༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)
1
|
2
|
||
3
|
4
|
||
5
|
6
|
||
7
|
8
|
||
9
|
10
|
||
11
|
12
|
||
13
|
14
|
||
15
|
16
|
||
17
|
18
|
||
19
|
20
|
||
21
|
22
|
||
23
|
24
|
||
25
|
26
|
||
27
|
28
|
||
29
|
30
|
||
31
|
32
|
||
33
|
34
|
||
35
|
36
|
||
37
|
38
|
||
39
|
40
|
||
41
|
42
|
||
43
|
44
|
||
45
|
46
|
||
47
|
48
|
||
49
|
50
|
||
51
|
52
|
||
53
|
54
|
||
55
|
56
|
||
57
|
58
|
||
59
|
60
|
||
61
|
62
|
||
63
|
64
|
||
65
|
66
|
||
67
|
68
|
||
69
|
70
|
||
71
|
72
|
||
73
|
74
|
||
75
|
76
|
||
77
|
78
|
||
79
|
80
|
||
81
|
82
|
||
83
|
84
|
||
85
|
86
|
||
87
|
88
|
||
89
|
90
|
||
91
|
92
|
||
93
|
94
|
||
95
|
96
|
||
97
|
98
|
||
99
|
100
|
||
101
|
102
|
||
103
|
104
|
||
105
|
106
|
||
107
|
108
|
||
109
|
110
|
||
111
|
112
|
||
113
|
114
|
||
115
|
116
|
||
117
|
118
|
||
119
|
120
|
||
121
|
122
|
||
123
|
124
|
བླ་སྨན་བསྟན་འཛིན་ཆོས་གྲགས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2011 |
བླ་སྨན་བསྟན་འཛིན་ཆོས་གྲགས།
སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན།
བཅུ་ཕྲག་རིག་གནས་སྤྱི་དང་ཁྱད་པར་དུ་གསོ་དཔྱད་རིག་པར་མངའ་བརྙེས་པའི་མཁས་པའི་དབང་པོ་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནི། བོད་ཆོལ་ག་གསུམ་གྱི་ཡ་གྱལ་དབུས་གཙང་ཆོས་ཀྱི་ཆོལ་ཁའི་ས་ཁོངས་སྙེ་མོ་རྫོང་སྙེ་མོ་གཡག་སྡེ་ཞེས་པར་བོད་རབ་བྱུང་བཅོ་ལྔ་བའི་ཤིང་བྱི་ནག་ཟླའི་ཉ་དང་སྤྱི་ལོ་༡༩༢༤ལོར་ཡབ་བཀྲ་ཤིས་ཚེ་རིང་དང་༼ཡུམ་གྱི་མཚན་མ་ངེས་༽གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུའི་སྟེང་སྙེ་མོ་ཆོས་སྡེར་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་བརྡ་དག་སྙན་སུམ་སོགས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་བདུན་སྟེང་ལྷ་ས་སྨན་རྩིས་ཁང་དུ་ཕེབས་ནས་སྨན་རྩིས་རིག་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་གནང་བ་དང༌། དགུང་ལོ་སུམ་ཅུའི་ཐོག་༸གོང་ས་བཅུ་བཞི་བའི་རྒྱལ་ཡུམ་ཆེན་མོའི་ྋབླ་སྨན་མཛད།
མེ་སྤྲེལ་སྤྱི་ལོ་༡༩༥༦ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བའི་ྋབླ་སྨན་པར་བསྐོ་བཞག་སྩལ། ས་ཕག་སྤྱི་ལོ་༡༩༥༩ལོར་དམ་པ་ཁོང་དུས་ཟིང་གི་ཆག་སྒོའི་ཁྲོད་༸རྒྱལ་བའི་བླ་སྨན་དང་བོད་ཀྱི་སྨན་པའི་མཚན་ཐོག་ནས་རྒྱ་དམར་གཞུང་གིས་བཙན་གནོན་འོག་ལོ་བཅུ་བདུན་ཙམ་ལ་བཙོན་བཅུག་མནར་གཅོད་བཏང་ནས་བཞུགས་དགོས་བྱུང༌། ལྕགས་སྤྲེལ་སྤྱི་ལོ་༡༩༨༠ལོར་རྒྱ་གར་དུ་ཕེབས་ཏེ་སླར་ཡང་ྋསྐུའི་བླ་སྨན་པ་བགྲེས་པར་བསྐོ་བཞག་སྩལ་ཅིང་། བོད་གཞུང་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་དང༌། སྨན་རྩིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་ཚོགས་གཙོ། སྨན་སྦྱོར་དང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་སོགས་ཀྱི་སློབ་སྟོན་པའི་མཚན་གནས་བཞེས་བཞིན་པ་མ་ཟད། གདན་ཞུས་ལྟར་སྔ་རྗེས་སུ་ཨ་རི་དང་། ཁ་ན་ཌ། ཧྥ་རིན་སི། ར་ཤི་ཡ། ལྷོ་ཀོ་རི་ཡ།་འཇར་མན། ཨེ་ཌ་ལི། སིད་སི། ཧོ་ལན་ཌི། ཨོ་སུ་ཀྲོ་ལི་ཡ། འཇར་པན་སོགས་ཕྱིའི་རྒྱལ་ཁབ་མང་པོར་གསོ་རིག་བགྲོ་གླེང་ཚོགས་འདུ་དང་། གཏམ་བཤད། སྨན་བཅོས། མི་སྣ་གལ་ཆེན་ལ་མཇལ་ཁྲིད་བཅས་ལ་ལན་གྲངས་དུ་མར་ཕེབས་ཡོད་ཅིང་། ལྷག་པར་དུ་རྒྱ་གར་ནང་ལའང་སྨན་རྫས་ངོས་འཛིན་དང་ཐབས་འཚོལ་སོགས་གཞུང་དོན་ཆེད་ས་ཕྱོགས་གང་སར་ཕེབས་ནས་སྨན་རྒྱུ་མང་པོ་གཏན་འབེབས་གནང་ཡོད། དེ་བཞིན་དུ་བཞུགས་སྒར་དུ་བཞུགས་ཤག་གནང་རིང་ལའང་དུས་རྒྱུན་ཚོགས་འདུ་ཆེ་ཆུང་དང་སྤྱི་སྒེར་ཐུགས་འཕྲད་སྐབས་སུ་སྤྱི་དོན་ལ་སེམས་ཁུར་དང་ཤ་ཚ་དགོས་ཚུལ་དང་། ༸གོང་ས་མཆོག་གི་བཀའ་དགོངས་བརྩི་དགོས་ཚུལ་སོགས་བསླབ་བྱ་དོན་ལ་ཕན་པ་མང་པོ་གནང་བ་མ་ཟད། གསོ་རིག་གཞུང་གི་དཀའ་གནད་མང་པོའི་དོགས་སེལ་ཀྱང་ཡང་ཡང་གནང་བཞིན་ཡོད། དེའི་ཐད་ལ་༼གསོ་རིག་ལས་རྩ་རླུགང་ཐིག་ལེ་གསུམ་གྱི་རྣམ་བཞག༽ཅེས་པའི་གསུང་རྩོམ་ཡང་མཛད་གནང་ཡོད་པ་དང་།
ཁྱད་པར་དུ་གསོ་བ་རིག་པའི་ཐད་ལ་ཁོང་གིས་བཞག་པའི་མཛད་རྗེས་གཙོ་བོ་ཞིག་ནི་སྤྱི་ལོ་༡༩༧༦ལོར་སྤོ་བོ་ཕུ་ལུང་གྲུ་ཤིས་༼བཞི༽ཐང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དམར་ཁྲིད་ཐེངས་གཉིས་པ་ལག་ལེན་གནང་བ་དང་། དེའི་སྐབས་རྒྱུད་འཛིན་གྱི་སློབ་མ་གཙོ་བོ་ནི་ཁྲོ་རུ་ཚེ་རྣམ་དང་ཐུབ་བསྟན་ཤཱཀྱ་ཚུལ་ཁྲིམས་སོགས་ཡིན་ལ། དེའི་རྗེས་ཁྲོ་རུ་ཚེ་རྣམ་གྱིས་བོད་ཁུལ་ཡོངས་ཀྱི་ས་ཕྱོགས་སྟོད་སྨད་བར་གསུམ་ལ་རྒྱུད་པ་རིམ་སྤེལ་གནང་ནས་དར་ཁྱབ་དུ་སོང་བ་ཞིག་རེད། དེའི་ཡིན་ཚུལ་ནི་ཁྲོ་རུ་ཚེ་རྣམ་གྱི་༼དངུལ་ཆུ་བཙོ་བཀྲུ་དང་ལྕགས་ཁམས་ཐལ་བཟོ་རིན་ཆེན་རིལ་བུ་ཁག་གི་སྦྱོར་ཐབས་ལག་ལེན་བཅས་ཀྱི་ཟིན་བྲིས། ༽ཞེས་པའི་ནང་སྤོ་བོ་གྲུ་ཤིས་ཐང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐོག་མར་བྱེད་སྐབས། བླ་སྨན་པ་སྐུ་ཞབས་བསྟན་འཛིན་ཆོས་གྲགས་ལགས་ནས་དེ་སྔོན་གྲོ་མོ་རུ་ཕྱག་ལེན་གནང་སྐབས་ཀྱི་ཞལ་ཤེས་མཛུབ་ཁྲིད་གནང་བ་བཅས་ཞིབ་པར་ཞུས་ནས་ལག་ལེན་རིམ་པར་བགྱིས་པའོ།།ཞེས་གསུངས་འདུག་པ་དང་།
དེ་བཞིན་དུ་བཙན་བྱོལ་ཏེ་རྒྱ་གར་དུའང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་འབྱུང་ཁུངས་ནི་དམ་པ་ཁོང་ཡིན་ལ། སྤྱི་ལོ་༡༩༨༢ལོར་༸གོང་ས་མཆོག་གི་བཀའ་དགོངས་བཞིན་བཞུགས་སྒར་ཕོ་བྲང་དུ་བཙན་བྱོལ་སྨན་རྩིས་ཁང་གི་སྨན་པ་རྣམས་ལ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དངོས་ཀྱི་མཛུབ་ཁྲིད་གནང་། དེའི་རྗེས་ནས་སྨན་རྩིས་ཁང་དུ་སླར་ཡང་ཐེངས་ཤས་ཕྱག་རྒྱུན་གནང་བ་ལ་བརྟེན་ནས་བཟུང་ད་ལྟ་ཡིན་ཡང་ཁོང་གི་ཕྱག་རྒྱུན་ལག་ལེན་དུ་བསྟར་བཞིན་པ་དང་། ལག་ལེན་དེའི་ཕྱོགས་ནས་རང་སྐྱ་འཕེར་བའི་དགེ་ཕྲུག་ཀྱང་མང་པོ་གསོ་སྐྱོང་གནང་ཡོད་པ་རེད། དེས་ན་དམ་པ་ཁོང་ནི་བོད་ཕྱི་ནང་གཉིས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་གྱི་ཁོངས་གཏུགས་སའི་སློབ་དཔོན་ནམ་བླ་མ་གཙོ་བོ་ཡིན་པ་ཙམ་དུ་མ་ཟད། འཇིག་ལ་ཉེ་བའི་ལག་ལེན་འདིའི་རྒྱུན་སླར་གསོ་བྱེད་མཁན་གྱི་ལོ་རྒྱུས་ཐོག་གི་མི་སྣ་གལ་ཆེན་དེ་ཡང་ཡིན་ནོ། །
མདོར་ན་བླ་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་ནི་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཙམ་མ་ཡིན་པར་ཆོས་སྲིད་གཉིས་ཐད་ནས་རང་རེའི་རྩ་དོན་ལ་བྱས་རྗེས་ཁྱད་དུ་ཆེ་ཞིང་། གཞན་ཕན་གྱི་འགྲོ་དོན་ཁོ་ན་བསྐྱངས་ཏེ་མཚན་སྙན་གྱི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་སྐྱེས་བུ་དམ་པ་ཞིག་ཡིན། མཐར་སྤྱི་ལོ་༢༠༠༡ལོའིཟླ་༤ཚེས༦ལ་བཞུགས་སྒར་རྡ་སའི་གཟིམ་ཤག་ཏུ་དགུང་ལོ་༧༧ཐོག་དགོངས་པ་ཆོས་དབྱིངས་སུ་འཐིམ། ཟུར་བརྗོད། རྣམ་ཐར་རྒྱས་པ་གཞན་དུ་ཡོད་པས་དེ་ལ་གཟིགས་རྒྱུ།།
མཐའ་མའི་འདོན་ཐེངས་།: 12.02.2011 ཉིན། 9:32 AM
<< སྔ་མ།