སྨན་རྩིས་དྲ་བ། - མདུན་ངོས།

ནང་ཆོས་འཆད་འཁྲིད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.09.2016
མདུན་ངོས། >>

 

 

ནང་ཆོས་འཆད་འཁྲིད།
 

 

དེང་སྐབས་ཕྱི་དངོས་པོ་ཡར་རྒྱས་ཤུགས་ཆེར་འགྲོ་བཞིན་པའི་སྐབས་མིའི་སེམས་ཁམས་མི་བདེ་བའི་ནད་གཞི་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་རྒྱ་གར་བརྙན་འཕྲིན་(NDTV)གྱི་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ཐ་ན་རྒྱ་གར་ནང་ལའང་མི་ས་ཡ་༦༠ ཙམ་ལ་སེམས་ཁམས་ཀྱི་དཀའ་ངལ་ཡོད་པའི་སྐོར་འཁོད་འདུག སེམས་ཀྱི་དཀའ་ངལ་སེལ་བར་ནང་དོན་རིག་པ་ལས་གསུངས་པའི་སེམས་ཁམས་འཕྲོད་བསྟེན་དང་སྒོམ་སྒྲུབ་ཉམས་ལེན་གྱིས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་དེང་སྐབས་ཚན་རིག་པས་མགྲིན་གཅིག་ཏུ་གླེང་བཞིན་ཡོད། དེར་བརྟེན་འདི་ག་བོད་ཀྱི་སྨན་རྩིས་ཁང་གི་འཛིན་སྐྱོང་ནས་དགོངས་པ་ཆེར་བཞེས་ཏེ། སྨན་རྩིས་ལས་སློབ་རྣམས་ལ་རང་གཞན་ཀུན་ལ་ཕན་པའི་སླད་དུ་ནང་ཆོས་འཆད་འཁྲིད་གོ་སྒྲིག་ཞུ་བཞིན་ཡོད།  

 

དེ་རིང་ཕྱི་ལོ་༢༠༡༦ ཟླ་༩ ཚེས་༧ ནས་བཟུང་རེས་གཟའ་ལྷག་པ་འཆར་ཅན་ཕྱི་དྲོའི་ཆུ་ཚོད་༤།༣༠ ནས་༥།༡༥ བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བསྟན་པ་བཀྲིས་ལགས་ནས་སྨན་རྩིས་ལས་སློབ་དོན་གཉེར་ཅན་རྣམས་ལ་སྒོམ་སྒྲུབ་ཉམས་ལེན་བྱེད་ཚུལ་སྐོར་སློབ་འཁྲིད་གནང་འགོ་ཚུགས་ཡོད།

 

འདི་ཟླའི་ཚེས་༡༦(དབུ་འབྱེད་མཛད་སྒོ་) ནས་རེས་གཟའ་མིག་དམར་དང་ཕུར་བུ་འཆར་ཅན་ཕྱི་དྲོའི་ཆུ་ཚོད་༤།༠༠ ནས་ ༦།༠༠ བར་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་པའི་ནང་ཆོས་སློབ་དཔོན་དགེ་བཤེས་བློ་བཟང་ཟླ་བ་ལགས་ནས་སྨན་རྩིས་ལས་སློབ་དང་ཕྱི་མི་དོན་གཉེར་ཅན་རྣམས་ལའང་ནང་པའི་ཚན་རིག་དང་ལྟ་གྲུབ། ནང་དོན་རིག་པ་ལས་གསུངས་པའི་སེམས་ཁམས་འཕྲོད་བསྟེན། རྟགས་རིག་གི་རྣམ་གཞག་སྐོར་སྨན་རྩིས་ཁང་དུ་འཆད་འཁྲིད་གནང་འཆར་ཡོད།

ཕྱི་མི་དོན་གཉེར་ཅན་གང་ཞིང་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱི་ནང་ཆོས་སློབ་ཚན་ལ་འཛུལ་ཞུགས་བྱ་འདོད་ན་བོད་ཀྱི་སྨན་རྩིས་ཁང་གི་སྣེ་ལེན་འབྲེལ་མཐུད་པར་ཐོ་འགོད་གནང་རོགས་ཞུ།


མཐའ་མའི་འདོན་ཐེངས་།: 08.09.2016 ཉིན། 2:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།