སྨན་རྩིས་དྲ་བ། - མདུན་ངོས།

ཞབས་ལོ་༣༠ དང་༢༠ སོན་པ་ཁག་གི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.03.2023
མདུན་ངོས། >>


ཞབས་ལོ་ ༣༠ དང་ ༢༠ སོན་པ་ཁག་གི་ངོ་སྤྲོད།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན་འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་སྐབས། སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཉིད་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ སོན་པ་གསུམ་དང་། ཞབས་ལོ་ ༢༠ ལོན་པ་བཞི་བྱུང་ཡོད་པའི་ལས་བྱེད་རྣམས་ལ་ཕྱག་ཁྱེར་དང་ཕྱག་རྟགས་བསྩལ་ཡོད་ཅིང་། ཁོང་རྣམ་པའི་རླབས་ཆེན་གྱི་སྲི་ཞུ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ངོ་སྤྲོད་སྙིང་བསྡུས་རེ་ཞུ་རྒྱུ།

 

༄༅།། ཚེ་རིང་ཆོས་འཛོམས་ལགས། སྦེལ་སྐོབ་ཡན་ལག་སྨན་རྩིས་ལས་སྣེ་བ།

ཚེ་རིང་ཆོས་འཛོམས་ལགས་ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་བཞུགས་བྱས་ཏེ་ཕྱི་འབྲེལ་སྨན་གཏོང་ཁང་གི་སྨན་སྤྲོད་པའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༤ ཟླ་ ༠༧ ཚེས་ ༡༥ ཉིན་ཤི་ལོང་ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་ཐོག་དེ་གའི་སྨན་སྤྲོད་དུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༦ ཟླ་ ༠༥ ཚེས་ ༠༧ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་སྤྲོད་དང་། ཕྱི་ལོ་ ༡༩༩༩ ཟླ་ ༠༥ ཚེས་ ༡༥ ཉིན་སྦེང་ལོར། ཕྱི་ལོ་ ༢༠༠༢ ཟླ་༠༨ ཚེས་ ༢༥ ཉིན་སྦེལ་སྐོབ་སེ་ར། དེ་ནས་ ༢༠༡༢ ཟླ་ ༠༣ ཚེས་ ༢༠ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་༢༠༡༤ ཟླ་ ༡༠ ཚེས་ ༠༡ ཉིན་ཀཱ་ལཱ་སྦཱུ་ར་གི་ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་ཐོག་དེ་གའི་སྨན་རྩིས་ལས་སྣེ་བ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༠༡ ཉིན་སླར་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ ནས་ཧོན་སུར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༠༧ ཚེས་ ༠༡ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།།

 

༄༅།། ཚེ་རིང་དོན་གྲུབ་ལགས། སྨན་མཛོད་ཁང་གི་མཛོད་གཉེར་རྒན་པ།

ཚེ་རིང་དོན་གྲུབ་ལགས་ཕྱི་ལོ་ ༡༩༩༢ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཀ་ཏ་ Kolkata ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༥ ཟླ་ ༦ ཚེས་ ༢༠ ཉིན་དབུས་སྨན་རྩིས་ཁང་དུ་ཡིག་བང་གི་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༧ ཟླ་ ༠༡ ཚེས་ ༢༡ ཉིན་སྨན་མཛོད་དུ་སྨན་བདག་གཉེར་དོ་དམ་པའི་ལས་གནས་བསྩལ་བ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་མཛོད་གཞི་རྒྱ་ཆེ་བའི་གནས་སྟངས་འོག་རིན་ཆེན་སྨན་དང་། མཛོད་བོངས་ཆེ་བའི་དོ་དམ་པའི་ལས་འགན་བསྩལ། སྨན་རྩིས་ཁང་དུ་ལས་ཡུན་རིང་ཐོག་མའི་སྐབས་སུ་རྡ་ས་ནས་ཉེ་འཁོར་དང་། བལ་ཡུལ་བཅས་སུ་སྨན་དང་ཐོན་རྫས་སྐྱེལ་རྒྱུ་དང་། སྨན་སྩིས་ཁང་དབུས་སུ་སྨན་རྒྱུ་འོར་འདྲེན་བྱས་པ་དང་། དབུས་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་མི་ཁོངས་སུ་ཕྱག་ལས་གནང་ཡོད་པ་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།།

 

༄༅།། སྒྲོལ་མ་ཚེ་རིང་ལགས། ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།

            སྒྲོལ་མ་ཚེ་རིང་ལགས་ཕྱི་ལོ་ ༡༩༩༢  ཟླ་ ༠༡ ཚེས་ ༡༠ ཉིན་སྨན་རྩིས་ཁང་དུ་འཛུལ་བཞུགས་བྱས་ཏེ་ལྡི་ལི་བོད་སྒར་དང་། Majnu ka Tilla མ་ན་ལི།Manali ལྡི་ལི་ནི་ཛམ་མུདྡིན།Delhi Nizamuddin ཡན་ལག་སྨན་ཁང་བཅས་སུ་སྨན་སྤྲོད་པའི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༠༣ ཉིན་ལྡི་ལི་ལ་དྭགས་ནང་དགོན་ Delhi Budh Vihar ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༠༣ ཉིན་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།།

 

༄༅།། ཕུར་བུ་ལགས། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད།

            ཕུར་བུ་ལགས་ཕྱི་ལོ་ ༢༠༠༣ ཟླ་ ༠༤ ཚེས་ ༠༡ ཉིན་ལས་བྱེད་ངོ་མར་བསྐོ་བཞག་ཐོག་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་གར་དགོས་ལས་བྱེད་ཀྱི་ལས་འཁུར་ཞུས། སྡེ་ཚན་དུ་ལས་དོན་ཆེ་ཕྲ་ཆུང་ཅི་རིགས་ལ་འགན་འཛིན་དང་། འབྲེལ་ཡོད་གོ་རིམ་སུ་རུང་གིས་བཀོད་བྱུས་ཇི་གནང་ལ་དང་ལེན་ཞུས་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།།

 

༄༅།། བསོད་ནམས་ཆུང་མཚོ་ལགས། སྨན་སྦྱོར་ལས་བྱེད།

            བསོད་ནམས་ཆུང་མཚོ་ལགས་ཕྱི་ལོ་ ༢༠༠༣ ཟླ་ ༠༤ ཚེས་ ༠༡ ཉིན་ལས་བྱེད་ངོ་མར་བསྐོ་བཞག་ཐོག་སྨན་སྦྱོར་ཁང་དུ་གར་དགོས་ལས་བྱེད་ཀྱི་ལས་འཁུར་ཞུས། སྡེ་ཚན་དུ་ལས་དོན་ཆེ་ཕྲ་ཆུང་ཅི་རིགས་ལ་འགན་འཛིན་དང་། འབྲེལ་ཡོད་གོ་རིམ་སུ་རུང་གིས་བཀོད་བྱུས་ཇི་གནང་ལ་དང་ལེན་ཞུས་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།།

 

༄༅།། ལྷ་དབང་བུ་འཁྲིད་ལགས། ཀོ་ལི་གྷལ་ཡན་ལག་སྨན་རྩིས་ལས་སྣེ་བ།

            སྨན་རྩིས་ལས་སྣེ་བ་ལྷ་དབང་བུ་འཁྲིད་ལགས་ཕྱི་ལོ་ ༢༠༠༣ ཟླ་ ༠༤ཚེས་ ༠༡ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༠ ཟླ་ ༠༢ ཚེས་ ༠༡ ཉིན་སི་ཀན་རྡ་ར་སྦཏ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ ཉིན་སླར་ཀོ་ལི་གྷལ་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།།

 

༄༅།། ཚེ་རིང་དབང་འདུས་ལགས། སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་ལྷ་བྲིས་པ།

            ལྷ་བྲིས་པ་ཚེ་རིང་དབང་འདུས་ལགས་ཕྱི་ལོ་ ༢༠༠༢ ཟླ་ ༠༧ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་སྨན་རྫས་ཉམས་ཞིབ་སྡེ་ཚན་དུ་ལྷ་བྲིས་པའི་ལས་འགན་ཐོག་བསྐོ་བཞག་བསྩལ། སྡེ་ཚན་དུ་སྨན་ཐང་དང་། སྐུ་ཐང་གཞན་ཡང་སྨན་རྩིས་ཁང་གི་ཐོན་དངོས་ཕྱི་འཐུམ་གྱི་བཀོད་པའི་རི་མོ་བྲིས་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།།









མཐའ་མའི་འདོན་ཐེངས་།: 28.03.2023 ཉིན། 11:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།