ཕ་མ་དམ་པའི་ཆེད་དུ་སྨན་སྦྱིན་བཏང་། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.06.2022 |
ཕ་མ་དམ་པའི་ཆེད་དུ་སྨན་སྦྱིན་བཏང་།
ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་སྨན་རྩིས་ཁང་ལ་དྭགས་རིག་གཞུང་བསྟི་གནས་ཁང་དང་ཅོག་ལམ་སར་ཡན་ལག་སྨན་ཁང་། དེ་བཞིན་ཉིན་དེ་རང་ཨོ་ཌི་ཤ་མངའ་སྡེ་ཕུན་ཚོགས་གླིང་གཞིས་ཆགས་ཡན་ལག་སྨན་རྩིས་ཁང་བཅས་ས་གནས་ཁག་གཉིས་སུ། ཉིན་གཅིག་རིང་སྨན་རྩིས་ཁང་ནས་རིས་མེད་ནད་པར་སྨན་སྦྱིན་ལས་གཞི་ཞིག་གོ་སྒྲིག་ཞུས་གནང་བ་རེད།
དེ་ཡང་རིན་མེད་སྨན་སྦྱིན་འདི་ནི་སྐུ་ཞབས་ Anthony George Raeche ལགས་ཀྱི་རང་གི་ཚེ་འདས་ཕ་མ་ Mr. & Mrs. Assad Budwi Raechi རྣམ་གཉིས་དང་། དེ་བཞིན་ལྕམ་སྐུ་ Esther Bay ལགས་ཀྱི་ཚེ་འདས་ཕ་མ་ Mr. Bay Tan Wah & Mdm Tan Seok Mai རྣམ་གཉིས་ཀྱི་དྲན་རྟེན་ཚུལ་དུ་གཞན་ཕན་ལས་གཞི་འདི་སྦྱིན་བདག་གནང་བ་རེད། དེའི་ཉིན་ས་གནས་དེ་དག་ཏུ་གསོ་རིག་སྨན་པས་ནད་པ་ཁྱོན་བསྡོམས་ ༣༢༧ ལ་ཟས་སྤྱོད་སྤང་བླང་སློབ་སྟོན་དང་སྦྲགས་སྨན་པ་བསྟེན་གཏུགས་ཡང་རིན་མེད་བཏང་གནང་ཡོད། ད་ཐེངས་ཉིན་གཅིག་གི་ནད་པའི་སྨན་རིན་དོད་དུ་ཧིན་སྒོར་ Rs. 1,07,600.00 ཆིག་འབུམ་བདུན་སྟོང་དྲུག་བརྒྱ་ཙམ་ཕྱིན་ཡོད་པས་སྨན་རྩིས་ཁང་ནས་གཏོང་ཕོད་ཅན་གཉིས་ཀྱི་དགེ་རྩ་ལ་རྗེས་སུ་ཡི་རང་དང་སྦྲགས་ཉམ་ཐག་ནད་པའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས།
མཐའ་མའི་འདོན་ཐེངས་།: 01.07.2022 ཉིན། 10:32 AM
<< སྔ་མ།