སྨན་རྩིས་དྲ་བ། - མདུན་ངོས།

མཱེ་སོར་ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་ཞུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2021
མདུན་ངོས། >>


མཱེ་སོར་ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་ཞུས།


     ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ལོ་རྒྱུས་རང་བཞིན་ལྡན་པའི་མཱེ་སུར་(Mysuru)གྲོང་ཁྱེར་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་པ་ཞིག་དབུ་འབྱེད་ཞུས་ཡོད། འདི་ནི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ ༦༤ པ་དང་མངའ་སྡེ་དེ་ཉིད་ཀྱི་ ༡༠ པ་དེ་ཆགས་ཡོད། ཉིན་དེར་བཀྲིས་རྟེན་འབྲེལ་གྱི་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་པའི་སྐབས་མཱེ་སོར་བོད་ཀྱི་སྡོད་ཁང་གི་འགན་འཛིན་དང་། ས་གནས་བོད་རིགས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་ཚོགས་མི། དེ་བཞིན་མཱེ་སོར་གྲོང་ཁྱེར་དུ་གནས་སྡོད་བོད་མི་བཅས་ཁྱོན་མི་གྲངས་ ༥༠ ཙམ་མཉམ་ཞུགས་གནང་ཡོད། ཏོག་དབྱིབས་༡༩ གཉན་རིམས་རྐྱེན་པས་ཐོག་མ་ཉིད་ནས་མི་ཚོགས་མང་པོ་འདུ་འཛོམས་བྱ་རྒྱུར་ཟོན་བྱས་སྟབས་རྫོང་ཁོངས་གཅིག་པའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཞན་ནས་ཕྱག་སྦྲེལ་སྨན་ལས་སུ་ཡང་བཅར་མེད།


སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གི་ས་ཁང་འདི་ནི་རང་བདག་མ་ཡིན་པ་ཁང་གླའི་ངོ་བོར་གནས་ཡོད་ཅིང་། ད་ལྟའི་ཆར་སྨན་པ་གཉིས་དང་སྨན་རྩིས་ལས་སྣེ་གཉིས་བཅས་ཁྱོན་ལས་བྱེད་བཞི་འདུག ཡན་ལག་སྨན་ཁང་འདི་གསར་འཛུགས་དགོས་དོན་དེ་ཡང་། ས་གནས་དེ་གའི་རྒྱ་གར་སྤྱི་ཚོགས་སུ་བོད་ཀྱི་གསོ་བ་རིག་པའི་སྐོར་གོ་རྟོགས་སྤེལ་རྒྱུ་དང་། དམིགས་བསལ་མཱེ་སོར་ཁུལ་གྱི་རིས་མེད་ནད་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་ལམ་སྟོན་གྱིས་འཕྲོད་བསྟེན་གཅེས་སྲུང་ཐོག་ཞབས་འདེགས་ཞུ་རྒྱུ་དེ་ཡིན་འདུག།



 ཁ་བྱང་།

No. 3, Udaya Ravi Road,
DVC Layout, Ramakrishna Nagar,
Mysore – 570022
Karnataka- India

 

ཁ་པར་ཨང་གྲངས། 0821-4270480

གློག་འཕྲིན་ཁ་བྱང་། mysuru@men-tsee-khang.org

 

སྨན་ཁང་གི་ལས་དུས།

ཉིན་ལྟར། སྔ་དྲོ་ཆུ་ཚོད།   ༩ ནས་ ༡ བར།

                ཉིན་རྒྱབ།    ༢ ནས ༥ བར།

  གུང་ཚིགས་བར་སེང་།      ཚུ་ཚོད་ ༡ ནས་ ༢ བར།

       གུང་གསེང་ཉིན།       རེས་གཟའ་ཟླ་བ།

མཐའ་མའི་འདོན་ཐེངས་།: 25.08.2021 ཉིན། 10:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།