/༡༠ ནས་ཤི་ལོང་ཡན་ལག་སྨན་ཁང་བཅས་སུ་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༡༩༩༩/༠༤/༡༥ ནས་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་དུ་བསྐོ་བཞག་བསྩལ། ༢༠༠༢/༠༦/༢༥ ཉིན་ས་ལུ་སྒ་ར་སྨན་རྩིས་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༡༠ ལོར་བྱང་ཤར་ཁུལ་གྱི་ཡན་ལག་སྨན་ཁང་ཁག་ཏུ་སྐོར་བསྐྱོད་ཕེབས་ཡོད། ༢༠༡༤/༠༤/༠༡ ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༡༤/༠༥/༢༦ ཉིན་ལྡི་ལི་རོ་ཧི་ནི་ཡན་ལག་སྨན་ཁང་གསར་པའི་འགན་འཛིན་སྨན་པའི་ལས་འགན་ཐོག་གནས་སྤོས་བསྩལ། ལས་ཡུན་རིང་རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་༡༩༩༩/༠༤/༠༡ ནས་སྨན་རམས་པ་ཆུང་བ་དང་། ༢༠༡༢/༠༤/༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། སྨན་རྩིས་ཁང་གི་སློབ་ཐོན་སྨན་པ་མི་ཉུང་བར་ཉམས་གསོག་སློབ་འཁྲིད་གནང་བ་དང་། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ Norway, London བཅས་སུ་བོད་ལུགས་གསོ་རིག་སྒོ་ནས་བརྟག་དཔྱད་སྨན་བཅོས་དང་། ནོར་ཝེ་མཐོ་སློབ་ཅིག་ཏུ་སེར་ཁབ་བཅོས་ཐབས་དང་དེའི་ཕན་ཡོན་སྐོར་གཏམ་བཤད་གནང་ཡོད་པ་བཅས།
བདེ་སྐྱིད་སྒྲོལ་དཀར། སྨན་མཛོད་སྨན་སྤྲོད།
ཁོང་ ༡༩༩༨/༠༩/༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ཨག་གླིང་ཡན་ལག་སྨན་ཁང་གི་རྩིས་པ་དང་། ༡༩༩༠/༡༠/༠༡ ཉིན་ཅོག་ལམ་སར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ༡༩༩༣/༠༤/༡༥ ཉིན་སླར་ཨག་གླིང་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ༡༩༩༧/༠༤/༠༡ ཉིན་ཨག་གླིང་ཡན་ལག་སྨན་ཁང་ཅོག་ལམ་སར་ཡན་ལག་སྨན་ཁང་དུ་ཟླ་སྒྲིལ་བཏང་བ་དང་བསྟུན་ཅོག་ལམ་སར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ༢༠༠༣/༠༥/༠༡ ཉིན་ནས་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་བླངས། ༢༠༠༧/༠༤/༠༡ ཉིན་ནས་སྨན་སྤྲོད་པའི་ལས་འགན་གནང་། ༢༠༡༢/༠༨/༠༡ ཉིན་དབུས་སྨན་མཛོད་དང་སྨན་ཚོད་སྡེ་ཚན་དུ་སྨན་སྤྲོད་པའི་ལས་འགན་ཐོག་གནས་སྤོས་བསྩལ་བ་བཅས།
རིག་འཛིན་སྒྲོལ་མ། སྒང་ཏོག་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
ཁོང་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ ༡༩༨༨/༡༠/༡༠ ནས་ཐོག་མར་སྒང་ཏོག་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་འཁུར་ཞུས། ༡༩༩༦/༡༢/༣༡ ཉིན་དབུས་སྨན་མཛོད་སྡེ་ཚན་དུ་གར་དགོས་ཀྱི་ལས་གནས་སུ་བཀོད་སྒྲིག་བྱས། ༡༩༩༧/༠༥/༠༡ ནས་སྦིར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་བཀོད་དང་། ༢༠༠༢/༡༢/༡༠ ནས་ཇའི་སྒང་ཡན་ལག་ཏུ་གནས་སྤོས་བསྩལ། ༢༠༠༣/༠༦/༡༥ ཉིན་ས་ལུ་སྒ་ར་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༩/༠༣/༠༩ ནས་ཇའི་སྒང་ཡན་ལག་ཏུ་སྨན་རྩིས་ལས་སྣེ་བ་དང་། ༢༠༡༠/༠༦/༢༥ ཉིན་སྒང་ཏོག་ཡན་ལག་སྨན་ཁང་དུ་གནས་སྤོས་བསྩལ་བ་བཅས།
དཔལ་འབྱོར། སྨན་སྦྱོར་ཁང་གི་ཟོག་གཉེར་བ།
ཁོང་ ༡༩༨༨/༡༡/༠༧ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་སྨན་སྦྱོར་ཁང་གི་ལས་བྱེད་ཁོངས་སུ་ལས་བཀོད་དང་། ༡༩༩༧/༠༤/༠༡ ནས་སྨན་རྩིས་ཁང་གི་སྤྱི་ཐབ་གཉེར་བའི་ལས་འཁུར་ཞུས། ༢༠༠༥/༡༠/༢༥ ཉིན་སླར་སྨན་སྦྱོར་ཁང་དུ་ཟོག་གཉེར་གྱི་ལས་འཁུར་བླངས། འཛིན་ཆས་བདག་ཉར་ཙམ་མ་ཟད། འཚེམ་བུ་རྒྱག་རྒྱུ་སོགས་ལས་རིགས་འདྲ་མིན་ཐོག་དང་ལེན་གནང་ཡོད། ལས་ཡུན་རིང་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཚོགས་ཆུང་སྐབས་དང་པོ་དང་། བཞི་པ་གཉིས་ཀྱི་ལས་འཁུར་འཐུས་གཙང་གནང་།
སྨན་རམས་པ་འཇམ་དབྱངས་བཀྲ་ཤིས། སྨན་སྦྱོར་ཁང་གི་སྨན་པ་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༨༩/༠༣/༠༡ ནས་སྨན་སྦྱོར་ཁང་གི་སྨན་པའི་ལས་འཁུར་ཞུས། སྨན་སྦྱོར་ཁང་གི་སྨན་པ་འགན་འཛིན་བསྟན་འཛིན་རྣམ་རྒྱལ་མཆོག་དང་། བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་རྣམ་གཉིས་དང་། སྐུ་བཅར་སྨན་པ་རྣམ་རྒྱལ་ཚེ་རིང་བཅས་ནས་དངུལ་ཆུ་བཙོ་ཐལ་གྱི་ལག་ལེན་དང་། རིན་ཆེན་རིལ་བུའི་སྦྱོར་བཟོ། སྨན་རྫས་ཁག་གི་དུག་འདོན་གཡའ་ཕྱིས་དང་སྡེབ་སྦྱོར་ལག་ལེན་གྱི་ཆ་ལག་ཡོངས་རྫོགས་གསན་བསམ་མྱོང་ཚོར་མཐར་ཕྱིན་པར་བརྟེན་ ༢༠༠༡/༠༤/༠༡ ནས་སྨན་སྦྱོར་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་བསྩལ། སྨན་སྦྱོར་ཁང་གི་དགོས་མཁོ་ལྟར་སྨན་རྒྱུ་མཁོ་བསྒྲུབ་དང་། སྨན་རྩིས་སློབ་མ་རྣམས་ལ་སྔོ་སྨན་ངོ་སྤྲོད་ཀྱི་སློབ་འཁྲིད་འགན་འཁུར་ཞུས། ༡༩༩༨/༠༥/༡༨ ནས་ཟླ་གསུམ་རིང་ཉི་ཧོང་དུ་དེང་དུས་རིག་གསར་ཐོག་སྔོ་སྨན་བརྟག་དཔྱད་དང་སྤུས་ཚད་དབྱེ་ཞིབ་ཀྱི་ཟབ་སྦྱོང་དུ་བསྐྱོད། ༢༠༠༧/༠༧/༡༣ ནས་སྨན་སྦྱོར་ཁང་གི་འགན་འཛིན་དུ་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༢༠༠༠/༠༤/༠༡ ནས་སྨན་རམས་པ་ཆུང་བ་དང་། ༢༠༠༩/༠༤/༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། ༢༠༡༧/༠༤/༠༡ ནས་ཅོན་ཏ་རར་སྨན་སྦྱོང་ཁང་རྒྱ་བསྐྱེད་ཐོག་སྨན་སྣེ་གྲངས་ ༦༠ བཟོ་སྐྲུན་ལས་དོན་བཙུགས་ཏེ་རྡ་ས་དང་ཅོན་ཏ་ར་སྨན་སྦྱོར་ཁང་གཉིས་ཀྱི་འགན་འཁུར་བཞེས་མུས་བཅས།
སྨན་རམས་པ་ཀུན་བཟང་སྒྲོལ་མ། ར་ཇི་པུར་ཡན་ལག་སྨན་པ་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༨༩/༠༣/༠༡ ཉིན་མན་སྤར་ཡན་ལག་སྨན་ཁང་གསར་པའི་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། ༡༩༩༨/༠༥/༡༠ ཉིན་ཌལ་ཧོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། དེ་དུས་དགུན་ཁ་གནས་མཆོག་རྡོ་རྗེ་གདན་དུ་བརྟག་དཔྱད་སྨན་སྐོར་བསྐྱངས་པ་དང་། ༢༠༡༡/༠༤/༠༡ ཉིན་ར་ཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། དེ་དུས་མ་སུ་རིར་ཟླ་རེ་ཐེངས་གཉིས་བརྟག་དཔྱད་སྨན་སྐོར་བསྐྱོད་པ་དང་། ༢༠༠༦ ལོར་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ Kazakhstan དུ་བརྟག་དཔྱད་སྨན་སྐོར་དུ་བསྐྱོད། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༡༩༩༩/༠༤/༠༡ ནས་སྨན་རམས་པ་ཆུང་བ་དང་། ༢༠༠༩/༠༤/༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། སྨན་རྩིས་ཁང་གི་སྨན་སློབ་མི་ཉུང་བར་ཉམས་གསོག་སློབ་འཁྲིད་གནང་བ་བཅས།
རྩིས་རམས་པ་དཀོན་མཆོག་བསྟན་འཛིན། སྨན་རྩིས་མཐོ་སློབ་ཁང་གི་རྩིས་དགེ།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༨༩/༠༣/༠༡ ཉིན་སྐར་རྩིས་པའི་ལས་འཁུར་ཞུས། ༢༠༠༣/༠༤/༠༡ ཉིན་སྨན་རྩིས་མཐོ་སློབ་ཁང་གི་སྐར་རྩིས་དགེ་རྒན་དུ་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༢༠༠༠/༠༤/༠༡ ཉིན་རྩིས་རམས་པ་ཆུང་བ་དང་། ༢༠༠༩/༠༤/༠༡ ཉིན་རྩིས་རམས་པ་འབྲིང་བའི་མཚན་གནས་བསྩལ། ལས་ཡུན་རིང་རྩིས་ཀྱི་སློབ་མ་རྣམས་ལ་སྒྱུ་སྐར་གྱི་བགྲོད་ཚུལ་དང་། གཟའ་སྐར་གྱི་རྒྱུ་བ་ངོ་སྤྲོད་ཆེད་རྒྱ་གར་གྱི་གྲོང་ཁྱེར་ཇེ་པུར་གྱི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་འཁྲིད་རྒྱུར་ཐུགས་འགན་བཞེས་པ་དང་། ༢༠༡༤/༠༤/༠༡ ནས་ ༢༠༡༦/༠༣/༣༡ བར་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་ཚོགས་མི་གནང་ཡོད་པ་བཅས།
ཞབས་ལོ་ ༢༠ ལོན་པའི་ལས་བྱེད་ཁག་གི་ངོ་སྤྲོད་སྙིང་བསྡུས།
ཟླ་བ་ལྷ་མོ། ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་རྩིས་ལས་སྣེ་བ།
ཁོང་ ༡༩༩༧/༠༡/༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་གནང་སྟེ་ཐོག་མར་ཀ་ཏ་ཡན་ལག་སྨན་ཁང་གི་རྩིས་པ་དང་སྨན་སྤྲོད་གར་དགོས་ཀྱི་ལས་འཁུར་བླངས། ༢༠༠༡/༡༠/༠༡ ཉིན་ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་བའི་ལས་འགན་ཐོག་གནས་སྤོས་བསྩལ། ༢༠༠༦/༡༠/༠༡ ཉིན་ཀ་ཏ་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་བའི་ལས་འགན་ཐོག་གནས་སྤོས་བསྩལ་བ་དང་། ༢༠༡༢/༠༣/༡༢ ཉིན་སླར་ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་ཐོག་གནས་སྤོས་བསྩལ་བ་བཅས།
སྐལ་བཟང་བདེ་ཆེན། དྲུང་ཆེ་ལས་རོགས།
ཁོང་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ ༡༩༩༧/༠༧/༠༡ ཉིན་སྨན་ཚོད་དང་སྨན་མཛོད་སྡེ་ཚན་ལས་དྲུང་གི་ལས་འཁུར་བླངས། སྐུའི་བླ་སྨན་དམ་པ་རྣམས་དང་། སྨན་པ་བགྲེས་པ་གཞན་དང་ནད་པའི་དབར་གསུང་སྒྱུར་གནང་བ་དང་། ཕྱི་ནང་ནད་པ་གཞན་གྱིས་འཕྲིན་ཡིག་བརྒྱུད་སྨན་བཅོས་ཞུས་པའི་ཐད་ལ་འབྲེལ་མཐུད་གནང་། ༢༠༠༩/༡༢/༠༡ ཉིན་སྨན་རྩིས་ཁང་གི་ཨིན་ཡིག་གསར་འཕྲིན་གྱི་རྩོམ་སྒྲིག་པའི་ལས་བཀོད་བྱུང་བ་ལྟར་གསར་འཕྲིན་རྩོམ་སྒྲིག་དང་། ཞུ་དག དཔར་བསྐྲུན་དང་འགྲེམས་སྤེལ་གྱི་འགན་འཁུར་བླངས། ༢༠༡༢/༡༠/༠༡ ཉིན་སྨན་རྩིས་ཁང་གི་འགན་འཛིན་གྱི་ཨིན་དྲུང་ལས་འགན་དུ་བསྐོ་བཞག་བསྩལ། ༢༠༡༤/༡༠/༡༠ ནས་སྨན་རྩིས་ཁང་གི་ཕྱི་བསྐྱོད་སྨན་སྐོར་རུ་ཁག་ནང་ཞུགས་ཏེ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ Argentina དང་། Chile དེ་བཞིན་ ༢༠༡༥/༠༡/༠༡ ཉིན་སྨན་རྩིས་ཁང་གི་དྲུང་ཆེ་ལས་རོགས་ཀྱི་ས་མིག་ཏུ་འདེམས་ཐོན་བྱུང་བ་ལྟར་ལས་འགན་བཞེས་མུས་ཡིན། ཕྱི་ལོ་ ༢༠༡༦ ནང་སྨན་རྩིས་ཁང་གི་ཕྱི་བསྐྱོད་སྨན་སྐོར་རུ་ཁག་ནང་ཞུགས་ཏེ་ཡུ་རོབ་རྒྱལ་ཁབ་ Germany, France, Swiss བཅས་སུ་བོད་སྨན་གྱིས་བརྟག་དཔྱད་སྨན་བཅོས་དང་། རྩིས་འབྲས་འདོན་སྤེལ། འགྲེམས་སྟོན་ཆེད་ཕེབས་ཡོད་པ་བཅས།
བུ་ཆུང་ཚེ་རིང་། སྨན་རྩིས་ཁང་གི་ལྷ་བྲིས་བ།
ཁོང་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ ༡༩༩༨/༠༡/༠༡ ཉིན་སྨན་རྩིས་ཁང་གི་སྐར་དཔྱད་རྩིས་རིག་སྡེ་ཚན་དུ་ལྷ་བྲིས་པའི་ལས་འགན་ཞུས། ༢༠༠༤/༠༥/༠༡ ཉིན་སྨན་རྫས་ཉམས་ཞིབ་སྡེ་ཚན་དུ་གནས་སྤོས་བསྩལ། སྡེ་ཚན་དུ་ལྷ་སྐུ་བྲིས་རྒྱུ་དང་། སྨན་ཐང་བཞེང་རྒྱུ། སྨན་རྩིས་ཁང་གི་ལོ་ཐོའི་སྐུ་དཔར་བཞེང་རྒྱུ་དང་། འགྲེམས་སྟོན་ཁང་རྒྱ་བསྐྱེད། དངོས་ཐང་འགྲེམས་ཤོམ་བྱེད་རྒྱུའི་ལས་འགན་འཁུར་ཡོད། ལས་ཡུན་རིང་ལྡི་ལི་རུ་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་དཔར་བསྐྲུན་ཞུ་རྒྱུ་དང་། ལ་དྭགས་རིག་གཞུང་བསྟི་གནས་ཁང་གསར་བཞེངས་སྐབས་སྲོལ་རྒྱུན་ཁང་མཚོན་བཏང་བར་བསྐྱོད་ཡོད་པ་བཅས།
སྨན་རམས་པ་བློ་བཟང་བཟོད་པ། ཌལ་ཧོར་ཡན་ལག་སྨན་པ་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༩༨/༠༢/༠༡ ཉིན་སྨན་སྦྱོར་ཁང་གི་སྨན་པའི་ལས་འཁུར་ཞུས། ཟླ་གྲངས་གཉིས་རྗེས་དྭང་སློབ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༡༩༩༩/༠༥/༠༡ ཉིན་ཤར་ཁུམ་བུ་སྨན་པ་དང་སྨན་རྒྱུ་མཁོ་སྒྲུབ་ཀྱི་ལས་གནས་ཐོག་ཕེབས་པ་དང་། ༡༩༩༩/༡༠/༠༡ ཉིན་སྨན་སྦྱོར་ཁང་དུ་སྨན་རྒྱུ་མཁོ་སྒྲུབ་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༠/༠༥/༢༢ ཉིན་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་པ་དང་། དེ་ནས་ཟླ་ ༠༦ ཚེས་ ༡༥ ཉིན་ར་ཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༣/༡༡/༠༡ ཉིན་ཨི་ཀྲ་ན་གར་ཡན་ལག་སྨན་ཁང་གསར་པའི་འགན་འཛིན་དུ་གནས་སྤོས་བསྩལ། ༢༠༠༤/༠༧/༡༥ ཉིན་སྨན་སྦྱོར་ཁང་དུ་གནས་སྤོས་བསྩལ། དེའི་སྐབས་ཁོང་སྲིན་སྦྱོངས་ཆེད་ཀྱི་སྲིན་སྦྱོངས་རིལ་བུ་གསར་བཟོ་གནང་། ༢༠༡༡/༡༡/༡༠ ཉིན་ས་ལུ་སྒ་ར་ཡན་ལག་ཏུ་སྨན་སྦྱོར་ཁང་གི་སྨན་རྒྱུ་མཁོ་སྒྲུབ་པའི་ལས་འགན་ཐོག་གནས་སྤོས་བསྩལ། ༢༠༡༣/༠༧/༠༡ ཉིན་སྨན་རྩིས་མཐོ་སློབ་ཏུ་སྨན་དགེའི་ལས་འགན་དུ་གནས་སྤོས་བསྩལ། ཞོར་དུ་སློབ་ཁང་ནང་སྨན་སྦྱོར་ལག་ལེན་དངོས་སུ་མྱོང་འཁྲིད་བྱས་ཡོད། ༢༠༡༧/༠༢/༢༨ ཉིན་ཏ་པོ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་ཏུ་གནས་སྤོས་བསྩལ། ༢༠༡༨/༠༤/༠༡ ཉིན་ཌལ་ཧོར་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༢༠༠༩/༠༤/༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ Mongolia, Kazakhstan, Russia བཅས་སུ་བརྟག་དཔྱད་སྨན་བཅོས་དང་བོད་སྨན་སྐོར་གཏམ་བཤད་གནང་བར་བསྐྱོད་ཡོད། ལྷག་པར་བོད་སྨན་སྐོར་དཔྱད་རྩོམ་འདྲ་མིན་དང་། སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཀྱི་མཆན་འབྲེལ་སོགས་རྩོམ་སྒྲིག་གནང་ཡོད། རྡོར་གདན་དུ་དགུན་དུས་རིང་དང་། དཔལ་དུས་ཀྱི་བཀའ་དབང་རིང་ཆོས་ཞུ་བའི་འཕྲོད་བསྟེན་སྨན་བཅོས་ཀྱི་སྨན་སྐོར་འགན་འཁུར་དང་ཉམས་ཞུགས་གནང་མྱོང་ཡོད་པ་བཅས།
བསྟན་འཛིན་ཆོས་སྒྲོན། འབུམ་སྡེ་ལ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༩༨/༠༦/༡༤ ཉིན་ཇི་སི་པ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ༢༠༠༢/༠༦/༡༥ ཉིན་ར་སྦང་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༣/༠༥/༠༥ ཉིན་ཀ་སྦུག་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༥/༡༠/༣༠ ཉིན་སྒང་ཏོག་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༩/༠༥/༡༠ ཉིན་མོན་གྷོ་གཞིས་སྒར་ ༦ པའི་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༡༤/༠༤/༠༡ ཉིན་དོན་གྲུབ་གླིང་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༡༥/༠༤/༠༡ ཉིན་མན་སྤར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་དང་། ༢༠༡༦/༡༠/༠༡ ཉིན་འབུམ་སྡེ་ལ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༢༠༠༤/༠༤/༠༡ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། མོན་གྷོ་དང་ཀ་སྦུག་ཏུ་སྨན་པ་གནང་རིང་ཉམས་གསོག་སྨན་པ་གཉིས་ལ་ལག་ལེན་མྱོང་འཁྲིད་གནང་ཡོད་པ་བཅས།
དབུ་རྒྱན་ཚེ་དབང་། ལྡི་ལི་ཕྱིར་ཚོང་ཁང་གི་འགན་འཛིན།
ཁོང་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ ༡༩༩༨/༡༠/༠༡ ཉིན་སྨན་རྩིས་ཁང་གི་ནང་ཞིབ་པའི་ལས་འགན་ཞུས། ༢༠༠༠/༠༨/༢༨ཉིན་ལྡི་ལི་ཕྱིར་ཚོང་ཁང་གི་རྩིས་པའི་ལས་འགན་ཐོག་གནས་སྤོས་བསྩལ། ༢༠༠༦/༠༦/༢༠ ཉིན་ལྡི་ལི་ཕྱིར་ཚོང་ཁང་གི་འགན་འཛིན་དུ་བསྐོ་བཞག་བསྩལ་བ་ནས་བཟུང་འགན་འཛིན་གྱི་ལས་འཁུར་གནང་མུས་དང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ནང་སྨན་རྩིས་ཁང་གི་ཕྱི་བསྐྱོད་སྨན་སྐོར་དང་འགྲེམས་སྟོན་བཅས་ཀྱི་འགན་འཁུར་བཞེས་ཏེ་ཕྱི་རྒྱལ་ཡུལ་གྲུ་ Germany, Denmark, Portugal, Spain, USA, Canada, Russia བཅས་སུ་བསྐྱོད་ཡོད། ལྡི་ལི་ནང་གོ་སྐབས་ནམ་ཐོབ་ལ་སྨན་རྩིས་ཁང་གི་འགྲེམས་སྟོན་བསྐྱངས་པ་དང་། ༧གོང་ས་མཆོག་གི་གསུང་ཆོས་སྐབས་དབང་། དེ་བཞིན་བོད་མིའི་སྒྲིག་འཛུགས་གཞན་དང་། ལྷག་པར་སྨན་རྩིས་ཁང་གི་གོ་སྒྲིག་ཞུས་པའི་ཚོགས་འདུ་བགྲོ་གླེང་གནང་སྐབས་སྨན་རྩིས་ཁང་གི་ལྡི་ལི་ཕྱིར་ཚོང་ངོ་བོར་ཐོན་རྫས་ཁྱབ་སྤེལ་དང་ཚོང་འགྲེམས་གནང་ཡོད་པ་བཅས།
བསོད་ནམས་སྟོབས་རྒྱལ། སྦེང་ལོར་སྨན་རྩིས་མཐོ་སློབ་ཀྱི་ལས་གཞིའི་འབྲེལ་མཐུད་པ།
ཁོང་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ ༡༩༩༨/༠༣/༢༡ ཉིན་ལ་དྭགས་སྨན་རྩིས་རིག་གཞུང་བསྟི་གནས་ཁང་གི་རྩིས་པའི་ལས་འཁུར་ཞུས། ༡༩༩༨/༡༠/༠༡ ཉིན་དབུས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༡/༠༥/༠༡ ཉིན་རྩིས་པ་དང་དངུལ་གཉེར་གཅིག་ལྕོགས་ཀྱི་ལས་འགན་བསྩལ། ༢༠༠༣/༠༡/༠༡ ཉིན་སྨན་སྦྱོར་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༣/༡༠/༠༡ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༡༢/༠༣/༡༥ ཉིན་སེ་ར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་དང་། ༢༠༡༣/༡༠/༠༡ ཉིན་སྦེང་ལོར་སྨན་རྩིས་མཐོ་སློབ་ཀྱི་ལས་གཞིའི་འབྲེལ་མཐུད་པ་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། སྦེང་ལོར་དུ་ལས་ཡུན་རིང་ལྷོ་ཁུལ་ཡན་ལག་ཁག་གི་ཚོང་ཁྲལ་དེབ་སྐྱེལ་ཞུ་རྒྱུའི་ལས་དོན་དང་། སྨན་རྩིས་མཐོ་སློབ་གསར་རྒྱག་གི་ལས་གཞིར་ས་གནས་གཞུང་གི་ཨ་ཡུ་ཤི་ལས་ཁུངས་ནས་རོགས་དངུལ་ཞུ་རྒྱུ་དང་། རྩིས་ཁྲ་འབུལ་རྒྱུ་བཅས་ཀྱི་ལས་དོན་རྣམས་འཐུས་གཙང་བསྒྲུབས་ཡོད་པ་བཅས།
ཚེ་རིང་དོན་གྲུབ། ལྡི་ལི་ཕྱིར་ཚོང་ཁང་གི་ཁ་ལོ་བ།
ཁོང་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ ༡༩༩༩/༠༡/༠༡ ཉིན་ལྡི་ལི་ཕྱིར་ཚོང་ཁང་གི་ཁ་ལོ་བའི་ལས་འགན་ཞུས། ༢༠༡༦/༠༧/༠༡ ཉིན་དབུས་སུ་སྨན་སྦྱོར་ཁང་གི་ཁ་ལོ་བའི་ལས་འགན་ཐོག་གནས་སྤོས་བསྩལ། ༢༠༡༧/༡༠/༠༡ ཉིན་སླར་ལྡི་ལི་ཕྱིར་ཚོང་ཁང་གི་ཁ་ལོ་བའི་ལས་འགན་ཐོག་གནས་སྤོས་བསྩལ། ལས་ཡུན་རིང་ལྡི་ལི་ཕྱིར་ཚོང་ཁང་དུ་སྣུམ་འཁོར་གཏོང་སྟེ་བསྐྱོད་མ་དགོས་པའི་རིང་དུ་ཐོན་རྫས་འཐུམ་རྒྱུ་དང་། འཚེམ་བུ་རྒྱག་རྒྱུ་བཅས་ཀྱི་ལས་དོན་ཅི་རིགས་བླངས་བཞིན་ཡོད་པ་བཅས།
རྩིས་རམས་པ་བསོད་ནམས་དཔལ་མོ། སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པ།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༩༩/༠༡/༡༥ ཉིན་སྐར་རྩིས་པའི་ལས་འཁུར་ཞུས། ༢༠༡༣/༠༣/༠༡ ཉིན་སྨན་རྩིས་མཐོ་སློབ་ཏུ་སྐར་རྩིས་པའི་དགེ་རྒན་གྱི་ལས་འགན་དུ་གནས་སྤོས་བསྩལ། ༢༠༡༧/༠༤/༠༡ ནས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པར་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༢༠༡༠/༠༤/༠༡ ནས་རྩིས་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ Argentina, Chile, Columbia ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ France, Switzerland, Germany བཅས་སུ་ཕྱི་བསྐྱོད་སྨན་སྐོར་རུ་ཁག་ནང་ཞུགས་ཏེ་རྩིས་འབྲས་འདོན་སྤེལ་དང་། རྩིས་གཞུང་སྐོར་ངོ་སྤྲོད་དང་གཏམ་བཤད་གནང་ཡོད། ༢༠༡༠ ལོར་ Spain བོད་ལུགས་གསོ་རྩིས་རིག་གཞུང་སྐོར་གྱི་ཚོགས་ཆེན་དུ་གདན་འབོད་ལྟར་བཅར་ཏེ་གཏམ་བཤད་གནང་ཡོད། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ ༣ དང་ ༦ པའི་སྐབས་སུ་གསུང་བཤད་གནང་ཡོད། ཕྱི་ལོ་ ༢༠༡༦ ནས་བཟུང་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་ཚོགས་མི་གནང་མུས་བཅས།
སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང་། སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པ།
ཁོང་སྨན་རྩིས་ཁང་དུ་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༩༩/༠༡/༡༥ ཉིན་སྨན་རྫས་ཉམས་ཞིབ་སྡེ་ཚན་དུ་སྨན་རྫས་ཉམས་ཞིབ་སྨན་པའི་ལས་འཁུར་ཞུས། ཧི་མཱ་ལ་ཡའི་རི་རྒྱུད་ལ་དྭགས། སྤི་ཏི། འབྲས་ལྗོངས། བལ་ཡུལ། རྒྱ་གར་ལྷོ་བྱང་སོགས་སྐྱེ་དངོས་སྨན་རྫས་ངོས་འཛིན། རོ་ནུས། སྐྱེ་དབྱིབས། སྐྱེ་གནས་ཐོག་ལ་ཉམས་ཞིབ་བྱས་པའི་གྲུབ་དོན་དུ། བོད་ཀྱི་གསོ་རིག་དང་། ཨ་ཡུར་ཝེ་དྷ། ཀྲུང་དབྱིའི་སྨན་གཞུང་ལས་བསྟན་པའི་སྐྱེ་དངོས་སྨན་རྫས་ཀྱི་དཔར་རིས་ལག་ལེན་གཅེས་བཏུས་ཞེས་པ་ཕྱག་དེབ་རྩོམ་སྒྲིག་དང་། ཕྱི་ལོ་ ༢༠༠༧ ལོར་ Israel སྔོ་སྨན་རྩ་སྟོང་འགྲོ་ལ་ཉེ་བ་རྣམས་ལ་ཉམས་ཞིབ་དང་དཔྱད་བསྡུར་བྱས་པའི་གྲུབ་དོན་དུ། (Cultivation and Conservation of Endangered Medicinal Plants) ཞེས་པའི་དེབ་རྩོམ་སྒྲིག་བྱས། ༢༠༡༡/༡༡/༠༦ ཉིན་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོ་བཞག་བསྩལ། སྨན་རྩིས་ཁང་དང་ Austria གྲོང་ཁྱེར་ Huttenberg གི་སྲིད་གཞུང་དབར་གཉིས་མོས་ཐོག་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞིག་དབུ་འཛུགས་ཞུས་པ་དེར་བོད་སྨན་ངོ་སྤྲོད་ཀྱིས་སྨན་དགེ་ཐོག་མ་དང་། སྔོན་འགྲོའི་སློབ་འཁྲིད་ཆེད་ཕྱི་ལོ་ ༢༠༠༨ ཟླ་ ༨ ནང་སྨན་དགེའི་ལས་འགན་དུ་ཟླ་གསུམ་བསྐྱོད་པ་དང་། དངོས་གཞི་སློབ་འཁྲིད་ཆེད་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ནང་སྨན་དགེའི་ལས་འགན་དུ་ཟླ་གསུམ་རིང་བསྐྱོད། ཕྱི་ལོ་ ༢༠༠༩ ལོར་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་འཇམ་དཔྱད་ཀྱི་ལག་ལེན་རྒྱུད་འཛིན་ཆེད་འཇམ་དཔྱད་ཁང་གསར་འཛུགས་དང་། འཇམ་དཔྱད་ཀྱི་སློབ་ཚན་ཕྱོགས་སྒྲིག་དང་། བོད་ཀྱི་གསོ་བ་རིག་པ་ལས་འཇམ་དཔྱད་དམར་ཁྲིད་ལག་ལེན་མྱོང་བསྡུས་ཞེས་པའི་དེབ་རྩོམ་སྒྲིག་བྱས། འཇམ་དཔྱད་པ་གསར་བསྐོས་བྱུང་བ་རྣམས་ལ་སློབ་འཁྲིད་ཀྱང་གནང་ཡོད། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ France, Germany ཡུལ་གྲུ་ཁག་ལ་བོད་སྨན་སྐོར་གཏམ་བཤད་དང་། བརྟག་དཔྱད་སྨན་བཅོས། འགྲེམས་སྟོན་བསྐྱངས་ཕྱིར་བསྐྱོད་ཡོད་པ་དང་། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་བགྱིས་པའི་གྲུབ་འབྲས་སུ་ ༢༠༡༠/༠༤/༠༡ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ༢༠༡༧/༠༦/༢༥ ཉིན་ཟླ་གཅིག་རིང་ France རྒྱལ་ཁབ་ཀྱི་ Alps ཞེས་པའི་རི་རྒྱུད་དུ་སྐྱེ་སྔོ་སྨན་རྫས་རྟོག་ཞིབ་ཆེད་བསྐྱོད་ཡོད་པ་བཅས།
བསྟན་འཛིན་སྙན་གྲགས། ལུས་སེམས་སྲོག་གི་སྡེ་ཚན་གྱི་རྩིས་རམས་པ།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ ༡༩༩༩/༠༡/༡༥ ཉིན་སྐར་རྩིས་པའི་ལས་འཁུར་ཞུས། ༢༠༠༡/༠༥/༡༥ ཉིན་གནས་ཚུལ་ཕྱོགས་སྒྲིག་དང་དཔར་སྐྲུན་སྡེ་ཚན་དུ་སྐར་རྩིས་པའི་ལས་འགན་ཐོག་གནས་སྤོས་བསྩལ། ༢༠༠༤/༠༥/༠༡ ཉིན་སྐར་རྩིས་ཉམས་ཞིབ་སྡེ་ཚན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༢༠༡༠/༠༤/༠༡ ཉིན་རྩིས་རམས་པ་ཆུང་བའི་མཚན་གནས་བསྩལ། ༢༠༡༣/༠༧/༠༡ ནས་ལུས་སེམས་སྲོག་གི་སྡེ་ཚན་དུ་སྐར་རྩིས་པའི་ལས་འགན་ཐོག་གནས་སྤོས་བསྩལ། སྐར་རྩིས་པའི་གཞུང་ལུགས་ལས་སྤྲོས་པའི་ལུས་སེམས་སྲོག་དང་འབྲེལ་བའི་སྐོར་གྱི་ཆེད་བརྗོད་ཁག་ཕྱོགས་སྒྲིག་ཞུས་པ་དང་། ལུས་སེམས་སྲོག་གི་བགྲེ་གློང་ཚོགས་འདུ་དང་། ཟབ་སྦྱོང་རྣམས་སུ་གཏམ་བཤད་གནང་ཡོད་པ་བཅས།
བསྟན་འཛིན་ཡེ་ཤེས། ས་ལུ་སྒ་ར་སྤོས་བཟོ་ཁང་གི་ཁ་ལོ་བ།
ཁོང་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ ༡༩༩༩/༠༡/༢༢ ཉིན་ཀ་སྦུག་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འགན་ཞུས། ༢༠༠༠/༠༤/༡༠ ཉིན་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འགན་དུ་གནས་སྤོས་བསྩལ། ༢༠༡༧/༡༠/༠༡ ཉིན་ས་ལུ་སྒ་ར་སྤོས་བཟོ་ཁང་གི་ཁ་ལོ་བར་གནས་སྤོས་བསྩལ། ལས་ཡུན་རིང་ས་ལུ་སྒ་ར་ནས་ཇའི་སྒང་དང་། མི་རིག་བཅས་སུ་སྨན་སྐོར་སྐབས་སྣུམ་འཁོར་བཏང་སྟེ་བསྐྱོད་པ་དང་། ཤར་ཁུལ་ཡན་ལག་སྨན་ཁང་ནས་དབུས་སུ་སྨན་རྒྱུ་བཏང་བའི་སྐབས་དང་། ས་ལུ་སྒ་ར་བརྒྱུད་བལ་ཡུལ་དུ་སྨན་བཏང་བ། སྨན་རྒྱུ་འོར་འདྲེན་གྱི་ལས་དོན་ཆེད་སྣུམ་འཁོར་བཏང་སྟེ་བསྐྱོད་པ་དང་། སྐབས་རེ་ལས་རོགས་ལྟ་བུ་བསྐྱོད་དེ་ལས་དོན་བཀོད་མངགས་ཇི་བྱས་ལ་དྭང་ལེན་ཞུས་ཡོད་པ་བཅས།
ནོར་བུ་བཟང་པོ། བྷན་རྡ་ར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
ཁོང་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ ༡༩༩༩/༠༤/༠༡ ཉིན་བྷན་རྡ་ར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་ཞུས། ལོ་དེའི་ཟླ་ ༩ ཚེས་ ༡ ནས་ཡན་ལག་དེ་གའི་རྩིས་པའི་ལས་འགན་བསྩལ། ༢༠༠༣/༠༡/༢༥ ཉིན་མན་སྤར་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ༢༠༠༣/༡༢/༠༡ ཉིན་བྷན་རྡ་ར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ལས་ཡུན་རྩིས་པའི་ལས་ཚབ་ཡང་གནང་ཡོད་པ་དང་། ས་ཁུལ་ཉེ་འདབས་སུ་སྨན་སྐོར་སྐབས་མཉམ་ཞུགས་གནང་ཡོད་པ་བཅས།
མཐའ་མའི་འདོན་ཐེངས་།: 03.04.2019 ཉིན། 3:38 PM
<< སྔ་མ།