བོད་ཀྱི་རིག་གནས་དང་དེང་རབས་སློབ་ཚན་བར་འབྲེལ་ཚུལ་སྐོར་གླེང་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.07.2016 |
བོད་ཀྱི་རིག་གནས་དང་དེང་རབས་སློབ་ཚན་བར་འབྲེལ་ཚུལ་སྐོར་གླེང་བ།
ྋསྐུའི་གསུང་སྒྱུར་གཙོ་བོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་༢༠༡༦ ཟླ་༧ ཚེས་༢༩ དགོང་མོ་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་《བོད་ཀྱི་གསོ་རིག་གཙོས་རིག་གནས་ཆེ་ཁག་དང་དེང་རབས་སློབ་ཚན་བར་འབྲེལ་ཚུལ་སྐོར་》ཞེས་པའི་བརྗོད་གཞིའི་ཐོག་འདི་གའི་དགེ་སློབ་ལྷན་རྒྱས་དང་། དོན་གཉེར་ཅན་འདུས་པ་རྣམས་ལ་ཤིན་ཏུ་སྨན་པའི་གསུང་བཤད་གནད་བསྡུས་ཤིག་དང་། དེ་ནས་དུས་ཚོད་ཕལ་ཆེ་བ་སློབ་མ་ཚོའི་དོགས་འདྲི་དང་དགོངས་འཆར་ལ་གསན་བསམ་དང་དེ་དག་ལ་ལན་འདེབས་བཅས་གནང་ཡོད།
དང་པོ། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱི་གསུང་བཤད་གསན།
གཉིས་པ། དོགས་འདྲི་ཁག་ལ་ལན་འདེབས་གནང་བ་གསན།
མཐའ་མའི་འདོན་ཐེངས་།: 30.07.2016 ཉིན། 3:18 PM
<< སྔ་མ།