དྷ་སའི་ཉེ་འཁྲིས་སུ་ཕག་པའི་གཉན་རིམས་བསླེབས་ཟིན་འདུག |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2015 |
དྷ་སའི་ཉེ་འཁྲིས་སུ་ཕག་པའི་ཆམ་རིམས་བསླེབས་ཟིན་འདུག
འདི་ཟླའི་ཚེས་༨ ཉིན་ཧིན་དྷུ་དུས་བབ་དྲ་བར་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་གསར་པའི་ནང་ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་ཡོད་པའི་གནས་ཚུལ་ཐོག་མ་དེ་ཐོན་འདུག དེ་ཡང་ཊན་ཌ་ཨིནྡྲ་གྷན་དྷི་སྨན་གྱི་མཐོ་རིམ་སློབ་གཉེར་ཁང་ནས་ནད་པ་བུད་མེད་ལོ་ན་༥༩ ལ་སོན་པ་ཞིག་གི་ཁྲག་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་བརྟག་དཔྱད་ཆེད་བཏང་སྟེ། ཁ་སང་རེས་གཟའ་ཉི་མའི་ཉིན་ནད་པ་དེ་ལ་ཕག་པའི་གཉན་རིམས་འགོས་ཁྱབ་བྱུང་ཡོད་པའི་གནས་ཚུལ་བསྒྲགས་འདུག
རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཟླ་༢ ཚེས་༣ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་བ་དང་པོའི་ནང་ཕག་པའི་གཉན་རིམས་འགོས་ཁྱབ་བྱུང་བའི་ནད་པ་གྲངས་༢༠༣༨ བྱུང་ཡོད་པ་དང་། དེའི་ནང་ནས་ནད་པ་གྲངས་ ༡༩༡ འདས་གྲོངས་སུ་གྱུར་འདུག ལྷག་པར་དུ་ནད་ཡམས་དེ་རྒྱ་གར་ལྷོ་ཕྱོགས་དང་དིལླི་ཁུལ་དུ་འགོས་ཁྱབ་ཤུགས་ཆེར་བྱུང་འདུག་པ་དང་ད་ལམ་རྒྱ་གར་ནུབ་ཕྱོགས་སུ་རིམ་བཞིན་འགོས་ཁྱབ་འགྲོ་བཞིན་འདུག
ཕྱི་ལོ་༢༠༡༢ ནས་ ༢༠༡༥ ཟླ་བ་དང་པོ་བར་གྱི་གནས་ཚུལ།
ཕྱི་ལོ།
|
འགོས་ཁྱབ་བྱུང་བའི་ནད་གྲངས།
|
འདས་གྲོངས་ཕྱིན་པའི་གྲངས།
|
༢༠༡༥། ཟླ་༡
|
༢༠༣༨
|
༡༩༡
|
༢༠༡༤
|
༩༣༧
|
༢༣༨
|
༢༠༡༣
|
༥༢༥༣
|
༦༩༩
|
༢༠༡༢
|
༥༠༤༤
|
༤༠༥
|
ཕག་པའི་གཉན་རིམས་སྐོར་གྱི་འཕྲོད་བསྟེན་ཤེས་བྱ།
མཐའ་མའི་འདོན་ཐེངས་།: 18.05.2017 ཉིན། 4:16 PM
<< སྔ་མ།