སྨན་རྩིས་དྲ་བ། - མདུན་ངོས།

ཕ་རན་སིའི་རུ་ཁག་གཅིག་གཟིགས་སྐོར་དུ་ཕེབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.06.2024
མདུན་ངོས། >>


ཕ་རན་སིའི་རུ་ཁག་གཅིག་གཟིགས་སྐོར་དུ་ཕེབས།

ཕ་རན་སིའི་འཕྲོད་བསྟེན་མཐུན་ཚོགས་ (Health United, France) དང་། སྦི། སི། ཨཡི། ཕ་རན་སི་ (BCI France) གཉིས་ཀྱི་སྦྱོང་བརྡར་སྤྲོད་རྒྱུའི་ཆོག་མཆན་ལག་འཁྱེར་ཐོབ་པའི་ཕ་རན་སིའི་འཕྲོད་བསྟེན་ཚོགས་པ་ ཨཡི། ཨེཕ། པི། པི། སི། ཀེམ་ཀིས་ (IFPPC CAMKeys) ཡི་ཚོགས་མི་བཅུ་གཉིས་བཞུགས་སྒར་དྷ་རམ་ས་ལར་ཉིན་གསུམ་སྡོད་ཡུན་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཕྱི་ལོ ༢༠༢༤  ཟླ་ ༦ ཚེས་ ༢༥ ནས་ ༢༦ བར་གཟིགས་སྐོར་དུ་ཕེབས་ཡོད།

ཚོགས་ཆུང་དེའི་ཁོངས་སུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (WHO) ཀྱི་སྐུ་ཚབ་དང་།  སྨན་པ།  སྨན་ཞབས་པ།  ད་དུང་ཕ་རན་སིའི་འཕྲོད་བསྟེན་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་མི་སྣ་ཁག་གཅིག་བཅས་ཡོད།

ཁོང་ཚོའི་རེ་བསྐུལ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་སྨན་པ་བཞི་ཡིས་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་དང་། མི་ཡི་རང་བཞིན་བདུན། ལུས་སེམས་གཉིས་ཐ་མལ་ནད་མེད་ཇི་ལྟར་གནས་ཐབས། ནད་ཅན་དང་ནད་མེད་བཅས་བརྗོད་གཞི་མི་འདྲ་བའི་ཐོག་གཏམ་བཤད་གོ་སྒྲིག་ཞུས་ཡོད།

སྨན་པ་རྣམས་ཀྱི་གསུང་བཤད་ལ་མཉམ་ཞུགས་བ་ཚོས་དགའ་བསུ་ཆེན་པོ་བྱས་ཡོད་པ་མ་ཟད། མཉམ་ཞུགས་བ་འགའ་ནས་སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པར་བསྟེན་གཏུགས་དང་སྐར་རྩིས་སྡེ་ཚན་ནས་ངག་ཐོག་རྩིས་འབྲས་ཀྱང་བསྐོར་ཡོད།







མཐའ་མའི་འདོན་ཐེངས་།: 01.07.2024 ཉིན། 9:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།