སྨན་རྩིས་དྲ་བ། - མདུན་ངོས།

མངའ་སྡེའི་སྲིད་སྐྱོང་མཆོག་གི་ཕྱག་རྩར་བརྟག་སྟེ་ཁ་དམར་གདགས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.06.2023
མདུན་ངོས། >>


 

མངའ་སྡེའི་སྲིད་སྐྱོང་མཆོག་གི་ཕྱག་རྩར་བརྟག་སྟེ་ཁ་དམར་གདགས་པ།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༩ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་སིམ་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་བྱམས་པ་དབང་མོ་ལགས་དང་། སིམ་ལ་ས་གནས་འགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་རྣམ་གཉིས་སིམ་ལ་ Raj Bhavan ནང་དུ་གནས་སྡོད་ཧིམཱཅཱལ་མངའ་སྡེའི་སྲིད་སྐྱོང་ Shiv Pratap Shukla མཆོག་ལ་ཕྱག་རྩ་གཟིགས་ཤིང་སྨན་པས་ཁ་དམར་གདགས་པར་དགྱེས་ཚོར་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་འདུག

སྤྱིར་སིམ་ལ་ས་གནས་འགོ་འཛིན་དང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་རྣམས་རྒྱ་གར་གྱི་སྒྲོན་མེའི་ཕྲེང་བའི་དུས་སྟོན་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། མངའ་སྡེའི་སྲིད་སྐྱོང་སོགས་གནད་ཡོད་མི་སྣ་ཁག་ལ་མཇལ་ཕྲད་དང་འཚམས་འདྲི་ཞུ་ཕྱིར་བཅར་སྲོལ་ཡོད་ལ། བཀུར་འོས་རྣམ་པ་དང་ནང་མི་ཚོའི་འདོད་བློ་གཞིར་བཟུང་བརྟག་དཔྱད་སྨན་བཅོས་ཀྱང་གནང་གི་ཡོད་པ་རེད།

ད་རེས་མངའ་སྡེའི་སྲིད་སྐྱོང་ Shiv Pratap Shukla མཆོག་ལས་གནས་ལ་ཐུགས་འགན་བཞེས་ནས་འབྲེལ་འདྲིས་ཐོག་མར་ཆགས་ཡོད་ལ། ཁོང་གི་བོད་ཀྱི་གསོ་བ་རིག་པའི་ཐབས་ལམ་སྒོ་ནས་ཕྱག་རྩ་བརྟག་དཔྱད་གནང་འདོད་ཡོད་པ་སིམ་ལ་ས་གནས་འགོ་འཛིན་བརྒྱུད་བཀའ་གནང་སྟབས། རང་རེའི་སྨན་རམས་པ་བྱམས་པ་དབང་མོ་ལགས་དང་ས་གནས་འགོ་འཛིན་རྣམ་གཉིས་འཕྲལ་དུ་བཅར་ཏེ། སྨན་པས་ཕྱག་རྩ་གཟིགས་ནས་འཕྲོད་བསྟེན་གྱི་གནས་སྟངས་ཁ་དམར་གདགས་སྟབས་མངའ་སྡེ་སྲིད་སྐྱོང་མཆོག་ཐུགས་མཉེས་པོ་བྱུང་ཡོད་ཀྱང་ད་ཐེངས་ཁོང་གིས་སྨན་རིལ་བཞེས་ཐུབ་ཀྱི་མེད་པའི་གནས་སྟངས་གསལ་བཤད་གནང་། འོན་ཀྱང་བོད་སྨན་ལ་ཡིད་ཆེས་ཆེན་པོ་སླེབས་པའི་རྟགས་མཚན་དུ་ཉིན་རྗེས་མར་ཁོང་གི་ནང་མི་ཞིག་ཡན་ལག་སྨན་ཁང་དུ་མངགས་ཏེ་བརྟག་དཔྱད་སྨན་བཅོས་ཞུས་གནང་འདུག གང་ལྟར་རྣམ་པ་གཉིས་ཀྱིས་མངའ་སྡེའི་སྲིད་སྐྱོང་མཆོག་ལ་ཕྱག་རྩ་གཟིགས་གྲུབ་རྗེས་འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཕྱག་རྟགས་སུ་འབུལ་གནང་ཡོད།།
















མཐའ་མའི་འདོན་ཐེངས་།: 15.06.2023 ཉིན། 11:07 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།