ཞབས་ལོ་༣༠ དང་༢༠ སོན་པ་ཁག་གི་ངོ་སྤྲོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.10.2021 |
ད་ལོ་ཞབས་ལོ་ ༣༠ དང་ ༢༠ སོན་པ་ཁག་གི་ངོ་སྤྲོད།
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༧ ཉིན་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་སྲུང་བརྩི་ཞུས་སྐབས། སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཉིད་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ སོན་པ་བརྒྱད་དང་། ཞབས་ལོ་ ༢༠ སོན་པ་བཅུ་བཞི་བྱུང་ཡོད་པའི་ལས་བྱེད་རྣམས་ཀྱི་རླབས་ཆེན་གྱི་སྲི་ཞུ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ངོ་སྤྲོད་སྙིང་བསྡུས་རེ་ཞུ་རྒྱུ།
དང་པོ། འདི་ལོ་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ནས་ལོ་ངོ་ ༣༠ ཧྲིལ་བུ་ལོན་པ་རྣམས་ཀྱི་ངོ་སྤྲོད་སྙིང་བསྡུས།
༄༅། །རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས། སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན།
རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སྐབས་གསུམ་པའི་རྩིས་སློབ་ཁོངས་སུ་བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་ཀྱི་རིག་པར་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༠༣ ཚེས་ ༠༡ ཉིན་བཙན་བྱོལ་དུ་བུད་མེད་ཁྲོད་ནས་སྐར་རྩིས་པ་ཐོག་མར་གྱུར་ཏེ་སྨན་རྩིས་ཁང་གི་སྐར་རྩིས་པའི་ལས་འགན་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༡༩༩༤ ལོར་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་བསྩལ། ཕྱི་ལོ་ ༡༩༩༤ ལོ་ནས་འགོ་འཛུགས་ཀྱིས་ཕྱི་མི་དོན་གཉེར་ཅན་ལ་བོད་རྩིས་རིག་པའི་སྐོར་ཉིན་ལྔ་དང་། ཉིན་བཅུ་ཟབ་སྦྱོང་ལན་མང་ཕུལ་མྱོང་ཡོད་པ་དང་། སྨན་རྩིས་ཁང་གི་གོ་སྒྲིག་འོག་བོད་ཀྱི་སྨན་རྩིས་རིག་གཞུང་སྐོར་འགྲེམས་སྟོན་དང་། ཚོགས་འདུ། གཏམ་བཤད། སློབ་འཁྲིད། ངག་ཐོག་རྩིས་འབྲས་འདོན་རྒྱུའི་ཆེད་ཕྱི་རྒྱལ་ཁག Swiss, Germany, Italy, France, Sweden, Holland, England, Czech Republic, Slovakia, Austria, Spain, Japan, USA, Australia བཅས་དང་། གནས་ཡུལ་རྒྱ་གར་གྲོང་ཁྱེར་ཆེ་ཕྲ་མང་པོའི་ནང་བསྐྱོད་ཡོད། ཕྱི་ལོ་ ༡༩༩༩ ནས་ ༢༠༠༢ བར་སྨན་རྩིས་མཐོ་སློབ་ཁང་དུ་རྩིས་དགེའི་ལས་འགན་ཞུས། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ཐད་སྦྱངས་བརྩོན་དང་། ཉམས་མྱོང་གི་གྲུབ་འབྲས་ལ་གཞིགས་ཏེ་ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༠༡ ཉིན་རྩིས་རམས་པ་ཆུང་བ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ཉིན་རྩིས་རམས་པ་འབྲིང་བར་གནས་སྤར་བསྩལ། ལོ་དེར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་དགུང་ཀེག་ཀེག་རྩིས་ཞབས་ཞུ་བར་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༩ དང་ ༢༠༡༢ སོ་སོར་ཟླ་གསུམ་རིང་ཨཱོས་ཀྲི་རི་ཡ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ Austria Tibet Centre དུ་རྩིས་དགེའི་ལས་འགན་ཞུས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༡ ཉིན་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༠༣ ཚེས་ ༠༡ ནས་སྨན་རྩིས་མཐོ་སློབ་ཁང་དུ་རྩིས་དགེའི་ལས་འགན་ལོ་གཅིག་ཞུས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ ནས་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་ནག་དབྱངས་རྩིས་ཀྱི་ཞབས་འདེགས་བསྒྲུབས་ཡོད།
༄༅། །མིག་དམར་ལྷ་མོ་ལགས། གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
སྨན་རྩིས་ལས་སྣེ་བ་མིག་དམར་ལྷ་མོ་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༠༥ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་སིམ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། རྒྱུན་ལྡན་སིམ་ལའི་ཉེ་ཁུལ་སོ་ལན་དུ་སྨན་སྐོར་དུ་བསྐྱོད་པ་དང་། ཕྱི་ལོ་ ༡༩༩༠ ལོར་ལྡི་ལི་ནི་ཛམ་མུ་དིན་ཡན་ལག་སྨན་ཁང་དུ་སྨན་སྤྲོད་ལས་ཚབ་དང་། ཕྱི་ལོ་ ༡༩༩༣ ལོར་རེ་ཀོང་པིའུར་ Rekong Peo དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སྐབས་སྨན་སྐོར་དུ་བསྐྱོད། ཕྱི་ལོ་ ༡༩༩༤ ལོར་སྨན་རྩིས་ཁང་དབུས་སུ་རྩིས་ཀྱི་ཟབ་སྦྱོང་དུ་འཛུལ་ཞུགས་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༨ ཚེས་ ༢༢ ཉིན་དབུས་སྨན་རྩིས་ཁང་གི་ཕྱིར་གཏོང་སྨན་ཚོང་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༡ ལོར་མོམ་སྦེ་དང་། ཕྱི་ལོ་ ༢༠༠༣ ཟླ་ ༠༩ ནང་ཅན་རྡི་སྒར་བཅས་སུ་སྨན་སྐོར་བསྐྱོད། ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༠༡ ནས་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ལོར་ཧོ་ཤི་ཡར་པུར་ Hoshiarpur དང་། ཕྱི་ལོ་ ༢༠༠༦ ལོར་ྋསྐུའི་འཁྲུངས་སྐར་སྲུང་བརྩི་སླད་དྷ་ས་ཉེ་ཁུལ་གྲོང་གསེབ་ཁག་དང་། ཕྱི་ལོ་ ༢༠༠༨ ལོར་ Amritsar བཅས་སུ་སྨན་སྐོར་བསྐྱོད་པ་དང་། རྒྱུན་ལྡན་ཉེ་འཁོར་སློབ་གྲྭ་ཁག་དང་། བཙུན་དགོན་སྒྲོལ་མ་གླིང་། ནོར་གླིང་། སྙིང་སྟོབས་གླིང་བཅས་སུ་སྨན་སྐོར་བསྐྱོད་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །ཐུབ་བསྟན་བྱམས་པ་ལགས། འཛིན་སྐྱོང་དམིགས་བཀར་ལས་བྱེད།
ཐུབ་བསྟན་བྱམས་པ་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༠༧ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་མ་ནཱ་ལི་ཡན་ལག་སྨན་ཁང་གི་སྨན་སྤྲོད་དང་། རྡོ་རྗེ་གདན། ཝཱ་རཱ་ཎ་སིར་སྨན་སྐོར་བསྐྱངས་སྐབས་སྨན་སྤྲོད་པའི་ལས་འཁུར་ཡང་ཞུས། ཕྱི་ལོ་ ༡༩༩༡ ཟླ་ ༠༣ ཚེས་ ༣༡ ཉིན་ཀོལ་ཀ་ཏ་ཡན་ལག་སྨན་ཁང་གི་རྩིས་པར་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༢ ཟླ་ ༠༤ ཚེས་ ༠༡ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༣ ལོར་རེ་ཀོང་པིའུར་ Rekong Peo དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་རིང་སྨན་སྐོར་དུ་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༦ ཟླ་ ༠༩ ཚེས་ ༠༤ ཉིན་སྨན་སྦྱོར་ཁང་དུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༧ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་སྦྲག་ཁང་དོ་དམ་པར་ལས་བཀོད་བསྩལ། ཕྱི་ལོ་ ༢༠༠༡ ཟླ་ ༠༣ ཚེས་ ༡༢ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ཟོག་གཉེར་བའི་ལས་འགན་དང་། ཕྱི་ལོ་ ༢༠༠༣ ཟླ་ ༠༥ ཚེས་ ༡༦ ཉིན་སྨན་རྩིས་མཐོ་སློབ་ཁང་གི་ལས་དྲུང་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༡༢ ཚེས་ ༠༨ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གྱི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། དེའི་རིང་དྷ་སྟེང་ཐོན་རྫས་ཚོང་ཁང་གི་ཚོང་གཉེར་བའི་ལས་འཁུར་ལོ་གཅིག་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༠ ཉིན་སྨན་རྩིས་ཁང་དབུས་སྤྱི་ཐབ་ཀྱི་གཉེར་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༠༡ ཉིན་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་རིན་ཆེན་རིལ་བུའི་ཟོག་གཉེར་བར་ལས་བཀོད་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༠༤ ཚེས་ ༠༡ ནས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་སྦྱོར་ཁང་གི་འགན་འཛིན་ལས་རོགས་སུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༠༡ ཚེས་ ༠༡ ནས་དྲུང་ཆེ་ལས་རོགས་ཡིག་ཚང་དུ་དམིགས་བཀར་ལས་རིགས་ཁོངས་སུ་བསྐོ་བཞག་བསྩལ། ཅོན་ཏ་རར་སྨན་སྦྱོར་ཁང་གི་ལས་ཤག་དང་། མཆུ་མཛོད། བཙོ་བསྲེགས་ཁང་གསར་རྒྱག་གྱི་ལས་གཞིའི་འགན་འཁུར་ཞུས་པ་དང་། སྨན་རྩིས་ཟླ་གསར་གྱི་འཛིན་སྐྱོང་སྐོར་གྱི་གནས་ཚུལ་རྩོམ་སྒྲིག་པའི་ལས་འཁུར་ཡང་ཞུས་ཡོད་པ་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །ཉི་མ་མཚམས་གཅོད་ལགས། སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
སྨན་རྩིས་ལས་སྣེ་བ་ཉི་མ་མཚམས་གཅོད་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༠༨ ཚེས་ ༡༦ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་ལྡི་ལི་མ་ཡུར་ཝི་ཧཱར་ Mayur Vihar ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༡ ཟླ་ ༠༨ ཚེས་ ༠༡ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༥ ཟླ་ ༠༤ ཚེས་ ༠༥ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བར་གནས་སྤོས་བསྩལ་བ་དང་། ཕྱི་ལོ་ ༢༠༠༢ ཟླ་ ༠༦ ཚེས་ ༠༢ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ནས་སྦེལ་སྐོབ་སེ་ར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བར་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །དོན་ལྡན་རྡོ་རྗེ་ལགས། བགྲེས་ཡོལ་ལས་བྱེད།
དོན་ལྡན་རྡོ་རྗེ་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༠༨ ཚེས་ ༢༣ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ལྡི་ལི་ནི་ཛམ་མུ་དིན་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ལྡི་ལི་ནི་ཛམ་མུ་དིན་ཡན་ལག་སྨན་ཁང་དུ་ནད་པ་བསྟེན་གཏུགས་ཞུ་མི་ཇེ་མང་དུ་སོང་ཡང་ནད་པར་སྨན་རིན་ཐོབ་ཁྲ་བཟོ་རྒྱུ་དང་། དངུལ་ལེན་རྒྱུ། ཟླ་རེའི་རྩིས་ཁྲ་བཟོས་ཏེ་དབུས་སྨན་རྩིས་ཁང་དུ་འབུལ་རྒྱུའི་ལས་འགན་ཡང་བླངས་ཏེ་ཕྱི་ལོ་ ༡༩༩༥ ཟླ་ ༡༠ ཚེས་ ༡༧ ཉིན་རྩིས་པ་ལས་དྲུང་གཅིག་ལྕོགས་ཀྱི་ལས་འགན་ཡང་བཞེས་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༠༡ ཚེས་ ༠༡ ཉིན་ཅོན་ཏ་ར་སྨན་སྦྱོར་ཁང་གི་འགན་འཛིན་ལས་རོགས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༠༡ ཉིན་ནས་བགྲེས་ཡོལ་གནང་བའི་ཐོག་ཅོན་ཏ་ར་ཚེ་རིང་བདེ་སྐྱིད་ཁང་གི་རྩིས་པ་དང་། ས་ཁང་བལྟ་རྟོག་པ། སྤྱི་ཐབ་ཀྱི་སྤྱི་ཡོངས་སྟངས་འཛིན་ལས་གནས་སུ་བཀོད་བཞག་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །སྟོབས་རྒྱལ་ལགས། སྨན་སྦྱོར་ཁང་གི་འགན་འཛིན་གཞོན་པ།
སྟོབས་རྒྱལ་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་སྨན་སྦྱོར་ཁང་གི་སྨན་རྒྱུ་དོ་དམ་པའི་ལས་རོགས་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༤ ཟླ་ ༡༠ ཚེས་ ༠༡ ནས་སྨན་རྒྱུ་དོ་དམ་པ་དང་། ལྗགས་སྨིན་གསོལ་སྨན་ཁང་། སྨན་རྒྱུ་གཙང་བཟོ་དོ་དམ་པ་བཅས་ཀྱི་འགན་འཁུར་བླངས་ཡོད། ཕྱི་ལོ་ ༢༠༠༤ ནས་ལོ་བཞི་རིང་སྨན་རྩིས་མཐོ་སློབ་ཁང་གི་བུ་མོའི་ཉལ་ཁང་གི་ཕ་ཚབ་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༠༦ ཚེས་ ༠༡ ནས་རིན་ཆེན་སྨན་མཛོད་ཀྱི་མཛོད་གཉེར་གཅིག་ལྩོགས་སུ་ལས་བཀོད་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཆོགས་ཆུང་གི་ཚོགས་དྲུང་ལོ་བཅུ་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༠༡ ནས་སྨན་སྦྱོར་ཁང་གི་དངུལ་གཉེར་དང་ལས་ཁུངས་དོ་དམ་པའི་ལས་འཁུར་བླངས། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༠༡ ནས་སྨན་སྦྱོར་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་བསྕལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། ། སྤེན་པ་ལགས། སྨན་སྦྱོར་ལས་བྱེད།
སྤེན་པ་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་སྨན་སྦྱོར་ཁང་གི་ཤིང་བཟོ་དང་། སྨན་ཐག་འཕྲུལ་འཁོར་གཏོང་མིའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ནས་ ༢༠༠༥ བར་སྨན་སྦྱོར་ཁང་གི་འཕྲུལ་འཁོར་དང་གློག་བཟོ་བཅོས། ཅ་དངོས་ཉོ་སྒྲུབ་ཞུ་མཁན་ཀྱི་ལས་འཁུར་ཞུས། དེའི་རིང་སྨན་རྩིས་ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མིའི་ལས་འཁུར་ལོ་བརྒྱད་ཞུས། ཕྱི་ལོ་ ༢༠༠༢ ལོར་ལ་དྭགས་སུ་སྨན་རྩིས་རིག་གཞུང་བསྟི་གནས་ཁང་འཛུགས་བསྐྲུན་སྐབས་དེ་གའི་འགྲེམས་སྟོན་ཁང་གི་གློག་སྐུད་འཁྲིད་རྒྱུའི་ལས་གཞི་བསྒྲུབས། ཕྱི་ལོ་ ༢༠༠༥ ནས་སྨན་རྒྱུ་གཙང་བཟོ་ཁང་གི་བཅུ་དཔོན་གནང་། ད་ལྟ་རིལ་སྒྲིལ་ཁང་གི་བཅུ་དཔོན་གནང་མུས་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། ། དབྱངས་འཛོམས་ལགས། སྨན་སྦྱོར་ལས་བྱེད།
དབྱངས་འཛོམས་ལགས་ཕྱི་ལོ་ ༡༩༩༡ ཟླ་ ༡ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་དབུས་སྨན་རྩིས་ཁང་གི་ནད་གསོ་ཁང་དུ་ནད་གཡོག་མ་བྱན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རྩིས་ཁང་གི་མགྲོན་ཁང་བདག་གཉེར་བ་དང་། སྨན་སྦྱོར་ཁང་། གངས་སྐྱིད་ཡན་ལག་སྨན་ཁང་བཅས་སུ་གར་དགོས་ཀྱི་ལས་བཀོད་བསྩལ། ད་ལྟ་སྨན་སྦྱོར་ཁང་དུ་སྨན་འཐུམ་འཕྲུལ་འཁོར་གཏོང་མིའི་ལས་ཀ་བྱེད་མུས་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
གཉིས་པ། འདི་ལོ་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ནས་ལོ་ངོ་ ༢༠ སོན་པ་རྣམས་ཀྱི་ངོ་སྤྲོད་སྙིང་བསྡུས།
༄༅། །ཚེ་རིང་དཔལ་མོ་ལགས། ཏེ་འཛུ་ཡན་ལག་སྨན་རྩིས་ལས་སྣེ་བ།
སྨན་རྩིས་ལས་སྣེ་བ་ཚེ་རིང་དཔལ་མོ་ལགས་ཕྱི་ལོ་ ༡༩༩༨ ཟླ་ ༡༡ ཚེས་ ༣༠ ཉིན་ལས་བྱེད་ངོ་མར་བསྐོ་བཞག་བགྱིས་ཏེ་ཏེ་འཛུ་ཡན་ལག་སྨན་ཁང་གི་རྩིས་པར་ལས་བཀོད་བསྩལ། ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༢༥ ཉིན་འབུམ་སྡེ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༡ ཟླ་ ༠༣ ཚེས་ ༠༩ ཉིན་ཏེ་འཛུ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །སྨན་རམས་པ་ངག་དབང་བཟོད་པ་ལགས། དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པ།
སྨན་རམས་པ་ངག་དབང་བཟོད་པ་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༩ ཟླ་ ༠༡ ཚེས་ ༡༥ ཉིན་ཀ་སྦུག་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༠ ཟླ་ ༠༣ ཚེས་ ༠༡ ཉིན་ཀ་སྦུག་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༠༥ ཚེས་ ༠༡ ཉིན་ར་སྦང་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༨ ཚེས་ ༢༠ ཉིན་སྨན་སྦྱོར་ཁང་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༠༦ ཉིན་སྨན་སྦྱོར་ཁང་གི་འགན་འཛིན་གཞོན་པའི་ལས་གནས་བསྩལ། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༦ ཉིན་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༠༨ ཚེས་ ༠༡ ཉིན་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེར་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༢༠ ཟླ་ ༠༣ ཚེས་ ༠༡ ཉིན་དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པར་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ལ་སྦྱངས་པ་དང་ལག་ལེན་གྱི་སྒྲུབ་འབྲས་ལ་གཞིགས་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བ་དང་། བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ནད་རིགས་སྔོན་འགོག་གི་ལས་གཞིའི་ཚོགས་ཆུང་ནང་ཞུགས་ཏེ་ཕྱག་ལས་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
༄༅། །སྨན་པ་མགོན་པོ་ཕུན་ཚོགས་ལགས། དང་སློབ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ།
སྨན་པ་མགོན་པོ་ཕུན་ཚོགས་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༠༣ ཚེས་ ༢༦ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ར་དབང་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༠༧ ཚེས་ ༢༥ ཉིན་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༠༦ ཚེས་ ༢༠ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༤ ཚེས་ ༢༠ ཉིན་ཀ་ཏ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༩ ཟླ་ ༠༥ ཚེས་ ༢༥ ཉིན་རཱཇ་པུར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་གནང་སྟེ་དཀའ་བཅུ་པའི་ལག་ཁྱེར་སོན་པར་བརྟེན་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༠ ཉིན་ཤི་ལོང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༦ ཟླ་ ༠༧ ཚེས་ ༠༡ ཉིན་དང་སློབ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
༄༅། །དབང་ཕྱུག་ལགས། སྨན་སྦྱོར་ལས་བྱེད།
དབང་ཕྱུག་ལགས་ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལས་ངོར་བསྐོ་བཞག་ཐོག་སྨན་སྦྱོར་ཁང་གི་གར་དགོས་ལས་རིགས་ཀྱི་ལས་འཁུར་བླངས། ལས་ཡུན་རིང་སྡེ་ཚན་འགན་འཛིན་དང་། བཅུ་དཔོན། ལས་བཀོད་དོ་དམ་པ་སུ་རུང་གི་བཀོད་བྱུས་འོག་ལས་དོན་ཅི་རིགས་ལ་དང་ལེན་ཞུས་པ་དང་། ད་ལྟའི་ཆར་སྨན་སྦྱོར་ཁང་དུ་འཕྲུལ་འཁོར་གི་ཡོ་བྱས་དང་། གློག་གི་ཡོ་བྱས་རིགས་མཁོ་སྒྲུབ་དང་། ཆུང་ཙག་བཟོ་བཅོས་ཀྱི་ལས་དོན་གཉེར་བཞིན་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསོད་ནམས་ལྷ་མོ་ལགས། དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་ལས་དྲུང་།
བསོད་ནམས་ལྷ་མོ་ལགས་ཕྱི་ལོ་ ༢༠༠༠ ཟླ་ ༠༧ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་རྩོམ་སྒྲིག་དང་པར་སྐྲུན་སྡེ་ཚན་དུ་ལས་དྲུང་གི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༤ ཟླ་ ༠༦ ཚེས་ ༠༡ ཉིན་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་ལས་དྲུང་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༠ ཟླ་ ༠༧ ཚེས་ ༡༧ ཉིན་སྨན་རྩིས་མཐོ་སློབ་ཁང་གི་ལས་དྲུང་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༦ ལོར་ཨ་རི་ནུབ་ཁུལ་གྲོང་ཁྱེར་བཞི་དང་། ཕྱི་ལོ་ ༢༠༡༩ ལོར་ཨ་རི་ཤར་ཁུལ་གྲོང་ཁྱེར་བཞིར་སྨན་རྩིས་ཁང་གི་སྐོར་བསྐྱོད་རུ་ཁག་ཁོངས་སུ་སྨན་རྩིས་འགྲེམས་སྟོན་དང་སྨན་སྐོར་ཆེད་བསྐྱོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་རྒྱལ་ས་ཇཡ་པུར་རུ་ལུས་བདེ་སེམས་བདེའི་ལས་འགུལ་འགན་འཁུར་བླངས་ཏེ་སྨན་བཅོས་དང་འགྲེམས་སྟོན་ཆེད་བསྐྱོད། ཕྱི་མི་དོན་གཉེར་ཅན་རྣམས་ལ་བོད་སྨན་དང་སྐར་རྩིས་སྐོར་ཟབ་སྦྱོང་གོ་སྒྲིག་གནང་རྒྱུའི་མཚོན་པའི་ལས་དོན་ཁག་ལ་འགན་འཁུར་དང་ལེན་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསྟན་འཛིན་བདེ་ལེགས་ལགས། མོན་གྷོ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
བསྟན་འཛིན་བདེ་ལེགས་ལགས་ཕྱི་ལོ་ ༢༠༠༠ ཟླ་ ༠༧ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་མོན་གྷོ་གཞིས་གྲོང་ ༣ ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༠༤ ཚེས་ ༢༥ ཉིན་སྦུབ་ནེ་ཤི་བར་ཡན་ལག་སྨན་ཁང་དུ་སྨན་སྤྲོད་རྩིས་པ་གཅིག་ལྕོགས་གི་ལས་འགན་ཐོག་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༢༧ ཉིན་སླར་མོན་གྷོ་གཞིས་གྲོང་ ༣ ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ་ཡང་། སྔ་འཕྲོས་ཟླ་དྲུག་རིང་སྦེང་ལོར་ཡན་ལག་ཏུ་ལས་བཀོད་གནང་བ་ལྟར་ཕེབས་དགོས་བྱུང་། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༡༠ ཉིན་སྦེང་ལོར་ནས་མོན་གྷོ་གཞིས་གྲོང་ ༦ ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༠ ཉིན་དོན་གྲུབ་གླིང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༠༡ ཉིན་མོན་གྷོ་གཞིས་གྲོང་ ༣ ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །དབྱངས་ཅན་སྒྲོལ་མ་ལགས། མ་ནཱ་ལི་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
དབྱངས་ཅན་སྒྲོལ་མ་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༠༦ ཚེས་ ༡༥ ཉིན་དྭང་སློབ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༥ ཚེས་ ༠༡ ཉིན་ཧོན་སུར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༡ ཚེས་ ༠༥ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༠༧ ཚེས་ ༠༡ ཉིན་མ་ནཱ་ལི་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །ཉི་མ་སྒྲོལ་མ་ལགས། སྔོ་སྦྱོར་ཉམས་ཞིབ་ལས་བྱེད།
ཉི་མ་སྒྲོལ་མ་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལས་ངོར་བསྐོ་བཞག་ཐོག་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་བཀོད་བསྩལ། ལས་ཡུན་རིང་དེ་གའི་འགན་འཛིན་རིམ་བྱོན་གྱིས་བཀོད་བྱུས་འོག་ལས་དོན་ཅི་རིགས་ལ་དང་ལེན་ཞུ་བཞིན་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བདེ་སྐྱིད་ཆོས་འཛོམས་ལགས། ལས་བྱེད་ཚོམ་བུ་སྡེ་ཚན་གྱི་ལས་བྱེད།
བདེ་སྐྱིད་ཆོས་འཛོམས་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལས་ངོར་བསྐོ་བཞག་ཐོག་ལ་དྭགས་སྨན་རྩིས་རིག་གཞུང་བསྟི་གནས་ཁང་གི་གར་དགོས་སུ་ལས་བཀོད་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༦ ཚེས་ ༢༥ ཉིན་སྨན་སྦྱོར་ཁང་གི་སྤོས་བཟོ་སྡེ་ཚན་གྱི་ལས་བྱེད་དུ་གནས་སྤོས་བསྩལ། དེ་གའི་འགན་འཛིན་དང་། བཅུ་དཔོན། ལས་བཀོད་དོ་དམ་སུ་རུང་གི་བཀོད་བྱུས་འོག་ལས་དོན་ཅི་རིགས་ལ་དང་ལེན་ཞུས། ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༠༡ ཉིན་ལས་བྱེད་ཚོམ་བུ་སྡེ་ཚན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསྟན་འཛིན་སྒྲོལ་མ་ལགས། སྔོ་སྦྱོར་ཉམས་ཞིབ་ལས་བྱེད།
བསྟན་འཛིན་སྒྲོལ་མ་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལས་ངོར་བསྐོ་བཞག་ཐོག་སྨན་སྦྱོར་ཁང་དུ་ལས་བཀོད་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༢༩ ཉིན་ལྡི་ལི་ནི་ཛམ་མུ་དིན་ཡན་ལག་སྨན་ཁང་གི་མ་བྱན་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༠༥ ཉིན་མོམ་སྦེ་ཡན་ལག་སྨན་ཁང་གི་མ་བྱན་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༥ ཉིན་སྨན་སྦྱོར་ཁང་དུ་སྤོས་བཟོ་སྡེ་ཚན་གི་ལས་བྱེད་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༢ ཚེས་ ༠༡ ཉིན་པཱ་ནི་པཏ་སྤོས་བཟོ་ཁང་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༤ ཚེས་ ༠༣ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །ཚེ་རིང་ལྷ་མོ་ལགས། ཅོན་ཏ་ར་སྨན་སྦྱོར་ལས་བྱེད།
ཚེ་རིང་ལྷ་མོ་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལས་ངོར་བསྐོ་བཞག་ཐོག་སྨན་སྦྱོར་ཁང་དུ་ལས་བཀོད་བསྕལ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༠༡ ཉིན་ཅོན་ཏ་ར་སྨན་སྦྱོར་ཁང་དུ་གནས་སྤོས་བསྩལ། ལས་ཡུལ་སོ་སོའི་འགན་འཛིན་དང་། བཅུ་དཔོན། ལས་བཀོད་དོ་དམ་པ་སུ་རུང་གི་བཀོད་བྱུས་འོག་ལས་དོན་ཅི་རིགས་ལ་དང་ལེན་ཞུ་བཞིན་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །གཡུ་སྒྲོན་ལགས། ལས་བྱེད་ཚོམ་བུ་སྡེ་ཚན་གྱི་ལས་བྱེད།
ལས་བྱེད་ཚོམ་བུ་སྡེ་ཚན་གྱི་ལས་བྱེད་གཡུ་སྒྲོན་ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ཉིན་ལས་ངོར་བསྐོ་བཞག་ཐོག་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་བཀོད་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༠༢ ཉིན་ལས་བྱེད་ཚོམ་བུ་སྡེ་ཚན་དུ་གནས་སྤོས་བསྩལ། ལས་ཡུལ་དེ་དག་ཏུ་སྡེ་ཚན་འགན་འཛིན་དང་། བཅུ་དཔོན། ལས་བཀོད་དོ་དམ་པ་སུ་རུང་གི་བཀོད་བྱུས་འོག་ལས་དོན་ཅི་རིགས་ལ་དང་ལེན་ཞུ་བཞིན་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསོད་ནམས་ལགས། རྡ་ས་མཐོ་སློབ་ཡིག་གད།
ཡིག་གད་བསོད་ནམས་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལས་ངོར་བསྐོ་བཞག་ཐོག་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་བཀོད་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༧ ཚེས་ ༠༡ ཉིན་སྐར་རྩིས་སྡེ་ཚན་དུ་སྲུང་འཁོར་བཟོ་ལས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༠༦ ཚེས་ ༠༡ ཉིན་ལས་བྱེད་ཚོམ་བུ་ Job Pool སྡེ་ཚན་དུ་གནས་སྤོས་བསྩལ་བ་དང་། སྡེ་ཚན་འདི་ནས་སྨན་རྩིས་ཁང་གི་སྡེ་ཚན་གཞན་དང་གཞན་དུ་འཕྲལ་སེལ་གར་དགོས་ཀྱི་ལས་སྣེ་རུ་བཀོད་སྒྲིག་ཇི་གནང་ལ་དང་ལེན་ཞུ་བཞིན་པ་དང་། ད་ལྟ་དྷ་ས་མཐོ་སློབ་ཏུ་ཡིག་གད་གནང་མུས་སུ་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསོད་ནམས་ཆོས་སྒྲོན་ལགས། དྷ་སྟེང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
བསོད་ནམས་ཆོས་སྒྲོན་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་དྲུང་གི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་མཛོད་དང་སྨན་ཚོང་སྡེ་ཚན་དུ་ཕྱི་ཚོང་ཅ་དངོས་དོ་དམ་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༧ ཚེས་ ༢༠ ཉིན་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྣེ་ལེན་འབྲེལ་མཐུད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༥ ཚེས་ ༢༥ ཉིན་དྷ་སྟེང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
མཐའ་མའི་འདོན་ཐེངས་།: 22.10.2021 ཉིན། 9:10 AM
<< སྔ་མ།