དུག་བཅོས་བཞུགས་སོ།། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.09.2014 |
དུག་བཅོས་བཞུགས་སོ།།
ས་པཎ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ།
༄༅། །ཨོཾ་སྭྰསྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།།
སྦྱོར་བ་དང་པོ་འདིས། ནད་གསར་དུ་ཞུགས་མ་ཐག་ཏུ་སེལ་བར་ནུས་ཀྱི། གཞན་དེ་ཙམ་དུ་མི་ཟབ། སྦྱོར་བ་གཉིས་པ་ཡང་། ཤུ་ཆུང་གསོ་བ་ལ་སྔགས་ཅུང་ཟད་རྩུབ་པས་དེ་ཙམ་དུ་གཙོར་མི་མཛད། གསུམ་པ་དང་བཞི་པ་ལ་སྨན་གྱི་རྣམ་གྲངས་ཙམ་ཡིན་གྱི་ཕྱག་ལེན་མང་པོ་མི་མཛད། ལྡུམ་སྦྱོར་གཙོ་ཆེ་བའི་མཐུའི་སྦྱོར་བ་འདི་ཁོ་ན་འཇམ་པ་དང་། ནད་ཟུག་ཆོག་སྐྱེན་པ་དང་། ལས་སོར་ཆུད་སྐྱེན་པ་ལ་སོགས་པ་ཡོན་ཏན་མང་པོ་ཡོད་པས། ཕྱག་ལེན་འདི་ཁོ་ན་ལ་མཛད་དོ།།
འདི་ལ་སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་ལས། སྦྱོར་བ་ལ་ནད་ངོས་ཟིན་པ་དང་། ཨ་རུ་རའི་ཐང་ གི་གསེབ་ཏུ་ཚ་ལ་བག་ཙམ་བཏང་། བཏང་ཞིང་། བསྐུ་མཉེ་ཞག་བདུན་ནས་གསུམ་ཚུན་ཆོད་བྱ། འདི་ནད་གང་ཡོད་ཀྱང་ཕོ་བར་འདུ་བ་ཆོས་ཉིད་ཡིན།
དེ་ནས་དངོས་གཞིའི་སྨན་ལ། མཁྲིས་པ་གསུམ་ལས། རྨ་བྱའི་མཁྲིས་པ་རྙེད་ན་རབ་སྟེ། མ་ རིམས་དང་གཅོང་གི་ཤི་བ་མ་ཡིན་པ་དྲོད་མ་ཡལ་བ་ལ་ཟེར་ཏེ་དེ་མི་དགོས། རྙེད་ཀྱང་མིའི་མཁྲིས་ གང་རྙེད་པ་དེ། པ་དང་། དོམ་མཁྲིས་གཉིས་མེད་ཐབས་མེད་དོ།། ལྡུམ་ལ་ཡང་། ཁྱུང་སྡེར་དཀར་སྨུག་གཉིས།ཀྱི་རྩ་བ། དཔའ་བོ་དཀར་སེར་གཉིས་ལས། དཀར་པོ་རྙེད་ན་རབ་སྟེ། མེད་ན་ཡང་སེར་པོས་ཆོག བོང་ང་དཀར་དམར་གཉིས་ཀ་ མེད་ཐབས་མེད། དགོས། ལྡུམ་བུ་རེ་རལ་བེ་སྐྱེས་མ། ཨ་ སྦྱོར་ཐེངས་རེ་ལ་གསེར་མདོག་དྲུག་བདུན་རེ་དགོས། རུ་ར་རྒྱ་གར་མ། ཅུ་གང་རྒྱ་གར་མ། ཛྰ་ སྦྱོར་ཐེངས་རེ་ལ་རྡོག་མ་གཉིས་གཉིས་ཙམ་བཏང་། ཏི། གཙོར་མཆིན་པའི་ནད་ཡིན་པས་ཁ་ཆེ་གུར་ ཞོལ་གཞལ་བའི་སྦྱོར་ཐེངས་རེ་རེ་ལ་ཞོ་རེ་ལས་མི་ཉུང་བ་བཏང་དགོས། གུམ་བཟང་པོ་མང་དུ་བཏང་། ཚྭའི་གཙོ་བོ་ཡིན་པས་རྒྱ་ཚ་མེད་ ཐུན་གསུམ་གསུམ་ ཐབས་མེད་དོ།། ཙནྡན་དཀར་དམར་གཉིས་ཏེ། དེ་རྣམས་ཞིབ་པར་བཏགས་ལ་ཐུར་མགོ་ཆེ་བ་རེ་ཐོ་རངས་ཀྱི་དུས་སུ་གངས་ཆུས་ཕུལ་ལ་བཏང་། ལུས་ཟངས་ཤིན་ཏུ་ཞན་པ་ལ་ཆང་ལ་སྨན་རྟ་བྱ། རྗེས་ལ་ཀ་ར་བུ་རམ་མུར། སྐྱུགས་པ་བསྲུང་བ་ཤིན་ཏུ་གཅེས། མལ་ཆ་དྲོན་པོས་བྱིབས་ལ། རྔུལ་ཆུ་ཤིན་ཏུ་འབྱུང་བས་ལེགས་པར་ ནང་མ་རེ་རེ་ལ་ལན་གཉིས་གཉིས་གསུམ་གསུམ་ཙམ། ཕྱི། ཞོགས་པར་ཆུ་བསྐོལ་འཐུང་བུ་རེ་རེ་ལ་རྒྱ་ཚ་ནས་ སྨན་འཇུ་བར་བྱེད་པས། ཙམ་རེ་བཏབ་ལ་བཏུང་། ཅུང་ཟད་བཤལ་ལ་མི་སྟོ། དྲག་ཏུ་བཤལ་ན་སྨན་ཐུན་ གྱི་འཕྲོ་མི་གཅོད། བསྐྱུང་། སྨན་གཏང་བའི་དུས་ཀྱི་ནངས་པར་གྱི་ལྟོ་བཅག་ལ། དགོངས་མོའི་ལྟོ་ལ་ནན་ཏན་བསྐྱེད། ནངས་པར་གྱི་སྟོ་ཉི་མ་དྲོས་པ་ལ་ ཟན་དྲོན་དང་ལུག་ཤ་རུལ་སུམ་མ་ཡིན་པའི་ཚོད་མ་ ལུས་ཟུངས་བསྐྱེད་པ་ལ་མེད་ཐབས་མེད་ བཏང་། ཆང་གསར་འཇམ་བག་ ལུས་ཟུངས་བསྐྱེད་པ་ལ་དགོས། ཙམ་བཏུང་གི་ ཚད་པའི་གྲོགས་བྱེད་པས་ བག་མེད་མི་བཏུང་ངོ་། །སྨན་གཏོང་བའི་དུས་སུ་མི་བཟོད་པའི་ན་ཚ་བྱུང་ཡང་། བཅད་ན་འཆི་བས་ སྨན་ཐུན་ཅུང་ཟད་བསྐྱུང་གི་སྨན་འཕྲོ་མི་བཅད། སྨན་ནངས་རེ་བཞིན་བཏང་ན་ལུས་ཟུངས་གིས་མི་ཐུབ་པས་ཞག་གཉིས་གཉིས་ ཞག་གསུམ་གསུམ་ ཀྱི་ནངས་པར་བཏང་། སྔོ་ཚེད་(ཚོད་)དང་ཇ་མི་ ནད་བྱེར་ནས་འགྲོ་ འཐུང་ ཕོ་བའི་མེ་དྲོད་ལ་གནོད། ཉ་མི་ཟ།ལུས་ལྗིད་པས། བཤུལ་ཆགས་ཀྱི་ཤ་ཐམས་ཅད་ ནད་ཀྱི་གྲོགས་བྱེད་པས། བསྲུང་། ངལ་དུབ་དྲག་པོ་མ་ཡིན་པའི་ཅུང་ སྨན་བཏང་ནས་ཡུན་རིང་པོ་ལོན་པ། ཟད་བསྐོར་བ་བྱ་ ལུས་དྲོ་བར་བྱེད་པ་ཡིན། ཞིང་བཅག མདོར་ན་སྨན་ཤིན་ཏུ་བསིལ་བས་ནད་ཀྱི་ཟུག་བཅག ཟས་དང་སྤྲོད་ལམ་ཤིན་ཏུ་དྲོ་བས་ལུས་ཀྱི་ཟུངས་བསྐྱེད་པར་བྱ་སྟེ། གོས་གསར་པ་དྲོད་ཅན་གོན་པ་ནི་འདིའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་ཡིན་ ཆུ་དྲོད་ཆེ་བ་གཉིས་ཕེབས་པའི་སར་བསྡད་པ་གལ་ཆེའོ། ནོ། །འདི་ལ་དང་པོ་རྟ་ཆང་ལ་སྦྱར་ནས་ དང་པོ་གནོད་པ་བཞིན་འདུག་ཀྱང་གོམས་ནས་སྟོ་བས། ཡང་ལུས་ཟུངས་བསྐྱེད་པ་ལ་འདི་གཉིས་ ཤ་ཆང་། མེད་ཐབས་མེད། ན་ལུགས་གྲང་བ་ལྟར་འདུག་ཀྱང་རྟགས་གཞན་མི་འགུལ་ན། སྨན་དེ་ཉིད་ལས་གཞན་ དྲོད་ཀྱི་སྨན། མི་བཏང་། ཚད་པ་ཆེར་རྒྱས་པ་ལྟར་འདུག་ཀྱང་ཟས་སྐོམ་དེ་ལས་ ཤ་དང་ཆར་གསར་འཇམ་ མི་བཅོས་ལུས་རྔུལ་འཕྲོ་ཆད་ཅིང་། སེམས་ཀྱི་བྱ་བ་གང་ཡང་འགྲུབ་སྙམ་པ་བྱུང་བ་དང་། སྨན་ཟུག་པ་ཡིན་པས་ཐུན་ཆུང་ལ་ཡུན་རིང་བ་བཏང་། ནད་ལོག་ན་སྨན་ཐུན་ཆེར་བྱ་ཞིང་སྤྱོད་ལམ་གཟབས། སྨན་ཤིན་ཏུ་ཡུན་རིང་བར་བཏང་བས་ཕོ་བའི་མེ་དྲོད་ཉམས་པ་འདྲ་ན། སྐབས་སུ་སེ་འབྲུ་བཞི་པའི་ སྨན་རེ་མོས་བྱ་ཞིང་ འགམ་ཕྱེ་ལྟོ་སྟོང་ལ་བཏང་། སྨན་དེ་ཉིད་ཀྱི་བཤལ་བ་མི་སྐྱོན་གྱི། བཤལ་ ཅིས་ཀྱང་བཤལ་བར་འདོད་ན་དུར་བྱིད་ཨན་ཙམ་སྨན་གྱི་གསེབ་ཏུ་བཏང་བ་ལས། གཞན་མི་བྱའོ།། གཏར་ག་དང་མེ་བཙའ་སྤང་། མྱུར་ན་ཟླ་བ་གཅིག དེ་མིན་ཡང་ཟླ་བ་གསུམ་ཚུན་ཆད་ཀྱིས་ནད་གསར་རྙིང་གང་ཡིན་ཡང་མི་སེལ་བ་མེད་དོ།། ལོ་གཅིག་ཚུན་ཆད་སྤང་བྱའི་ཟས་རྣམས་དང་། ལུས་སོར་ཆུད་ནས་གང་ཡང་མི་སྟོ་སྙམ་ཡང་དྲག་ཤུལ་གྱི་ལས་ རྟ་རྒྱུག་པ་དང་། བུད་མེད་དང་ཉལ་བ་དང། ཁུར་མི་ཐེག་བཞིན་དུ་ཁུར་བ་དང་། འོ་དོད་འབོད་པ་དང་། དུང་འབུད་པ་ལ་སོགས་པ་དྲག་ཤུལ་གྱི་ལས་མཐའ་དག་སྤང་བར་བྱའོ།།
དངོས་གཞི་སྨན་ལ། དོན་སྙིང་གང་ལ་བབས་ གོང་གི་ པའི་སྨན་ གྱི་ཁྲོད་དུ། ཤས་ཆེར་སྦྱར་བར་བྱ་སྟེ། ༈ སྙིང་ལ་བབས་པའི་རྟགས་ཤེས་པ་འཕྲོ། སྙིང་ན། དྲན་པ་མི་གསལ། སྨྲ་བརྗོད་བུལ། སྙིང་མི་དགའ། ཁ་ཤུགས་འབྱིན། གྱེན་དུ་བལྟ་བ་དང་། སྐོམ་གྲང་མི་འདོད་པ་དང་། ཤེས་པ་མི་གསལ་བ་ལ་སོགས་པ་འོང་། དེ་ལ་ཁྱད་པར་དུ་ཙནྡན་དཀར་དམར་དང་། ལི་ཤི་དང་། ཛྰ་ཏི་དང་། ཨ་ག་རུ་མང་དུ་སྦྱར་ལ་བཏང་ངོ་།། གློ་བ་ལ་ནད་བབས་ན་གློ་ལུ། སྣ་འགག ཉིན་མོ་བདེ་ཡང་ནུབ་མོ་ན། སྒལ་ཚིགས་དང་མཇིང་རུས་ན། སྒྲོག་རུས་དང་བྲང་རུས་གཟེར་ཞིང་ན། གློ་བ་རྣག་ཏུ་འགྲོ་བས། དེ་ལ་ སྨན་གྱི་གསེབ་ཏུ། ཅུ་གང་རྒྱ་གར་མ་མང་དུ་བཏང་། སྟར་ ལོགས་སུ་ བུ་དང་དམར་བུ་གསུམ་གྱི་ཐང་བཏང་། གློ་ལུད་པའི་གྲོགས་ལ་རྣག་མང་དུ་འོང་། བསེ་རུ་དང་སྨན་མུ་ཟི་དང་སྦྲང་རྩི་གསུམ་ལོགས་སུ་སྦྱར་ལ་བཏང་ངོ་།། མཆིན་པ་ལ་བབས་ན། མིག་མི་གསལ། ཕོ་མཆིན་ཁྱད་པར་དུ་ན་མགོ་བོ་འཐོམས་ཤིང་མཚོག་མ་ན། གྱེན་དུ་གློ་སྙིང་འཚང་། མར་ལ་ཕོ་བ་ནོན་པ་སྙམ་བྱེད་པ་ལ་སོགས་པ་འོང་བས། ཁ་ཆེ་གུར་གུམ་མང་དུ་བཏང་ གོང་གི་ཁྲོད་དུ། བྲག་ཞུན་གྱི་ཁུ་བ་ལ་རྟ་བྱའོ།། མཁལ་མ་ལ་བབས་ན། རྣ་བས་མི་ཐོས། རྐེད་པ་ན་ཞིང་མཁལ་འབྲས་གཟེར། བཤུལ་ཤ་ན། ལངས་ན་ལག་པས་སླེབ་ཚད་ན། བརླ་སུལ་ཐམས་ཅད་ན། སྨད་མི་བདེ། ཆུ་སྲི། ལུས་སྦྲིད་བེམ་བེམ་བྱེད་པ་ལ་སོགས་པ་འོང་། དེ་ལ་སྨན་སྐྱོབ་མཁལ་མ་ཞོ་ཤ་དང་། རྒྱ་མཚོ་གསེར་གྱི་བྱེ་མ་དང་། སུག་སྨེལ་ གོང་གི་ཁྲོད་དུ། མང་དུ་བཏང་ངོ་། །མཚེར་པ་ལ་བབས་ན་ཁོག་པ་སྦོ། རྩེའུ་ཐུང་ངུ་ཟུག་ནས་ན་བ་ལ་སོགས་པ་འབྱུང་བས། དེ་ལ་སྨན་ཀ་ཀོ་ལ་དང་། གླ་གོར་ཞོ་ཤ་བཏང་ གོང་གི་ཁྲོད་དུ། ལི་ཤི་སྲོག་པ་རྩའི་ཁ་འཛིན་ཡིན་པས་གལ་ཆེའོ།། རྩ་བ་ལ་བབས་ན་གློ་ཆུང་དང་། སྐྱིགས་བུ་འོང་། རྩ་ནང་དུ་འཁྱུག་ཅིང་ལུས་ལྕི། དེ་ལ་གློ་རྩ་གཉིས་དང་རུ་ཐུང་གཉིས་གཏར་ན་ཡང་ལེགས།
མཇུག་ཏུ་ནད་ཐམས་ཅད་ཕོ་བ་ལ་བབས་ན་ན་ཞིང་ གློ་བུར་དུ་ན་ན་ཆུ་ནང་གི་རྡོ་གྲང་མོ་ལག་པས་མ་རེག་པས་དུགས་བྱ། ཟས་མི་ལེན། མཆུ་ན་ན་སྨན་གྱི་གཙོ་བོ་རྣམས་དང་། དུར་བྱིད་དང་། ཨ་རུ་ར་སྦྱར་བས་བཤལ་བྱས། ཡན་ལག་ལ་བབས་ནས་མི་བདེ་ན། གད་ཕུག་ཉི་མ་མི་འཆར་བའི་ཁྲུ་གང་གི་འོག་གི་ས་སླ་ངའི་ནང་དུ་བསྲོས་ལ། དྲི་ཆུས་བྲན་པ་རས་ཀྱིས་ཕུར་ལ་དུགས་བྱ་ཞིང་ནུས་ཚད་ཀྱིས་བཅག་པ་གལ་ཆེའོ།། མཐར་ནད་ཐམས་ཅད་ཕལ་ཆེར་བྱང་། སྐབས་སུ་བག་ཙམ་མིག་མི་བདེ་བ་བྱུང་ན། བྲག་ཞུན་བཏུལ་བའི་ཁྲོད་དུ་བོང་ང་དཀར་པོ་དང་། ཨ་རུ་ར་རྒྱ་གར་མ་ཅུང་ཟད་བཏང་བའི་རིལ་བུ་རི་བོང་གི་རིལ་མ་ཙམ་ལྟོ་སྟོང་ལ་ཟླ་བ་གཅིག་གི་བར་ལ་བཏང་བས་བྱང་བར་འགྱུར་རོ།། ནད་སོས་ནས་ཡུན་རིང་དུ་ལོན་ཀྱང་སྐབས་སུ་མིག་མི་གསལ་ མི་བདེ་ན། ན། གོ་སྙོད་ཅུང་ཟད་བརྔོས་ཏེ་བརྡུངས་པ་ཆུ་བསྐོལ་ལ་བཏབ་སྟེ་བསྡུས་པའི་ཁུ་བ་ངད་ཡལ་བ་དང་། ལྟོ་སྟོང་ལ་ནངས་མ་གཅིག་གཉིས་བཏང་པས་སེལ་ལོ།། གཞན་ཡང་མ་གི་ཏ་བཞི་སྦྱོར་ཞེས་བྱ་བ་གླ་རྩི་རང་བཞིན་གྱིས་ཟག་པ་དང་། རིན་པོ་ཆེ་མ་གི་ཏ་ཤ་ལ་ཡུན་རིང་ལུས་པའི་མདེའུ། ཤ་མ་གི་ཏ་བྱིས་པ་བཙས་མ་ཐག་གིས་བྲུན། སྨན་མ་གི་ཏ་བེ་ལས་སྐྱེས་པའི་ལྡུམ་བུ་རེ་རེལ། དེ་རྣམས་ཞིབ་ཏུ་བཏགས་ཏེ་ཀ་ར་དང་སྦྱར་ལ་ཞོ་རེའམ། གཉིས་སམ། གསུམ་གྱི་ཚད་ནང་མ་གཉིས་གསུམ་བཏང་། འདི་ལ་སྤྱོད་ལམ་བཅག་པ་རེམ་པ་གལ་ཆེ། འདིས་མིག་མི་གསལ་བ་དང་། ཤ་མདོག་ནག་པོར་སོང་བ་སེལ་ལོ།། མང་ཡུལ་སྐྱིད་གྲོང་གི་བཟོ་མོ་རྩི་རྩི་དང་། བླ་མ་མ་རི་ལོ་ཙྰ་བའི་གདམས་པ། རྗེ་ས་སྐྱ་པ་ཆེན་པོ་ནས་བརྒྱུད་པ། བླ་མའི་གསུང་བཞིན། ས་སྐྱ་པཎྜིཏས་ཡི་གེར་བཀོད་པའོ།། །།
ཡང་དུག་གློ་བུར་བ་ལ། བཙན་དུག་གི་རྟགས་རྐང་ལག་སྦྲིད། ལྕེ་མཆུ་སྦྲིད་འགག དེ་ལ་མི་ཕྱུགས་གང་རུང་གི་ཁྲག་དྲོན་མོ་ཕུལ་ཕྱེད་བླུད་ལ་ཆུར་བསྐྱུར། དེ་ནས་བུལ་ཏོག་བྱ་བལ་མ་དང། བོང་ང་དཀར་པོ་ཚྭ་རྙིང་གསུམ་སྦྱར་ལ་བླུད། འཚོ་བར་ངེས་པ་ཡིན་ནོ།། ཡང་ཤ་དུག་ཡིན་ན་མིག་མི་གསལ། གྲེ་བ་འཛེར། བག་རེ་འཁྲུ། དེ་ལ་སྔར་བཞིན་བསྡུས་ལ་ལྡུམ་བུ་རེ་ལ། ཚ་ལ། འོམ་བུ། ལྕགས་ཁུ་བཏང་ངོ་། །འབྲོས་པ་ཁྲག་ལ་བསྡུས་ནས་ནུས་པ་སྨན་གྱིས་གསོད་པ་ནི་གནད་ཡིན་ནོ།། ཟབ་མོའི་སྨན་ཆུས་སུ་གད། བཞི་བསྐུམས་སུ་ཁ་བུབ་ཉལ། ཤ་བའི་ཤ་ལ་དུག་བྱུང་ན། ཟས་སྐོམ་བཅུད་ཅན་བསྟེན། དུག་སྨན་གཞན་ཡང་། ཤ་དུག་སྤྱི་ལ་རྩ་བ་དང་སྔོ་ཐང་བཏང་། དགུན་བསྐོལ་ལ་ཅུང་ཟད་གྲངས་སུ་གཞུག་ཅིང་ལན་འགའ་བཏང་། བྲག་སྐྱའི་བསྐོལ་ཐང་གིས་བཙན་དུག་རྐྱང་པ་སེལ། བརླ་ལ་འབུ་ཞུགས་ན། སྨན་ཆེན་སྦྲིད་ཐོན་ཙམ་བསྟེན་ནོ།། བྱི་ཚེར་བའི་འབྲས་བུ་ལྕགས་སྣོད་དུ་གྲི་བསྐམ་བྱ། ལྕམ་པ། རྒྱ་ཚ། སྡིག་སྲིན། སྣོན་པོ་བཞི་སྦྱོར་རོ།། གཉན་ནད་སེལ་ཞིང་རྡོ་རྗེའི་རིགས་སོ།། འདི་ཡན་ཆོད་ཀྱི་དཀྱུས་མཚན་རྣམས་ཆོས་རྗེའི་གསུང་ངོ་། །ཆོས་རྗེ་ས་སྐྱ་པ་ཆེན་པོས་བླ་མ་བ་རི་ལོ་ཙྰ་བ་དང་། བཟོ་མོ་རྩི་རྩི་ལ་ཞུས། བླ་མ་ཆེན་པོ་མན་ངག་འདིས་བསྙུང་གཞི་ལས་གྲོལ་ཞིང་། གཞན་ཡང་མང་པོ་བཅོས་གསུང་།།
མཐའ་མའི་འདོན་ཐེངས་།: 07.10.2014 ཉིན། 3:18 PM
<< སྔ་མ།