སྨན་རྩིས་དྲ་བ། - མདུན་ངོས།

མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་ལས་གཞི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.06.2024
མདུན་ངོས། >>


 

མེ་རི། ཊི། གཙུག་ལག་སློབ་ཡོན་ལས་གཞི་ (The Mary T Fellowship Program) འོག་མི་ནི་སོ་ཊ་གཙུག་ལག་
སློབ་གཉེར་ཁང་ (The University of Minnesota) དང་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་གཉིས་ཀྱི་
མཉམ་འབྲེལ་གྱི་ལས་གཞི་ཐོག་མ་འགོ་བཙུགས་ཞུས།

 

ཕྱི་ལོ་ ༢༠༢༤  ཟླ་ ༦ ཚེས་ ༡༧ ཉིན་ནི། མེ་རི། ཊི། གཙུག་ལག་སློབ་ཡོན་ལས་གཞི་(The Mary T Fellowship Program)ཐོག་མར་འགོ་འཛུགས་ཀྱི་ཉིན་མོ་ཡིན།  འདི་ནི་མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་(The University Of Minnesota)གི་ཤེས་ཡོན་དང་འགྲོ་བ་མིའི་ཡར་རྒྱས་ཀྱི་མཐོ་སློབ་ཁང་དང་།  འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་གཉིས་ཀྱི་མཉམ་འབྲེལ་གྱི་ལས་གཞི་ཞིག་ཡིན།

            ལས་གཞི་དབུ་འཛུགས་སྐབས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་དང་།  སྐར་རྩིས་སྡེ་ཚན་གྱི་འགན་འཛིན་དང་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་སྐར་དཔྱད་རྩིས་རིག་པ་ཚེ་རིང་ཆོས་འཛོམས་ལགས།  སྤྱི་ཁྱབ་དྲུང་ཆེ་དོན་གྲུབ་དཔལ་ལྡན་ལགས།  དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་པ་ངག་དབང་བཟོད་པ་ལགས།  སློབ་སྤྱི་གཞོན་པ་སྨན་པ་རྣམ་གྲོལ་ལྷ་མོ་ལགས།  མེ་རི། ཊི། གཙུག་ལག་སློབ་ཡོན་ལས་གཞིའི་(The Mary T Fellowship Program team) ཚོགས་ཆུང་བཅས་ཚང་མ་ལྷན་འཛོམས་གནང་ཡོད།

            མེ་རི། ཊི། གཙུག་ལག་སློབ་ཡོན་ལས་གཞིའི་ཚོགས་ཆུང་(The Mary T Fellowship Program team) འདིའི་འགོ་ཁྲིད་ནི་མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་ (The University Of Minnesota) འོག་བོད་ཀྱི་གསོ་བ་རིག་པའི་ལས་འཆར་ (Tibetan Healing Initiative Program) གྱི་འགན་འཛིན་དང་ལས་འཆར་གྱི་ཇུས་སྟོན་པ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་དང་།  ཚོགས་མི་ནི་མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་ (The University Of Minnesota) དང་མཉམ་འབྲེལ་གྱིས་མེ་རི། ཊི། གཙུག་ལག་སློབ་ཡོན་ལས་གཞི་ (The Mary T Fellowship Program) གསར་འཛུགས་གནང་མཁན་གྱི་མཁས་དབང་མེ་རི། ཊི་ཛོས་ཝོལཌ་ (Dr. Mary Tjosvold) དང་།  ཤེས་ཡོན་དང་འགྲོ་བ་མིའི་ཡར་རྒྱས་ཀྱི་མཐོ་སློབ་ཁང་ (College of Education & Human Development) འོག་རྒྱལ་སྤྱིའི་མཐུན་གྲོགས་ལས་གཞི་ཚན་པའི་ (International Initiatives) འགན་འཛིན་མཁས་དབང་མ་རི་ན་ཨ་ལེག་སོ་ (Dr. Marina Aleixo)།  མེ་རི། ཊི། གཙུག་ལག་སློབ་ཡོན་ལས་གཞི་ (The Mary T Fellowship Program) ལྷན་ཚོགས་ཀྱི་ཚོགས་མི་ལྕམ་ཀོ་ལིན། ཊི་ཛོས་ཝོལཌ་ (Ms. Colleen Tjosvold)།  བསླབ་གཞི་རྩ་འཛིན་དང་སློབ་སྟོན་སྡེ་ཚན་གྱི་རིག་གཞུང་དང་སློབ་ཁྲིད་ལས་གཞིའི་དགེ་རྒན་ཆེན་མོ་མཁས་དབང་ནི་ན། ཨེཤེར (Dr. Nina Asher)།  མེ་རི། ཊི། གཙུག་ལག་སློབ་ཡོན་ཐོབ་མཁན་སློབ་གཉེར་བ་ཌ་ནེལ། བྷེར་གྷེར་སོན་ (Daniel Bergerson) དང་ཨོལ་གྷ། ནཱ་ཏ་ཤ།ཧར་ནེན་དེཛ། ཝིལར། ཝིལར་ (Olga Natasha Hernández Villar Villar) གཉིས་བཅས་ཚོགས་བཅར་གནང་ཡོད།

            ལས་གཞི་འདིའི་ཆ་ཤས་སུ་མེ་རི། ཊི། གཙུག་ལག་སློབ་ཡོན་ཐོབ་མཁན་གྱི་སློབ་གཉེར་བ་གཉིས་ཀྱིས་སྨན་རྩིས་ཁང་དུ་བདུན་ཕྲག་བཞིའི་རིང་ལ་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཀྱི་དགེ་རྒན་དང་སློབ་ཕྲུག ལས་བྱེད་ཡོངས་ཀྱི་ནུས་པ་གོང་འཕེལ་ཆེད་གཏམ་བཤད་བྱ་ཐབས་དང་།  ཞིབ་འཇུག་སྙན་ཐོ་འབྲི་སྟངས།  སློབ་ཁྲིད་དང་སློབ་སྦྱོང་བྱ་ཐབས་སོགས་ཀྱི་ཐད་ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པས།  འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་ཁོང་གཉིས་ལ་དགའ་བསུ་དང་ཟབ་སྦྱོང་ལེགས་འགྲུབ་ཡོང་བའི་རེ་འདུན་ཞུ་བཞིན་ཡོད།།







མཐའ་མའི་འདོན་ཐེངས་།: 25.06.2024 ཉིན། 12:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།