སྨན་རྩིས་དྲ་བ། - དྲ་བརྙན།

བོད་ལུགས་སྨན་རྫས་དང་ཐོན་ཁུངས་སྲུང་སྐྱོབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2015
དྲ་བརྙན། >>

 

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་2015 ཟླ་10 ཚེས་26-31བར་ཉིན་དྲུག་རིང་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ "བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་" ཅིག་གོ་སྒྲིག་ཞུས་པའི་སྐབས། སྨན་རམས་པ་ཚེ་རིང་ནོར་བུ་ལགས་ཀྱིས་བོད་ལུགས་སྨན་རྫས་དང་ཐོན་ཁུངས་སྲུང་སྐྱོབ་བྱེད་ཚུལ་གྱི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གནང་ཡོད་པ་དེ་ཡིན། འདིའི་ནང་དུ་ཁོང་གིས་བོད་ལུགས་གསོ་བ་རིག་པའི་ས་མཐོའི་སྐྱེ་དངོས་སྨན་རྫས་ཁོངས་སུ་སྨན་རྫས་ལྔ་བཅུ་ལྷག་གི་ངོ་སྤྲོད་གནང་ཡོད། དེར་གསུང་བཤད་ཚན་པ་གཉིས་ཡོད། གཞན་ཡང་དེང་སྐབས་རང་བྱུང་སྨན་རྫས་ལ་འཕྲད་པའི་འགལ་རྐྱེན་དང་། སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཐབས་ཇུས་སྐོར་གསུང་བཤད་སྙིང་བསྡུས་ཤིག་ཀྱང་གནང་ཡོད་པ་རེད།

 

འདིར་ནོན་ནས་བོད་ལུགས་སྨན་རྫས་སྐོར་གྱི་གསུང་བཤད་ཚན་པ་དང་པོ་དེ་གསན།

འདིར་ནོན་ནས་བོད་ལུགས་སྨན་རྫས་སྐོར་གྱི་གསུང་བཤད་ཚན་པ་གཉིས་པདེ་གསན།

འདིར་ནོན་ནས་སྨན་རྫས་ལ་འཕྲད་པའི་འགལ་རྐྱེན་དང་ཐོན་ཁུངས་སྲུང་སྐྱོབ་བྱེད་ཐབས་སྐོར་གསན།


 

 

གསུང་བཤད་བརྗོད་གཞི་སྙིང་བསྡུས།

རང་བྱུང་སྨན་རྫས་ལ་འཕྲད་པའི་འགལ་རྐྱེན།

༡། ས་བབས་རང་བཞིན་གྱི་འགལ་རྐྱེན།

༢། གནམ་གཤིས་ཀྱི་འགལ་རྐྱེན།

༣། གཞུང་འཛིན་རང་བཞིན་གྱི་འགལ་རྐྱེན།

[དེ་དག་གི་འབྲས་བུ་ནི།] ཐོན་ཁུངས་ཉམས་ཉེན།


 

སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཐབས་ཇུས།

ས་བབས་དང་མཐུན་པའི་སྨན་རྒྱུ་འདེབས་འཛུགས།

རང་བྱུང་སྨན་རྫས་སྲུང་སྐྱོབ་ལྟེ་གནས།

རྒྱལ་ཁྲིམས་ཀྱི་བདག་སྐྱོང་ལམ་ལུགས་ལག་བསྟར།

སྨན་ཚབ་གཏོང་བའི་ལས་དོན་རྒྱ་བསྐྱེད།

འཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱབ་བརྡལ། ཞེས་སོ།།

 

 


མཐའ་མའི་འདོན་ཐེངས་།: 04.12.2015 ཉིན། 10:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།