སྨན་རྩིས་དྲ་བ། - མདུན་ངོས།

མོན་རྟ་དབང་ཁུལ་དུ་རིན་མེད་སྨན་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.12.2021
མདུན་ངོས། >>


མོན་རྟ་དབང་ཁུལ་དུ་རིན་མེད་སྨན་སྐོར།

ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་ནི་རྒྱ་གར་རྒྱལ་ཡོངས་རྩ་ཁྲིམས་ཉིན་མོ་ཡིན་ལ། འདི་ལོའི་ཉིན་དེར་སྲིད་གཞུང་ཁྱེད་ཀྱི་སྒོ་མདུན་དུ་ (सरकार आप के द्वार) ཞེས་པའི་ལས་རིམ་གྱི་སྐབས་སུ། རྒྱ་གར་ཧི་མཱ་ལ་ཡའི་རི་རྒྱུད་ཨརུནཱཅལ་མངའ་སྡེའི་རྟ་དབང་རྫོང་ཁོངས་འབྲུག་ཡུལ་ས་མཚམས་ཀྱི་ཉེ་འགྲམ་བོང་ལེང་(Bongleng Yue)ཞེས་པའི་གྲོང་གསེབ་ས་ཁུལ་གྱི་ཉམ་ཐག་དང་དགོས་ངེས་ཅན་གྱི་ནད་པ་རྣམས་ལ་དམིགས་ཏེ་རིན་མེད་ཐོག་བོད་ཀྱི་གསོ་རིག་སྨན་སྐོར་ཞིག་གོ་སྒྲིག་ཞུས་ཡོད། དེ་ཡང་སྨན་སྐོར་འདིའི་སྦྱིན་བདག་གནང་མཁན། དེཧ་རཱ་དཱུན་རྟེན་གཞི་ཏཱ་རཱ་ཐེབས་རྩ་དང་རྟ་དབང་མོན་པ་ལས་མི་ཚོགས་པ་གཉིས་དང་། རང་རེའི་རྟ་དབང་ཡན་ལག་སྨན་རྩིས་ཁང་མཉམ་རུབ་ཐོག་ནས་གོ་སྒྲིག་ཞུས་པ་ཐེངས་གཉིས་པ་དེ་ཆགས་ཡོད། ད་རེས་ནད་པ་ ༥༦ ལ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སློབ་སྟོན་གནང་ཡོད་ཅིང་དེ་ལ་སྨན་རིན་འགྲོ་གྲོན་ཧིན་སྒོར་ ༢༠,༧༢༧ ཙམ་ཕྱིན་ཡོད། ཚོགས་པ་དེ་གསུམ་གྱིས་དེ་སྔ་ཡང་ ༢༠༢༡ ཟླ་ ༨ ནང་དུ་རྟ་དབང་ཁུལ་གྱི་མང་རྣམ་ཞེས་པའི་གྲོང་གསེབ་གཞན་ཞིག་ཏུ་སྨན་སྐོར་ཐེངས་དང་པོ་དེ་གོ་སྒྲིག་ལེགས་པར་ཞུས་མྱོང་ཡོད།





ད་ཐེངས་སྨན་རྩིས་ཁང་ནས་རྟ་དབང་ཁུལ་གྱི་སྐུ་ཞབས་གསང་ཕུན་ཚོགས་ལགས་ DC དང་། སྐུ་ཞབས་བློ་བཟང་ཚེ་རིང་ལགས་ ADC, Chairman of Times དང་། ཏཱ་རཱ་ཐེབས་རྩའི་ཚོགས་མི་ལྕམ་སྐུ་བསྟན་འཛིན་ཆོས་སྒྲོན་ལགས་ནས་དགོས་མཁོ་ནམ་ཤར་ལ་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།








མཐའ་མའི་འདོན་ཐེངས་།: 04.12.2021 ཉིན། 9:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།