སྨན་རྩིས་དྲ་བ། - མདུན་ངོས།

ཕ་མ་དམ་པའི་ཆེདུ་སླར་ཡང་སྨན་སྦྱིན་བཏང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.08.2022
མདུན་ངོས། >>


ཕ་མ་དམ་པའི་ཆེད་དུ་སླར་ཡང་སྨན་སྦྱིན་བཏང་།

འགྲོ་ཕན་སྨན་རྩིས་ཁང་ནས་འདི་ལོའི་ཟླ་ ༨ ཚེས་ ༡ སྟེ་ཉིན་གཅིག་རིང་ཧོན་སུར་དང་། པོན་ཊ། མེན་པཊ་ས་གནས་ཡན་ལག་སྨན་ཁང་ཁག་གསུམ་དུ་རིས་མེད་ནད་པར་སྨན་སྦྱིན་ལས་གཞི་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་རིན་མེད་སྨན་སྦྱིན་འདི་ནི་སིང་ག་པུར་གནས་སྡོད་པ་སྐུ་ཞབས་ Mr. Anthony Raeche ལགས་དང་། ལྕམ་སྐུ་ Ms. Esther Bay ལགས་རྣམ་གཉིས་ནས་རང་རང་གི་ཚེ་འདས་ཕ་མ་རྣམས་ལ་དམིགས་ཏེ་སྨན་སྦྱིན་བཏང་བ་ཞིག་ཡིན། གཞན་ཡང་ད་ལྟའི་ཆར་ཁོང་ཚོའི་འབྲེལ་ཡོད་ལྕམ་སྐུ་ Ms. Jeronima Borges Dejesus Reaych ལགས་ཏོག་དབྱིབས་གཉན་རིམས་༡༩ ནད་ཐེབས་ནས་ཡོད་པ་དེ་ལས་མྱུར་དུ་དྲག་སྐྱེད་ཡོང་ཕྱིར་སྨོན་པ་ཞིག་ཀྱང་རེད་འདུག

ད་ཐེངས་ས་གནས་ཁག་གསུམ་དུ་ཉིན་གཅིག་རིང་རང་ཅག་གསོ་རིག་སྨན་པས་རིས་མེད་ནད་པ་ ༣༣༩ ལ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་ལམ་སྟོན་ཞུས་ཡོད་པ་དང་། དེ་ལ་སྨན་རིན་ཧིན་སྒོར་ Rs. 103,000.00 ཆིག་འབུམ་སུམ་སྟོང་སོང་ཡོད། ལྷག་པར་ཁོང་གཉིས་ནས་འདི་ལོའི་ཟླ་ ༥ ནང་དུའང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཞན་གཉིས་སུ་ནད་པ་ ༣༢༧ ཆེད་དུ་སྨན་སྦྱིན་ཧིན་སྒོར་ Rs. 1,07,600.00 ཆིག་འབུམ་བདུན་སྟོང་དྲུག་བརྒྱ་ཙམ་བཏང་ཡོད་འདུག

དེ་ལྟར་ནད་པར་ཤིན་ཏུ་བརྩེ་སེམས་ཀྱིས་ཀུན་ནས་སློང་སྟེ་རླབས་ཆེན་གྱི་དགེ་བའི་ལས་བསྒྲུབས་པ་འདིའི་མཐུས་གཏོང་ཕོད་ཅན་གཉིས་ཀྱི་བསྔོ་སྨོན་མཐའ་དག་མྱུར་དུ་གྲུབ་པར་གསོལ་འདེབས་ཞུ་རྒྱུ་མ་ཟད། ནད་པ་༣༣༩ ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།














མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 11:42 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།