སྨན་རྩིས་དྲ་བ། - མདུན་ངོས།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.03.2025
མདུན་ངོས། >>


ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

 

ཞབས་ལོ་ ༣༠ གཟེངས་བསྟོད་བཞེས་མཁན་ཁག་གི་ངོ་སྤྲོད་སྙིང་བསྡུས།


༡། ཉེ་བའི་འབུམ་རམས་པ་བསྟན་འཛིན་མཐའ་ཡས་ལགས། ྋསྐུ་བཅར་སྨན་པ། 

ྋསྐུ་བཅར་སྨན་པ་བསྟན་འཛིན་མཐའ་ཡས་ལགས་སྐབས་བདུན་པའི་གསོ་རིག་སྨན་སློབ་ཁོངས་སུ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༠༡ ཉིན་མོན་རྟ་དབང་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་བསྩལ། འབུམ་ལ་ཡན་ལག་སྨན་ཁང་དང་ལ་དྭགས་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་སྨན་པ་ཡང་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༡༡ ཚེས་ ༡༡ ཉིན་རྡ་ས་སྨན་སྦྱོར་ཁང་དུ་གནས་སྤོས་ཀྱི་ཐོག་མར་དེ་གའི་སྡེ་ཚན་གྱི་སྨན་པ་དང་ཕྱི་ལོ་ ༢༠༡༢ ལོར་སྐུ་བཅར་སྨན་པར་བསྐོ་གཞག་བྱུང་བ་བསྟུན་ཟླ་ ༠༩ ཚེས་ ༠༡ ནས་སྨན་སྦྱོར་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༠༣ ཚེས་ ༢༣ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ་བ་དང་། ཕྱི་ལོ་ ༢༠༢༤ ལོར་ཉེ་བའི་འབུམ་རམས་པའི་མཚན་གནས་བསྩལ། ལས་ཡུན་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅུ་གཅིག་ནང་གཞུང་འབྲེལ་སྨན་བསྐོར་དང་བོད་ཀྱི་གསོ་བ་རིག་པའི་ཐོག་གཏམ་བཤད་གནང་ཡོད། ད་ལྟའི་འཆར་དབུས་སུ་ྋསྐུ་བཅར་དང་བརྟག་དཔྱད་སྨན་པའི་ཕྱག་ལས་གནང་མུས་ཀྱི་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༢། དཀའ་བཅུ་པ་བཤད་སྒྲུབ་ཚེ་རིང་ལགས།  ར་དབང་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ། 

སྨན་པ་བཤད་སྒྲུབ་ཚེ་རིང་ལགས་སྐབས་བརྒྱད་པའི་གསོ་རིག་སྨན་སློབ་ཁོངས་སུ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༤ ཟླ་ ༠༩ ཚེས་ ༡༥ ཉིན་རྡོར་གླིང་ཡན་ལག་སྨན་ཁང་གི་སྨན་པར་པར་བསྐོ་བཞག་བསྩལ། ལས་ཡུན་རིང་ཌལ་ཧོར། ཅ་སྤེལ། ཇི་སི་པ། སྦེལ་ཀོབ་ས་གནས་ཁག་ཏུ་སྨན་པ་དང་། སེ་ར། ལ་དྭགས་ཅོག་ལམ་སར། ཀ་སྦུག་བཅས་སུ་འགན་འཛིན་སྨན་པའི་འགན་འཁུར་ཞུས། ད་ལྟའི་འཆར་ར་དབང་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་གནང་མུས་ཀྱི་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༣།  ཚེ་རིང་མཚོ་མོ་ལགས། དངུལ་རྩིས་སྡེ་ཚན་གྱི་དངུལ་གཉེར་བ། 

ཚེ་རིང་མཚོ་མོ་ལགས་ཐོག་མར་སྨན་རྩིས་ཁང་དུ་ཕྱི་ལོ་ ༡༩༩༣ ཟླ་ ༠༣ ཚེས་ ༠༡ ཉིན་དངུལ་རྩིས་སྡེ་ཚན་དུ་རྩིས་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༡༩༩༤ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་མཛོད་དང་སྨན་ཚོང་སྡེ་ཚན་དུ་ལས་དྲུང་དུ་བསྐོ་གཞག་བསྩལ། ཕྱི་ལོ་ ༡༩༩༥ ཟླ་ ༠༤ ཚེས་ ༠༡ ནས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་རྩིས་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༠༧  ཟླ་ ༠༨ ཚེས་ ༡༡ ནས་དངུལ་རྩིས་སྡེ་ཚན་གྱི་དངུལ་གཉེར་གྱི་ལས་གནས་སུ་བསྐོ་གཞག་བསྩལ། ལས་ཡུན་རིང་ཨ་རིིའི་གྲོང་ཁྱེར་ཁག་ལྔའི་ནང་སྨན་བསྐོར་དང་འགྲེམས་སྟོན་ཕྱོགས་བསྐྱོད་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༤།  པ་སངས་ལྷ་མོ་ལགས།  སྨན་མཛོད་དང་སྨན་ཚོང་འགན་འཛིན།

པ་སངས་ལྷ་མོ་ལགས་ཕྱི་ལོ་ ༡༩༩༤ ཟླ་ ༠༢ ཚེས་ ༡༥ ཉིན་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་དངུལ་རྩིས་སྡེ་ཚན་དུ་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༧ ཟླ་ ༠༡ ཚེས་ ༠༦ ཉིན་དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༧ ཚེས་ ༠༡ ཉིན་དབུས་སྨན་སྦྱོར་ཁང་གི་རྩིས་པ་དང་།  ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ ཉིན་དབུས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་འགན་འཛིན་གྱི་ལས་གནས་སུ་གནས་སྤོས་བསྕལ། ཕྱི་ལོ་ ༢༠༡༧ ལོར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་བཞི་རུ་སྨན་བསྐོར་དང་འགྲེམས་སྟོན་ཕྱོགས་བསྐྱོད་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༥། ཚེ་རིང་སྒྲོལ་དཀར་ལགས། དྷ་སྟེང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ། 

ཚེ་རིང་སྒྲོལ་དཀར་ལགས་ཕྱི་ལོ་ ༡༩༩༥ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པའི་ལས་གནས་སུ་བསྐོ་གཞག་བསྩལ། ལས་ཡུན་རིང་བལ་ཡུལ་ཆ་ཏ་པ་ཀྲི། རཱ་ཇ་སྤུར། གངས་སྐྱིིད་ཡན་ལག་སྨན་ཁང་བཅས་སུ་སྨན་རྩིས་ལས་སྣེར་གནས་སྤོས་བསྕལ། ད་ལྟའི་འཆར་དྷ་སྟེང་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་གནང་མུས་ཀྱི་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

 

ཞབས་ལོ་ ༢༠ གཟེངས་བསྟོད་བཞེས་མཁན་ཁག་གི་ངོ་སྤྲོད་སྙིང་བསྡུས།


 

༡། སྨན་པ་རབ་འབྱམས་པ་བསྟན་འཛིན་ཀུན་དགའ་ལགས།  སྔོ་སྦྱོར་ཉམས་ཞིབ་སྡེ་འགན

སྨན་པ་རབ་འབྱམས་པ་བསྟན་འཛིན་ཀུན་དགའ་ལགས་སྐབས་བཅུ་གཉིས་པའི་གསོ་རིག་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ཉིན་ས་ལུ་སྒར་ཡན་ལག་སྨན་ཁང་དུ་སྨན་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༠༥  ཟླ་ ༠༨ ཚེས ༢༥ ཉིན་སྤོག་ར་བཀྲིས་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་དང་། ༢༠༠༨ ཟླ་ ༡༢ ཚེས་ ༠༩ ཉིན་བལ་ཡུལ་ཆ་ཏར་པ་ཀྲིའི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༢༣ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ།  ཕྱི་ལོ་ ༢༠༡༩ ཟླ་ ༠༡ ཚེས་ ༢༠ ཉིན་ཅོན་ཏ་ར་སྨན་སྦྱོར་ཁང་གི་སྨན་པར་གནས་སྤོས་བསྩལ།  ཕྱི་ལོ་ ༢༠༢༢  ཟླ་ ༠༧  ཚེས་ ༡༨ ཉིན་ཅོན་ཏ་ར་སྨན་སྦྱོར་ཁང་གི་འགན་འཛིན་སྨན་པར་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༢༠ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པར་གནས་སྤོ་བསྩལ་བ་དང། ཕྱི་ལོ་ ༢༠༢༤ ཟླ་ ༠༩ ཚེས་ ༠༡ ནས་དེ་གའི་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་གཞག་བསྩལ། ལས་ཡུན་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་གཉིས་སུ་གཞུང་འབྲེལ་སྨན་བསྐོར་དང་བོད་ཀྱི་གསོ་བ་རིག་པའི་ཐོག་གཏམ་བཤད་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༢། སྨན་པ་རབ་འབྱམས་པ་རིག་འཛིན་བཟང་མོ་ལགས། ནད་བཅོས་ཉམས་ཞིབ་སྡེ་འགན། 

སྨན་པ་རབ་འབྱམས་པ་རིག་འཛིན་བཟང་མོ་ལགས་སྐབས་བཅུ་གཉིས་པའི་གསོ་རིག་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ཉིན་ནད་བཅོས་ཉམས་ཞིབ་སྡེ་ཚན་དུ་སྨན་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༢༣ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༠༡ ནས་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་གཞག་བསྩལ། ལས་ཡུན་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་གསུམ་ནང་སྨན་རྩིས་རིག་གཞུང་དང་འབྲེལ་བའི་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་པ་བཅས་ད་བར་མི་ལོ་ཧིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༣། སྨན་པ་རབ་འབྱམས་པ་རྣམ་གྲོལ་ལྷ་མོ་ལགས། དྷ་ས་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ། 

སྨན་པ་རབ་འབྱམས་པ་རྣམ་གྲོལ་ལྷ་མོ་ལགས་སྐབས་བཅུ་གཉིས་པའི་གསོ་རིག་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབས་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ཉིན་སྦེང་ལོར་ཡན་ལག་སྨན་ཁང་དུ་སྨན་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༠༡ ཉིན་དྷ་ས་ཕབ་སྒྱུར་སྡེ་ཚན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༠༨ ཚེས་ ༠༡ ཉིན་དྷ་ས་སྨན་རྩིས་མཐོ་སློབ་ཀྱི་སྨན་དགེར་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༢༣ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༡༦ ནས་དྷ་ས་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པར་བསྐོ་གཞག་བསྩལ། ལས་ཡུན་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་གསུམ་ནང་སྨན་རྩིས་འགྲེམས་སྤེལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱང་ཞུས་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༤། བློ་བཟང་ཆོས་འཕེལ་ལགས། ནང་ཞིབ་འགན་འཛིན། 

ནང་ཞིབ་འགན་འཛིན་བློ་བཟང་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༠༣ ཟླ་ ༠༧ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ས་ལུ་སྒ་ར་ཡན་ལག་སྨན་ཁང་དུ་ལས་དྲུང་གི་ལས་འཁུར་ཞུས། ལས་ཡུན་རིང་མོམ་བེ་ཡན་ལག་སྨན་ཁང་། ལྡི་ལི་ཕྱིར་ཚོང་སྡེ་ཚན། དངུལ་རྩིས་སྡེ་ཚན། སྨན་རྩིས་མཐོ་སློབ་བཅས་ཀྱི་རྩིས་པའི་འགན་འཁུར་ཞུས་ཡོད་པ་དང། དེ་བཞིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ལས་རོགས་དང་། ཡན་ལག་འབྲེལ་མཐུད་པ། དམིགས་བཀར་རྩིས་པ་བཅས་ཀྱི་འགན་འཁུར་ཡང་ཞུས་ཡོད། ཕྱི་ལོ་ ༢༠༢༣ ཟླ་ ༠༣ ཚེས་ ༠༡ ནས་ནང་ཞིབ་འགན་འཛིན་དུ་བསྐོ་གཞག་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༥། སྨན་པ་རབ་འབྱམས་པ་བསྟན་ཆོས་རབ་འབྱོར་ལགས། ཀོལ་ཀ་ཏ་ཡན་ལག་སྨན་ཁང་གི་འགན་འཛིན། 

སྨན་པ་རབ་འབྱམས་པ་བསྟན་ཆོས་རབ་འབྱོར་ལགས་སྐབས་བཅུ་གཉིས་པའི་གསོ་རིག་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡  ཉིན་ཀྲུ་ཀྲིང་ཡན་ལག་སྨན་ཁང་དུ་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༠༧ ཟླ་ ༠༥ ཚེས ༣༠ ཉིན་མོམ་བྷེ་མ་ལཊ་ཡན་ལག་སྨན་ཁང་གི་འགན་འཛིན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༢༣ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ།  ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༠༡ ཉིན་ནས་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༢༣ ཟླ་ ༠༥ ཚེས་ ༡༠ ནས་ཀོལ་ཀ་ཏ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་ཀྱིས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༦། སྨན་པ་རབ་འབྱམས་པ་འཕྲིན་ལས་ཡོན་ཏན་ལགས། སྒང་ཏོག་ཡན་ལག་སྨན་ཁང་གི་འགན་འཛིན། 

སྨན་པ་རབ་འབྱམས་པ་འཕྲིན་ལས་ཡོན་ཏན་ལགས་སྐབས་བཅུ་གཉིས་པའི་གསོ་རིག་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་དུ་སྨན་པའི་ལས་གནས་སུ་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༢༣ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༤ ཚེས་ ༠༡ ཉིན་ཨོ་རི་ས་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྩལ་བ་དང་རིམ་པས་སྤོག་ར་བཀྲིས་གླིང་། ཅ་སྤེལ་ཡན་ལག་སྨན་ཁང་བཅས་སུ་སྨན་པ་དང་འགན་འཛིན་སྨན་པ་ཡང་གནང་ཡོད། ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༡༨ ཉིན་སྒང་ཏོག་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་ཀྱིས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༧། སྨན་པ་རབ་འབྱམས་པ་བློ་བཟང་ཡེ་ཤེས་ལགས། བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་སྨན་པ། 

སྨན་པ་རབ་འབྱམས་པ་བློ་བཟང་ཡེ་ཤེས་ལགས་སྐབས་བཅུ་གཉིས་པའི་གསོ་རིག་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ཉིན་མི་རི་ཌ་ ༼Meerut༽ ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་བསྩལ། ལས་ཡུན་རིང་སྤོན་ཌ་དང་རྡེ་ར་ལྡུན་ཡན་ལག་སྨན་ཁང་དུ་འགན་འཛིན་སྨན་པའི་འགན་འཁུར་ཞུས། ཕྱི་ལོ་ ༢༠༡༣ ཟླ་ ༠༧ ཚེས་ ༠༡ ཉིན་དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེར་གནས་སྤོས་བསྩལ་བ་དང་རིམ་པས་སློབ་སྤྱི་གཞོན་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༢༣ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༠༡ ནས་སྦེང་ལོར་སྨན་རྩིས་མཐོ་སློབ་ཏུ་སློབ་སྤྱི་གཞོན་པར་གནས་སྤོས་བསྩལ། ད་ལྟའི་འཆར་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་དུ་སྨན་ཚབ་བསྐྱོད་མཁན་གྱི་ལས་འཁུར་ཞུ་མུས་ཀྱིས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

སྐར་རྩིས་རབ་འབྱམས་པ་ཀུན་དགའ་དོན་གྲུབ་ལགས། པར་སྐྲུན་སྡེ་ཚན་གྱི་སྐར་རྩིས་པ།

སྐར་རྩིས་རབ་འབྱམས་པ་ཀུན་དགའ་དོན་གྲུབ་ལགས་སྐབས་དྲུག་པའི་རྩིས་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ཉིན་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པར་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༠༤ ཚེས་ ༠༡ ཉིན་རྩིས་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༠༡ ཉིན་སྦེང་ལོར་སྨན་རྩིས་མཐོ་སློབ་ཀྱི་རྩིས་དགེར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༢༥ ཟླ་ ༠༢ ཚེས་ ༡ ནས་སྨན་རྩིས་པར་སྐྲུན་སྡེ་ཚན་དུ་གནས་སྤོས་བསྩལ། ལས་ཡུན་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་དྲུག་ནང་སྨན་རྩིས་རིག་གཞུང་འགྲེམས་སྤེལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱང་ཞུས་ཡོད། ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༩། སྐར་རྩིས་རབ་འབྱམས་པ་བཀྲིས་ནོར་བུ་ལགས། ཀོ་ལེ་གལ་ཡན་ལག་སྨན་ཁང་གི་སྐར་རྩིས་པ། 

སྐར་རྩིས་རབ་འབྱམས་པ་བཀྲིས་ནོར་བུ་ལགས་སྐབས་དྲུག་པའི་རྩིས་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༠༤ ཚེས་ ༠༡ ཉིན་སྐར་དཔྱད་རྩིས་རིག་སྡེ་ཚན་དུ་སྐར་རྩིས་པར་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༥ ཚེས་ ༡༥ ཉིན་སྦེལ་ཀོབ་ཡན་ལག་སྨན་ཁང་དུ་སྐར་རྩིས་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༠༤ ཚེས་ ༠༡ ཉིན་རྩིས་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༡༥ ནས་སྦེང་ལོར་མཐོ་སློབ་ཏུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༡ ཉིན་ཀོ་ལེ་གལ་ཡན་ལག་སྨན་ཁང་གི་སྐར་རྩིས་པར་གནས་སྤོས་ཀྱིས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༡༠། ཚེས་བཅུ་ལྷ་མོ་ལགས། ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་ལས་དྲུང་།

ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་ལས་དྲུང་ཚེས་བཅུ་ལྷ་མོ་ལགས་ཕྱི་ལོ་ ༢༠༠༤ ཟླ་ ༠༧ ཚེས་ ༠༡ ཉིན་ཀ་ཏ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་གནས་སུ་བསྐོ་གཞག་བསྩལ། རིམ་པས་མོམ་སྦེ་ཡན་ལག་སྨན་ཁང་དང་ལྡི་ལི་ཕྱིར་ཚོང་སྡེ་ཚན་གྱི་ལས་དྲུང་གི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ཉིན་དབུས་སུ་སྤྱི་ཐབ་ཀྱི་གཉེར་པ་དང་གར་དགོས་ལས་བྱེད་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༣ ཟླ་ ༠༨ ཚེས་ ༠༧ ཉིན་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་ལས་དྲུང་དུ་གནས་སྤོས་ཀྱི་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༡༡། མི་འགྱུར་ཆོས་སྒྲོན་ལགས། སྐར་རྩིས་སྡེ་ཚན་གྱི་ལས་བྱ། 

མི་འགྱུར་ཆོས་སྒྲོན་ལགས་སྨན་རྩིས་ཁང་དུ་ཕྱི་ལོ་ ༢༠༠༣ ཟླ་ ༠༧ ཚེས་ ༠༡ ཉིན་འཛུལ་ཞུགས་བྱས་ཏེ་ཌལ་ཧོར་ཡན་ལག་སྨན་ཁང་དུ་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་གནས་ཐོག་བསྐོ་གཞག་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༠༧ ཚེས་ ༠༡ ཉིན་དབུས་སུ་ལས་བྱེད་འཚུམ་བུ་སྡེ་ཚན་དུ་གར་དགོས་ལས་བྱེད་དུ་གནས་སྤོས་བསྩལ། ད་ལྟའི་འཆར་སྐར་རྩིས་སྡེ་ཚན་དུ་ལས་བྱ་གནང་མུས་ཀྱི་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།

 

༡༢། སྐལ་བཟང་སྒྲོལ་མ་ལགས། གཙང་བཟོ་བ།

སྐལ་བཟང་སྒྲོལ་མ་ལགས་ཕྱི་ལོ་ ༢༠༠༤ ཟླ་ ༠༧ ཚེས་ ༠༡ ཉིན་དབུས་འཛིན་སྐྱོང་ཡིག་ཚང་གི་གཙང་བཟོ་བའི་ལས་གནས་སུ་བསྐོ་གཞག་བསྩལ། ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་ཞབས་ཞུ་བསྒྲུབས་ཡོད།།




མཐའ་མའི་འདོན་ཐེངས་།: 27.03.2025 ཉིན། 4:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།