དེབ་ཐེར་གཉིས་ཀྱི་རྒྱུ་ཆའི་འབྱུང་ཁུངས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2016 |
<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།
ལོ་རྒྱུས་དེབ་ཐེར་སྟོད་སྨད་གཉིས་ཀྱི་རྒྱུ་ཆ་འཚོལ་ལེན་བྱེད་སའམ་འབྱུང་ཁུངས་ནི་གཤམ་གསལ་ཁག་ཡིན།
༡༽ སྨན་རམས་པ་ཆོས་ལོ་ཐར་གྱིས་བྲིས་པའི་འགྲོ་ཕན་སྨན་རྩིས་ཁང་གི་གདན་རབས་དྲི་མེད་ཤེལ་གྱི་མེ་ལོང་། ཞེས་པ་དང་།
༢༽ སྨན་རྩིས་པ་བསོད་ནམས་རིན་ཆེན་གྱིས་བྲིས་པའི་འཚོ་བྱེད་སློབ་དཔོན་རྣམ་གསུམ་གྱི་མཛད་འཕྲིན་གནད་བསྡུས། ཞེས་པ།
༣༽ རང་གཞུང་བཀའ་ཤག་ཁོངས་གཏོགས་ཡིག་ཆ་ཉར་ཚགས་ཁང་དུ་ཕྱི་ལོ ༡༩༦༡ ནས ༡༩༧༠ བར་དུ་ཡོད་པའི་ཡིག་ལྐོག་གྲངས་ ༡༧ ནང་ཡིག་ཆ་རྣམས་གྲངས་མི་འདྲ་བ་སུམ་བརྒྱ་ལྷག་ཡོད་པ་རྣམས་དང་།
༤༽ ཕྱི་ལོ་ ༡༩༨༥ ཙམ་ནས་ཕྱི་ལོ ༢༠༡༡་བར་གྱི་ལས་བསྡོམས་ཡིག་ཆ་ཁག།
༥༽ བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་འདོན་སྤེལ་བྱེད་བཞིན་པའི་ཤེས་བྱ་དུས་དེབ་ཁག་དང་རང་དབང་གསར་ཤོག
༦༽ སྨན་རྩིས་གསར་འཕྲིན་ཁག་བཅས་ཡིག་ཆ་ཁག
དེ་བཞིན་བཅར་འདྲི་ཞུ་ཡུལ་མི་སྣ་རྣམས་ནི།
༡། ྋསྐུའི་བླ་སྨན་ཟུར་བ་ཡེ་ཤེས་དོན་ལྡན། སྨན་སྦྱིན་སློབ་ཁང་ཐོག་མ་འཛུགས་མཁན།
༢། སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ། ཆོས་དོན་དྲུང་ཟུར།
༣། ྋསྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ། བུ་ཁྱིམ་དབུ་ཟུར།
༤། སྐུ་ངོ་རྟ་ར། སྐུ་སྒེར་དྲུང་ཆེ་ཟུར་པ།
༥། སྟག་ལྷ་རྣམ་རྒྱལ་ལྷ་མོ། སྨན་རྩིས་ཁང་གི་འགན་འཛིན་ཟུར་བ།
༦། རྒྱལ་ནང་བློ་བཟང་ནོར་བུ། སྨན་རྩིས་ཁང་གི་དྲུང་ཆེ་ཟུར་པ།
༧། སྨན་རམས་པ་པདྨ་རྡོ་རྗེ། སྨན་སློབ་སྐབས་གཉིས་པའི་སློབ་ཐོན་གྲས།
༨། སྨན་རམས་པ་ཟླ་བ་སྒྲོལ་མ། སྨན་སློབ་སྐབས་གཉིས་པའི་སློབ་ཐོན་གྲས།
༩། སྨན་རམས་པ་ངག་དབང་མཁྱེན་བརྩེ། སྨན་སློབ་སྐབས་གཉིས་པའི་སློབ་ཐོན་གྲས།
༡༠། སྨན་རམས་པ་ཚེ་རིང་རྡོ་རྗེ། སྨན་སློབ་སྐབས་གཉིས་པའི་སློབ་ཐོན་གྲས།
༡༡། སྨན་རམས་པ་བསོད་ནམས་ལྷ་མོ། སྨན་སློབ་སྐབས་གཉིས་པའི་སློབ་ཐོན་གྲས།
༡༢། སྨན་རམས་པ་ཚེ་དབང་རྟ་མགྲིན། སྨན་སློབ་སྐབས་གསུམ་པའི་སློབ་ཐོན་གྲས།
༡༣། བློ་བཟང་བཀྲ་ཤིས། ཞབས་ལོ་སོ་ལྔའི་རིང་སྨན་སྦྱོར་ཁང་དུ་ཞབས་ཞུ་ཞུས་པའི་ལས་བྱེད་ཟུར་བ།
༡༤། གསང་སྔགས། ཞབས་ལོ་སུམ་ཅུ་འཁོར་བའི་སྨན་སྦྱོར་ལས་བྱེད་ཟུར་པ།
༡༥། འཕྲིན་ལས་རྣམ་རྒྱལ། ཞབས་ལོ་སུམ་ཅུ་འཁོར་བའི་སྨན་སྦྱོར་ལས་བྱེད་ཟུར་པ།
༡༦། ལྷ་རྩེ་རྡོ་རྗེ། ཡན་ལག་འགན་འཛིན་ཟུར་པ།
༡༧། ཚེ་དབང་ཡེ་ཤེས། བུ་ཁྱིམ་གྱི་ད་ལྟའི་འགན་འཛིན།
༡༨། རྒན་ལེགས་བཤད་བསྟན་པ། བུ་ཁྱིམ་གྱི་རིག་འགན།
༡༩། གཞན་ཡང་ཞབས་ལོ་སུམ་ཅུ་དང་ཉི་ཤུ་འཁོར་མཁན་དག་གི་སྒེར་གྱི་ལོ་རྒྱུས་ཁག
༢༠། ཕྱི་ལོ ༡༩༦༠ དང་༡༩༧༠་ནང་བཅས་སུ་ཕྱི་རྒྱལ་མི་རིགས་རེ་ཟུང་གིས་དཔར་ལེན་བྱས་པའི་བརྙན་འཁོར་ཁག
༢༡། དེང་དུས་ཀྱི་དྲ་ཚིགས་ཁག་བཅས་སོ།།
༢༢། སྨན་རྩིས་ཁང་གི་སྨན་རྩིས་དྲ་རྒྱ་ལས་བཀའ་སློབ་གསུང་བཤད་གཉིས་ཟུར་འདོན་ཞུས་པ།
མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:05 PM
<< སྔ་མ།