སྨན་རྩིས་དྲ་བ། - མདུན་ངོས།

བུདྡྷ་བནཾ་སྐྱེད་མོས་ཚལ་དུ་སྨན་སྐོར་བྱས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.05.2023
མདུན་ངོས། >>


བུདྡྷ་བནཾ་སྐྱེད་མོས་ཚལ་དུ་ཉིན་གཅིག་གི་སྨན་སྐོར་ལེགས་གྲུབ།
 

རྒྱ་གར་ལྷོ་ཕྱོགས་ཏེ་ལཾ་གཱ་ནཱ་མངའ་སྡེ་གཞུང་གིས་ནཱགཱརྫུན་སཱགར་གྱི་ཀྲྀཥྞཱ་གཙང་ཆུའི་བྱང་ཕྱོགས་ངོགས་སུ། Buddhavanam བུདྡྷ་བནཾ་(སངས་རྒྱས་ཀྱི་སྐྱེད་ཚལ་)ཞེས་ནང་པ་སངས་རྒྱས་པ་དང་འབྲེལ་ཆགས་པའི་སྐྱེད་མོས་ཚལ་བྱིན་ཅན་ཡིད་དུ་འོང་བ་ཞིག་འཛུགས་སྐྲུན་གནང་ཡོད། གནས་དེར་གནས་བརྟན་སྡེ་པའི་ལུགས་ཀྱི་བདག་ཅག་སྟོན་པ་སྐུ་བལྟམས་པ་དང་། མངོན་པར་རྫོགས་པ་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་མཛད་ཆེན་གསུམ་འཛོམས་ཀྱི་མི་ལོ་ ༢༥༦༧ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས་གནང་ཡོད། དེ་དུས་རང་རེའི་སི་ཀན་ད་རཱ་བཱད་ཡན་ལག་སྨན་ཁང་ལ་ཉིན་དེར་སྨན་སྐོར་ཆེད་མགྲོན་འབོད་གནང་བ་ལྟར་། སྨན་པ་ངག་དབང་ཡེ་ཤེས་ལགས་དང་། སྨན་པ་དཔལ་སྒྲོན་ལགས་བཅས་ལས་བྱེད་གཞན་གསུམ་ནས་སྔ་དྲོ་ཆུ་ཚོད་དགུ་པ་ནས་དགོང་མོ་དྲུག་པའི་བར་གསོ་རིག་སྨན་པས་ནད་པ་སུམ་ཅུ་ལྷག་ལ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་ལམ་སྟོན་གནང་བ་དང་། གཞན་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མམ་མགོན་པོ་གང་ཉིད་དང་འབྲེལ་བའི་དེབ་རིགས་དང་། བོད་ཀྱི་སྨན་རྩིས་རིག་པའི་དེབ་རིགས། འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་རྣམས་འགྲེམས་སྟོན་དང་ཚོང་སྒྱུར་ཡང་ཞུས་གནང་ཡོད།

 

འགྲོ་ཕན་སྨན་རྩིས་ཁང་ནས་འབྲེལ་ཡོད་འགོ་ལས་ཏེ། བུདྡྷ་བནཾ་དམིགས་བསལ་ལས་བྱེད་པ་ Shri Laxamaiah Mallepelle ལགས་དང་། དེ་བཞིན་དམིགས་བསལ་འགན་ཁུར་ལས་བྱེད་པ་ Mr. Sudhan Reddy ལགས་དང་། བུདྡྷ་བནཾ་ལས་གཞིའི་ལས་བྱེད་པ་ Mr Vishnu ལགས་དང་། ཏེ་ལཾ་གཱ་ནཱ་མངའ་སྡེ་གཞུང་བཅས་ནས་ང་ཚོའི་ས་གནས་ཡན་ལག་སྨན་ཁང་གི་སྨན་ལས་རྣམས་ལ་དེའི་ཉིན་གྱི་དགོས་མཁོའི་མཐུན་རྐྱེན་མཐའ་དག་སྦྱར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།



























མཐའ་མའི་འདོན་ཐེངས་།: 12.05.2023 ཉིན། 2:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།