སྨན་རྩིས་དྲ་བ། - མདུན་ངོས།

མགོན་པོ་གང་གི་ྋསྐུ་ཕྱྭའི་ཆེད་དུ་ཞབས་རིམ་གསོག་སྒྲུབ་ཞུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.06.2024
མདུན་ངོས། >>


༄༅། །མགོན་པོ་གང་གི་ྋསྐུ་ཕྱྭའི་ཆེད་དུ་ཞབས་རིམ་གསོག་སྒྲུབ་ཞུས།



༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། བོད་ཀྱི་འདི་ཕྱིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉེ་ལམ་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་ལྟར། དེ་རིང་དངོས་སུ་སྨན་བཅོས་གནང་རྒྱུའི་དུས་སྐབས་དང་བསྟུན་འཛམ་གླིང་ས་ཕྱོགས་ཀུན་ལ་འཚོ་བཞུགས་དད་དམ་གཡོ་བ་མེད་པའི་བོད་རིགས་སྤྱི་མཚུངས་བཞིན། འདི་ག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུས་ཀྱི་སྡེ་ཚན་དང་ཚན་པ་ཁག་གི་ལས་བྱེད་དང་ལས་མི། སྨན་རྩིས་མཐོ་སློབ་ཁང་གི་དགེ་ལས་སློབ་མ་བཅས་འགོ་ལས་ཡོད་དོ་ཅོག་ནས་དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས ༢༨ ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་ ༥ བར་མཐོ་སློབ་ཚོགས་ཁང་དུ་ཚང་འཛོམས་ཀྱིས་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་བཞིན་དེ་བཞིན་གཤེགས་པ་སྨན་བླ་མཆེད་བརྒྱད་ཀྱི་རྟེན་མཆོག་སྤྱན་སྔར་སྣ་ལྔའི་མཆོད་སྤྲིན་འབུལ་གཤོམས་དང་སྦྲགས་སྨན་བླའི་མདོ་ཆོག་དང་ཏཱ་རའི་བསྟོད་པ་སོགས་མགོན་པོ་གང་ཉིད་ཀྱི་སྐུའི་འཕྲོད་བཞེས་སླད་དུ་ཞབས་རིམ་དང་གཟུངས་སྔགས་འགྲོ་གང་ཆེ་གནད་སྨིན་འབད་སྒྲུབ་ཞུས་ཡོད།།











མཐའ་མའི་འདོན་ཐེངས་།: 28.06.2024 ཉིན། 5:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།