སྨན་རྩིས་དྲ་བ། - སྣ་ཚོགས།

དཔྱད་མཆོག་གཏར་གའི་གདམས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.12.2020
སྣ་ཚོགས། >>



༄༅། །དཔྱད་མཆོག་གཏར་གའི་གདམས་པ་ཉེས་འཁྲུགས་རྙོགས་མ་དྲུངས་འབྱིན་ཀེ་ཏ་ཀ།

-          དེའུ་དམར་བསྟན་འཛིན་ཕུན་ཚོགས།

 

ཡེ་ཤེས་མཆོག་གི་ཆུ་གཏེར་ལས་འཁྲུངས་སྟོབས་བཅུའི་བདུད་རྩི་མི་ཟད་གཏེར།། སྲིད་འདིར་ཉམ་ངའི་ནད་ཚོགས་ཞི་བ་བླ་ན་མེད་པའི་སྨན་གྱི་རོ།། ཅི་དགར་བསྩོལ་མཛད་ཕན་བདེའི་ནོར་བུ་སྐྱེ་དགུའི་གཙུག་གི་ཅོད་པན་དུ།། འགོད་མཁས་ཚེ་ཡི་རིག་པ་འཛིན་པ་ཡོངས་ཀྱི་ཤིང་རྟ་བི་ཇིའི་བརྒྱུད་བཅས་བསྔགས།། གང་དེའི་སྲིད་གཉིས་ལས་འཕོས་སྨྲ་བའི་དབང་།། སྲོག་འཚོའི་རྩ་ལག་ནམ་མཁའི་མཚན་འཆང་བའི།། གསུང་གི་གསང་བ་རྣམ་པ་ཀུན་གསལ་བ།། རྣ་བར་འཁྱུད་ཅིང་ཀུན་བྱེད་ལ་བལྟས་མཐུས།། རྒྱ་ཆེན་གཏིང་དཔག་དཀའ་བའི་གསོ་རིག་དང་།། བདག་བློ་ལྷན་ཅིག་འགྲོགས་ནས་རིང་ལོན་ཕྱིར།། གཞན་གྱིས་མི་སྤོབས་གནད་གསང་གཏིང་མཐའ་ཀུན།། སྐད་ཅིག་འཇལ་ལ་ངལ་བ་བསྟེན་དོན་ཅི།། ཇི་བཞིན་དཔྱད་ཤེས་ནད་དཔུང་རྩད་འབྱིན་གཏར།། གནད་དུ་མ་གྱུར་ཕུང་བྱེད་སྲོག་གི་གཤེད།། ཞི་དང་སྦྱོངས་ལ་ལྟོས་མིན་དམར་འབྱིན་དཔྱད།། དུག་སྦྲུལ་གཙུག་གི་ནོར་ལེན་ལས་ཉེན་ཕྱིར།། །ལོག་དཔྱད་རྙོགས་མའི་ཕྱོགས་ལས་རྣམ་རྒྱལ་བའི།། དཔྱད་མཆོག་གཏར་ཀའི་གདམ་པ་ཀེ་ཏ་ཀས།། ཉེས་འཁྲུགས་བགྲུང་མའི་སིགས་མ་དྲུངས་འབྱིན་མཁན།། རིས་མེད་མ་ཚོགས་སྐྱོང་བའི་གཉེན་འདིར་སྤྲོས།།

དེ་ལ་དཔྱད་མཆོག་གཏར་ཀ་བརྡེག་པ་ལ།། གཏར་མཁན་སྨན་པ་གཏར་བྱེད་ཆ་དཔྱད་དང་།། གཏར་དུས་གནད་བརྟག་གཏར་ཡུལ་ནད་ཡོད་དང་།། གཏར་གནས་རྩ་དམིགས་གཏར་བྱ་ནད་རྒྱུ་དང་།། གཏར་ཐབས་དངོས་དང་གཏར་སྐྱོན་ཡོན་ཏན་དགུ།།

དང་པོ། གཏར་མཁན། 

དང་པོ་གཏར་མཁན་སྨན་པའི་མཚན་ཉིད་ནི།། ཀུན་ཏུ་མ་རྨོངས་མཁས་བསྟེན་རྣམ་བཞག་ལྡན།། ཡིད་གཞུངས་ལག་བཟོ་མིག་གསལ་དཔའ་ལ་བརྟན།། ལས་མྱུར་སྨན་རྫས་ཆ་དཔྱད་རྣོ་འཛོམས་ཤིང་།། ཁྲོ་མེད་མི་འདར་བྱམས་བརྩེ་ཀུན་ལ་སྙོམས།། འདི་ནི་གཙགས་བུ་འདེབས་པའི་ལས་ལ་མཁས།།

གཉིས་པ། གཏར་བའི་ཆ་དཔྱད། 

གཉིས་པ་གཏར་བར་བྱེད་པའི་ཆ་དཔྱད་ལ།། རྒྱུ་དང་དབྱིབས་འཆོས་བཞག་སྣོད་རྣོ་འདོན་བཞི།། རྒྱུ་ནི་ཁུངས་བཟང་ཤིས་པའི་ལྕགས་སྣ་ལྔ།། དེ་ཡང་རྣོ་ངར་མཉེན་ལྡན་ཞུན་ཐར་གཅེས།། དབྱིབས་འཆོས་བཟོ་ཁྱད་སྤྱི་དང་བྱེ་བྲག་གཉིས།། སྤྱི་དབྱིབས་བྱིའུའི་སྒྲོ་འདྲ་རྩེ་མོ་སྒུར།། དཔྲལ་རྩེ་ཚེས་གཉིས་ཟླ་བ་འདྲ་བའམ།། སྟག་ཉལ་སོ་ཐད་དྲང་ལ་བྲང་བ་ཅན།། གྲི་ཡི་དབལ་ཁ་ལྟ་བུ་བྱ་བ་ཡིན།། བཟུང་བར་བདེ་ཕྱིར་གཏིང་མཚོན་(མཆན་)ཕྲག་པ་ནི།། འཆང་པའི་ཁར་བརྟེན་ཤེད་ཀྱིས་ཁུར་བ་གཅེས།། རྩ་བ་རྒྱུས་སྐུད་གཡས་སུ་བསྒྲིལ་པ་འདྲ།། །མིག་ལྡན་མཚོན་བཏབ་པ་ཡིས་ཉེས་མི་འབྱུང་།། རིན་ཆེན་སྣ་ལྔས་གཉན་དང་ཐབ་(ཐབས་)སོགས་ཐུབ།། ལྕགས་མདོག་ཨུཏྤལ་སྔོན་པོ་འདྲ་བ་ན།། བརྡུངས་མཐར་ཕྱིན་པའི་གས་པ་མཁའ་དང་འགྲན།། ཡར་ལ་རྩེ་བསྟན་མེ་ལྟར་འབར་བྱེད་ཅིང་།། མར་ལ་རྩེ་བསྟན་ཆུ་ལྟར་འཐིག་སྙམ་བྱེད།། ལྟག་པའི་སྒང་བལྟས་རྒྱ་ཁབ་ཕྲ་བཀུག་འདྲ།། མདུན་སྒང་རྟ་རྔ་རྩེ་མོ་ཡལ་བ་འདྲ།། བྱེ་བྲག་རྒྱས་པར་གནས་ཆེན་ཉི་ཤུ་དྲུག། གསུངས་ཀྱང་དཔྲལ་བར་རྟ་གྲིའི་ཁ་འདྲ་དང་།། ལྟག་པར་གཏར་བྱེད་ཆུ་གྲི་འདྲ་བ་དང་།། རྩེ་ཆུང་རྩ་ལ་ཚེས་གསུམ་ཟླ་བ་འདྲ།། རྐང་ལག་ངར་པ་བྱིའུའི་དང་རུ་འདྲ།། རྩ་བོ་ཆེ་ལ་རལ་གྲི་འདྲ་བ་བྱ།། བྱིན་གཞུག་རྩ་ལ་ཟླ་གམ་འདྲ་བ་འཆོས།། དེ་ལྟར་སྤྱི་དང་བྱེ་བྲག་ཀུན་ཀྱང་ནི།། རིང་ཐུང་སྲིད་ལ་སོར་དྲུག་ཁ་ཡི་རྒྱར་(རྒྱན)།། མཐེབ་ཆུང་སེན་ཚད་གཅིག་དང་སུམ་གཉིས་དང་།། གུང་སེན་ཕྱེད་དང་སུམ་ཆ་སུམ་གཉིས་དང་།། སུམ་ཆ་སྙོམས་ནས་གོང་དང་གོ་རིམ་སྦྱར།། རྩེ་དབྱིབས་དབལ་སེན་ཁ་མདུང་རྩེ་མོ་ལོང་ཁ།། རུས་སྟེང་རུས་(རྒྱུས)གསེབ་ཤ་ལ་གོ་རིམ་སྦྱར།། འོན་ཀྱང་གནས་ལ་གང་འཚམ་སྣ་ཚོགས་དབྱིབས།། ཚད་སོགས་མ་ངེས་མགར་བའི་ལག་ཆ་འདྲ།། རྩར་བརྒྱར་རང་རང་ཁ་ཕྱེད་བར་དུ་བསྒྱུར།། བྱ་སྒྲོའི་ལྟག་པ་ལྟག་ཉལ་གཞུང་འབུར་སོགས།། བཟོ་ཁྱད་ནས་ཀྱི་ལྗང་བུའི་གཞུང་འདྲ་ལ།། རྩེ་སྔོན་(སྲང་)ལྗང་བུ་སྐེད་པ་ཉིས་འགྱུར་ནས།། རྩ་བ་སུམ་འགྱུར་བར་དུ་རིམ་འཐུག་བྱ།། རྣོ་འདོན་མཁས་པས་ཐར་འབྱོངས་ནན་བཅོས་(བསྐྱེད་)ལ།། འཇོང་ཤས་རྩེ་བཅད་ཁ་ནི་དབྱིག་སྔོན་བླང་།། བཟང་དྲུག་ཚྭ་སྣ་གསུམ་དང་ཨ་རུ་ར།། སྨན་ཆེན་ཁྱི་སྤུ་ར་བལ་གནའ་རུའི་གཞོབ།། ཞིབ་བཏགས་ཕྱེ་མས་གཙགས་བུ་ཆུར་བརླན་སྦགས།། ངར་མཚམས་མན་ཆད་མེ་ཐུབ་འདམ་གྱིས་བཏུམ།། ངར་རྫས་མ་སེལ་(སིམ་)བར་དུ་སོལ་མེར་བསྲེག། དཀར་འདོད་ཆང་དང་རྣོ་འདོད་གངས་ཆུར་བཅུག། །སྨུག་ལ་མཉེན་འདོད་མར་ནག་གྲང་མོར་བཅུག། འཇམ་བརྡར་ཁ་བླངས་རིམ་པས་ཀོ་སེར་དང་།། ཉར་ལ་ཐལ་བརྡར་རྣོ་ཚད་ལག་མཐིལ་གྱི།། ཤ་སྦལ་བསྙེལ་བྱེད་གྱེན་དུ་སྦུ་གཤགས་ནུས།། གཞུག་སྣོད་རབ་ནི་རྩ་བསྡམ་རྩེ་མོ་གདེང་།། འབྲིང་ནི་སོ་ལྗོང་(སོལ་ལྗོངས་)ཐ་མ་སོ་དར་དྲིལ།། གསུངས་པའི་རབ་ལ་ལུགས་མང་ཐ་དད་ཀྱང་།། རྒྱུད་ཉི་ཟླའི་ཁ་སྦྱོར་དང་། བི་ཇིའི་སྒོ་གཉིས་མ་དང་། རྒྱུག་རིལ་མ། གཡུ་ཐོག་གི་སྒོ་བཞི་མ། བྲང་ཏིའི་མིག་ཤིང་མ། ཆེར་རྗེའི་འབྱོང་ཤུལ་མ། གཉའ་པ་དང་མཐའ་བཞིའི་དར་པོའི་ལུགས་གཉིས། གྲི་སྤུང་མ་སོགས་རང་ལུགས་མང་བའོ།། རང་ལུགས་བི་ཇིའི་སྒོ་གཉིས་མ་འཆོས་པ་ནི།། གཙགས་ཤུབ་སྲིད་སོར་དགུ་པའི་ཁུང་གསེང་དུ།། དཔུང་འཛིན་སོར་དོ་གཏིང་པ་སོར་རེའི་སྟེང་།། རྒྱ་ཚད་གྲངས་བསྟུན་གཤགས་ལ་གཙབས་ཀྱིས་བསྡམ།། གཏིང་སྒོའི་གདོང་བགག་མདུན་སྒོ་ཐལ་གྱིས་གཏོང་།། རྩ་བསྡམ་རྩེ་མོ་སྟོང་པའི་ལྗོང་ལ་ལྡེང་།། བཅང་ལེགས་སོ་མི་རྟུལ་བས་ཐེབས་པ་སླ།།

གསུམ་པ། གཏར་བའི་དུས། 

གསུམ་པ་གཏར་བའི་དུས་གནད་བརྟག་པ་ལ།། སྤང་བླང་གཉིས་ཡིན་དང་པོ་སྤང་བྱ་ལ།། ལོ་ཟླ་ཞག་དུས་བཞི་ཡི་བླ་གནས་བརྩི།། ལོ་ནི་སྤར་ཁ་གང་ལ་གནས་པ་ཡི།། དཔྱད་སྤང་དཔེར་ན་ལི་ལ་མེ་དཔྱད་དང་།། དེ་བཞིན་མགོ་ལག་རྩིབ་རྐང་གསང་བ་སྦྱར།། ཟླ་བའི་བླ་གནས་བྱི་ཕག་ལོ་པ་ནི།། དགུན་ཟླ་འབྲིང་པོར་མི་གཏར་གླང་ལུག་བྱ།། དབྱར་ར་ལ་འཛེམ་སྟག་འབྲུག་དགུན་མཐར་སྤོངས།། ཡོས་སྦྲུལ་དབྱར་ཐ་རྟ་ལ་(ལོ་)དཔྱིད་ར་མིན།། སྤྲེལ་ལོ་དབྱར་འབྲིང་ཁྱི་ལོ་སྟོན་མཐར་སྤོངས།། ཞག་གི་བླ་གནས་བདེ་མཆོག་ཁ་སྦྱོར་དང་།། དུས་འཁོར་ལ་སོགས་བཀའ་གཏེར་མན་ངག་ལུགས།། འདྲ་མིན་མང་རྣམས་ཀུན་རྫོབ་བདེན་མཉམ་ཕྱིར།། འདོར་ལེན་མི་རིགས་ཀུན་ཀྱང་ཁྱོན་གཅིག་བཤད།། ཚེས་ཕྱུགས་ཀྱི་མཐིལ་བཞིར་གཅིག་ཐོ་རངས་ནས་ཉི་ཤར་བར་རྐང་མཐིལ་རྐང་མཐེབ་སོར་ཚིགས་དང་པོ་མི་ཡི་རྐང་མཐེབ་ལ་བོལ་དང་སྤྱི་བོ་གཡོན།། ཚེས་ཕྱུགས་ཀྱི་རྐང་ཚིགས་ལ་གཉིས་བྱིན་གཡོན་མི་ཡི་རྐང་བའི་བོལ་ཚིགས་ལ་དཔྲལ་གཡོན་རྐང་པའི་ཚིགས་རྙིང་གཉིས་པར་ལོང་བུར་གྲོས་ཆེན་བར་བྱིན་དཀྱིལ་གནས།། ཚེས་གསུམ་བརླ་གཡོན་རྣ་བ་ལོང་ཚིགས་གསུམ་པར་གཡོན་ལ་གནས་གྲོས་ཆེན་ཚུན་བརླ།། ཚེས་བཞི་སྤྱི་(གསང)ཕྱུགས་ཀྱི་སྲེ་ལོང་། གཡོན་མི་ཡི་རྐང་པར་མིག་གཡོན་ལོང་བུར་ལ་ནམ་ལང་རྐེད་པར་གནས།། ཚེས་ཕྱུགས་ཀྱི་སེར་བ་རུས་ལྔ་མེ་ཡི་སེར་བ་རུས་ལ་སྤུ་མོ་ལྟེ་བའི་གཡོན་དང་མཁུར་གཡོན་ཁ་ཉི་ཤར་ནས་མྱུར་བ་ཁ་ནང་།། ཚེས་དྲུག་ཕྱུགས་ཀྱི་དཔྱི་མིག་མི་ཡི་བརླ་སུལ་སྙིང་(ནུ)མགྲིན་དཔྱི་མཚམས་སུ་གཡོན་དང་ལག་པ་ལ་ཉི་གྲོས་མཐིལ།། ཚེས་བདུན་ཕྱུགས་ཀྱི་གྲུ་མོ་མི་ཡི་དཔྱི་མིག་ཚིགས་ལ་ནུ་ཕྲག་གཡོན་ལག་སོར་དང་པོ་དང་ལག་པའི་(ལོང་མའི)ནང་སྐྱ་རེངས་ནས་ནམ་ལང་བར་རྐང་ལའོ།། ཚེས་ཕྱུགས་ཀྱི་མཁལ་ཁུང་མི་མཁལ་སྟེང་བརྒྱད་མགྲིན་དཔུང་གཡོན་དང་མཁྲིག་སོར་ཚིགས་གཉིས་པར་མར་གནས།། ཚེས་ནམ་ལང་མཚན་མ་ཕྱུགས་ཀྱི་ལག་མཐིལ་དགུ་མི་ཡི་རྩིབ་ལོངས་ལག་ངར་མཐིལ་གཡོན་ལག་སོར་ཚིགས་གསུམ་པར་མིག་རྩ་ལ།། ཚེས་ཕྱུགས་ཀྱི་ལྟག་སྐོར་བཅུ་མི་ཡི་དཔུང་སོགས་མཁུར་ནུ་གཡོན་མཁྲིག་ལ་སྲོད་འཁོར་རྐང་པ་དང་རྐང་པའི་རྒྱབ།། བཅུ་ཕྱུགས་ཀྱི་རིལ་ཚིལ་གཅིག་མིག་སྙིང་མི་ཡི་རྐང་ངར་རྣ་མི་ཡི་ལག་མཐིལ་དཔུང་མགོ་ལྷན་གཡོན་ལྟེ་སྐྲ་མཚམས་སུ་བྱ་ཟེ་རོ་བའི་སྐྲ་མཚམས།། བཅུ་གསུམ་ཕྱུགས་ཀྱི་རྩ་དཀར་དཔྲལ་སྟེང་(ལྟེ)མི་ཡི་རྐེ་མགུལ་རྒྱུ་གཡོན་མགྲིན་པར་རྩིབ་ལོགས་ལ་ཉི་ནུབ་སོ་ལ།། བཅུ་ཕྱུགས་ཀྱི་དཔུང་བ་མི་ཡི་རྣ་ལིག་ཟ་འགྲམ་བཞི་མཚོག་མ་རྒྱུ་ལོང་གཡོན་མཚོགས་མར་སྙིང་ཁར།། བཅོ་ལྔ་ཕྱུགས་ཀྱི་ལུས་བྱིངས་ལ་ལུས་ཁམས་མི་ཡི་སོག་པ་དཔྲལ་བར་དབང་པོ་ཀུན་ལ་ཁྱབ་ལུས་བྱིངས།། བཅུ་དྲུག་ཕྱུགས་ཀྱི་རྐེ་མཇིང་མི་ཡི་ལྟག་པ་སྤྱི་གཙུག་རྐང་ཟ་འགྲམ་གསང་བར་ལྟག་པར་ཉི་མྱུར་སྐད་(སྐེད་)པ་གཡས་བྲང་བྲང་གཞུང་ལ།། བཅུ་བདུན་ཕྱུགས་ཀྱི་རྐེད་ཕུག་མི་ཡི་རྐེ་འགྱིང་(མཇིང་)མཆོག་(མཚོགས་)མ་གཉའ་བར་སྲོད་འཁོར་མགུལ་གསང་རྒྱུ་བར་གཡས་སྐེ།། བཅོ་བརྒྱད་ཕྱུགས་ཀྱི་ཟེ་བར་མི་ཡི་ལག་མཐིལ་སྙིང་གར་དཔྲལ་བ་(རྒྱུ)ལྟག་པ་བརླ་(ལྟེ་བར་)གཡས་པ་ཉི་གྲོས་ཕོ་བ།། བཅུ་དགུ་ཕྱུགས་ཀྱི་ལྟག་གོར་རྣ་བ་མི་ཡི་ལག་ངར་སྐེ་ལྷེན་བར་དཔུང་བ་ནམ་ལོང་བརླ་གཉིས་རྐང་ལོང་གཡས་པ།། ཉི་ཤི་ཕྱུགས་ཀྱི་དཔུང་བ་མི་ཡི་དཔུང་སོགས་གྲུ་མོར་ཉི་ཕྱེད་ངར་གདོང་མིག་ལྷེན་སྙིང་བར་གཡས་ལོང་མོ་ལག། ཉེར་གཅིག་ཕྱུགས་ཀྱི་སོ་ལ་མི་ཡི་རྩིབ་ལོགས་མཁར་(མཁུར་)སྙིང་མགྲིན་པར་ནུ་བར་གཡས་མཐིལ་ཆུང་ཉི་དྲིས་རྐང་མཐིལ།། ཉེར་གཉིས་ཕྱུགས་ཀྱི་ཡས་མན་རྐན་ལ་ལག་གཡས་མི་ཡི་མཁལ་སྟེང་ལུས་ཡོངས་སོར་ཚིགས་གསུམ་པར་ནམ་ལོང་མཁལ་ཁུང་ལོང་བུར་གནས།། ཉེར་གསུམ་ཕྱུགས་ཀྱི་ལྕེ་ལ་མི་ཡི་མགྲིན་དཔུང་དཔྱི་མིག་ཚིགས་ཕྲག་གཡས་སོར་ཚིགས་གཉིས་པར་མཆིན་པར་གནས་ནམ་ཕྱེད་བྱིན་པ།། ཉེར་བཞི་ནུ་མ་ཕྱུགས་ཀྱི་དཔྲལ་མིག་ལ་ཕྲག་གཡས་མྱི་ཡི་བརླ་སུལ་སོར་ལག་སྲོད་ལག་མཐིལ་ཚིགས་དང་པོ་པའི་བོལ།། ཉེར་ལྔ་ཕྱུགས་ཀྱི་བྲང་རྐེ་སྙིང་ཁ་མི་ཡི་སྒྱིད་ཁུང་དཔྱི་མགྲིན་གཡས་རུས་མཚམས་རྐང་པའི་བོལ་ནམ་ཕྱེད་ལྕེ་ལ།། ཉེར་དྲུག་ཕྱུགས་ཀྱི་ཨོལ་སྟོང་ལྟེ་བའི་མི་ཡི་པུས་མོ་འགྲམ་མཁུར་གཡས་ཕུར་མོ་སྐྱ་རེངས་དུས་འཇིགས་པ་དང་བྲང་།། ཉེར་བདུན་ཕྱུགས་ཀྱི་མཚན་མ་མི་ཡི་བྱིན་ཉྭ་ལོང་བུར་མཚན་མ་མིག་གཡས་སོར་མོ་དག་ནམ་ལང་དཔུང་བ།། ཉེར་བརྒྱད་ཕྱུགས་ཀྱི་སྒྲོབ་ར་མི་ཡི་ལོང་ཚིགས་རྐང་པའི་སོར་ཚིགས་གསུམ་པ་བརླ་དང་རྐང་གཡས་གསང་གནས་ལ།། ཉེར་དགུ་ཕྱུགས་ཀྱི་སྣ་ཁུང་མི་ཡི་ངར་གདོང་རྐང་པའི་སོར་ཚིགས་གཉིས་པ་བྱིན་པ་དཔྲལ་གཡས་ངར་གདོང་ལ་མིག་འབྲས་ལ། གནམ་སྟོང་རྐང་ཕྱུགས་ཀྱི་ལུས་བྱིངས་མི་ཡི་ལུས་ཀུན་ལ་ཉི་ཤར་ལུས་བྱིངས་རྐང་པའི་སོར་ཚིགས་དང་པོ་མཐེབ་གཙུག་གཡས་རྟིང་པར་གནས།། འདི་དག་ཕོ་ཡི་དབང་བྱས་མོ་ལ་ནི།། གཡས་གཡོན་ཕོ་ལས་གོ་ལྡོག་ཤེས་པར་བྱ། །

ཚེས་གྲངས

      ༡

          ༢

         ༣

        ༤

དུས་འཁོར་ལུགས་ཀྱི་བླ་གནས་འཕོ་ཚུལ།

རྐང་པའི་སོར་ཚིགས་དང་པོར་ཡེ་གེ་ཨཿ

རྐང་པའི་སོར་ཚིགས་གཉིས་པར་མི།

རྐང་པའི་སོར་ཚིགས་གསུམ་པར་རི།

ལོང་བུར་ཨུ།

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

རྐང་མཐིལ།

 

ལོང་བུར།

 

བརླ་ནང་།

 

རྐེད་པར།

གཙུག་ལག་རིག་བྱེད་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

རྐང་པའི་མཐེ་བོང་།

 

རྐང་པའི་བོལ་ཚིགས།

 

བྱིན་ཉྭ།

 

པུས་མོ་སྟེང་།

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

བྱེ་ཟེར་ནས་ཉི་ཤར་རྐང་མཐིལ།

དྲོས་ཆེན་བར་བྱིན་དཀྱིལ།

དྲོས་ཆེན་ཚུན་བྱིན་དཀྱིལ།

ནམ་ལངས་རྐེད་པར།

རྒྱུ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

རྐང་པའི་མཐེབ་ཆེན།

 

རྐང་པའི་རྒྱབ།

 

གྲུ་མགོ་དང་ཕོ་བ།

 

རྐེད་པར།

གཙུག་ལག་རིག་བྱེད་ལུགས་ཕྱུགས་ཀྱི་བླ་གནས་འཕོ་ཚུལ།

 

ཕྱུགས་ཀྱི་རྐང་མཐིལ།

 

རྐང་ཚིགས་ཏེ་ར་རྒན་ཨག་ཆོམ།

 

ཕྱུགས་ཀྱི་ངར་གདོང་།

 

 

ཕྱུགས་ཀྱི་སྲེ་ལོང་།

ཚེས་གྲངས།

   ༥

          ༦

        ༧

           ༨

དུས་འཁོར་ལུགས་ཀྱི་བླ་གནས་འཕོ་ཚུལ།

པུས་མོར་ལི།

དཔྱི་མཚམས་ཨ།

ལག་པའི་སོར་ཚིགས་དང་པོར་ཨེ།

ལག་པའི་སོར་ཚིགས་གཉིས་པར་ཨར།

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

ཁ་ནང་།

བྲང་མདུན།

རོ་རྒྱབ་།

ལག་མཐིལ།

གཙུག་ལག་རིག་བྱེ་ལུགས་ཀྱི་བླ་གནས་འཕོ་ཚུལ།

རྐང་པའི་ནང་ངམ་སྒྱིད་ཁུང་།

བརླ་ཡི་སུལ།

དཔྱི་ཚིགས།

མཁལ་མ་གཡོན་པའི་སྟེང།

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

 

ཉི་ཤར་ནས་ཁ།

 

ཉི་དྲོས་ལག་མཐིལ།

སྐྱེ་རེངས་ཤར་ནས་ནམ་ལངས་བར་དུ་རྐང་ལོང་གཉིས།

ནམ་ཕྱེད་ལག་གཉིས་ཀྱི་གྲུ་ཁུག་ལ།

རྒྱ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

   ཁ།

ལག་པ།

བརླ་རྐང་ནང་།

རྩིབ་ལོགས།

གཙུག་ལག་རིག་བྱེད་ལུགས་ཕྱུགས་ཀྱི་བླ་གནས་འཕོ་ཚུལ།

 

ཕྱུགས་ཀྱི་སེ་བ་རུས།

 

ཕྱུགས་ཀྱི་དཔྱི་མིག།

 

ཕྱུགས་ཀྱི་གྲུ་མོ།

 

ཕྱུགས་ཀྱི་མཁལ་ཁུང་།

     ཚེས་གྲངས།

     ༩

          ༡༠

           ༡༡

           ༡༢

དུས་འཁོེར་ལུགས།

ལག་པའི་སོར་ཚིགས་གསུམ་པར་ཨོ།

མཁྲིག་མར་ཨལ།

གྲུ་མོར་ཧ།

དཔུང་པར་ཡ།

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

མཆིན་པར།

རྐེད་པར།

སྣ།

ཕོ་བ།

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

ནམ་ལངས་མཚན་མར།

སྲོེད་འཁོར་རྐེད་པར།

སྲོད་ལ་སྣ་དང་རྣ་བ།

བྱེ་ཟེར་ཕོ་སྐྲ་མཚམས།

རྒྱ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

གཞུག་ཆུང་།

  སྒལ་པ།

   སྣ།

སྐྲ།

གཙུག་ལག་རིག་བྱེད་ལུགས་ཕྱུགས་ཀྱི་བླ་གནས་འཕོ་ཚུལ།

 

ཕྱུགས་ཀྱི་ལག་མཐིལ།

 

ཕྱུགས་ཀྱི་ལྟག་སྒོར།

ཕྱུགས་ཀྱི་ཚིགས་སམ་ཚིལ།

ཕྱུགས་ཀྱི་ལག་ངར།

        ཚེས་གྲངས།

        ༡༣

        ༡༤

         ༡༥

         ༡༦

 

དུས་འཁོར་ལུགས་ཀྱི་བླ་གནས་འཕོི་ཚུལ།

 

སྙིང་ཁར་ར།

 

མགྲིན་པར་ཝ།

དཔྲལ་བར་ལ། བཅོ་ལྔ་བཅུ་དྲུག་མཚམས་སུ་ནི། སྤྱི་བོར་ཨཾ་གི་གཟུགས་ཀྱིས་སོ།།

 

ལྟག་པར་ཨཱ།

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

སོག་པ།

 

སྐྱོར་གོང་།

 

ལུས་སྤྱིར་ཁྱབ།

 

སྐེ།

གཙུག་ལག་རིག་བྱེད་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

སྐེ་མགུལ།

 

རྣ་ལྟག་ཟ་འགྲམ།

 

ལུས་སྤྱིར་ཁྱབ།

 

ལྟག་པ་ཟ་འགྲམ།

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

 

ཉི་ནུབ་སོ་ལ།

 

ནམ་ཕྱེད་ སྙིང་ཁར།

ཉི་མྱུར་ལུས་བྱིངས་ཁྱད་པར་བྱིན་དཀྱིལ།

ཉི་མྱུར་རྐེད་པ་བྲང་གཞུང་།

རྒྱ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

    སོ།

ཕོ་བའི་རྒྱབ་བམ་སྙིང་ཁ།

ལུས་སྤྱིར་ཁྱབ།

བྲང་ངམ་ཕོ་བ།

གཙུག་ལག་རིག་བྱེད་ལུགས་ཕྱུགས་ཀྱི་བླ་གནས་འཕོ་ཚུལ།

 

ཕྱུགས་ཀྱི་རྩ་དཀར།

 

ཕྱུགས་ཀྱི་དཔུང་པ།

 

ཕྱུགས་ལུས་སྤྱིར་ཁྱབ།

 

ཕྱུགས་ཀྱི་སྐེ་མཇིང་།

     ཚེས་གྲངས།

    ༡༧

     ༡༨

      ༡༩

    ༢༠

དུས་འཁོར་ལུགས་ཀྱི་བླ་གནས་འཕོི་ཚུལ།

གཉའ་བར་ཝཱ།

སྙིང་ཁར་རཱ།

དཔུང་ཚིགས་སུ་ཡཱ།

གྲུ་མཔར་ཧཱ།

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

མགྲིན་པ།

ཕོ་དཀྱིལ།

ལོང་བུ།

རྐང་ངར།

གཙུག་ལག་རིག་བྱེད་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

སྐེ་མཇིང།

 

ལག་མཐིལ།

 

ལག་ངར།

 

དཔུང་སོག

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

སྲིད་འཁོར་མགུལ་གྱི་གཡོན་ཟུར།

ཉི་དྲོས་ཕོ་བ་དང་བརླ་ནང་།

ནམ་ལངས་བརླ་གཉིས་ཁུང་དང་རྐང་པའི་ལོགས།

ཉིན་ཕྱེད་ངར་གདོང་།

རྒྱ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

  མིད་པ།

གསང་གནས་སམ་འཕོང་།

  རྐང་པ།

བརླ་སྣང་།

གཙུག་ལག་རིག་བྱེད་ལུགས་ཕྱུགས་ཀྱི་བླ་གནས་འཕོ་ཚུལ།

ཕྱུགས་ཀྱི་སྣེ་ཁུག་གམ་སྐེ་མཇིང་།

 

ཕྱུགས་ཀྱི་ཟེ་བ།

 

ཕྱུགས་ཀྱི་ལྷག་སྒོར།

 

ཕྱུགས་ཀྱི་དཔུང་པ།

  ཚེས་གྲངས།

    ༢༡

     ༢༢

      ༢༣

    ༢༤

དུས་འཁོར་ལུགས་ཀྱི་བླ་གནས་འཕོ་ཚུལ།

མཁྲིག་མར་ཨཱལ།

སོར་ཚིགས་གསུམ་པར་ཨོོ།

སོར་ཚིགས་གཉིས་པར་ཨཱར།

སོར་ཚིགས་དང་པོར་ཨེེ།

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

རྐང་མཐེབ།

སོག་གཡོན།

མཆིན་པ།

ལག་ངར་།

གཙུག་ལག་རིག་བྱེད་ལུགས་ཀྱི་བླ་གནས་འཕོ་ཚུལ།

རྩིབ་ལོགས།

མཁལ་སྟེང་།

དཔྱི་མིག་ཚིགས་ལ།

བརླ་སུལ།

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

 

ཉི་དྲོས་རྐང་མཐིལ།

ནམ་ལངས་མཁལ་ཁུང་གཉིས།

 

ནམ་ཕྱེད་བྱིན་པ་གཉིས།

 

སྲོད་ལག་མཐིལ།

རྒྱ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

ལག་པའི་མཐེབ་ཆུང་།

བརླ་ཡི་ཕྱི།

མཆིན་པ་དང་རྐེད་པ།

རྐང་མཐིལ་རྒྱབ།

གཙུག་ལག་རིག་བྱེད་ཕྱུགས་ཀྱི་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

ཕྱུགས་ཀྱི་སོ།

 

ཕྱུགས་ཀྱི་ཡར་མར་རྐན་ལ།

 

ཕྱུགས་ཀྱི་ལྕེ།

ཕྱུགས་ཀྱི་མིག་དང་དཔྲལ་བར།

     ཚེས་གྲངས།

       ༢༥

       ༢༦

       ༢༧

    ༢༨

དུས་འཁོར་ལུགས་ཀྱི་བླ་གནས་འཕོ་ཚུལ།

དཔྱི། རུས་མཚམས་སུ་ཨཱ།

པུས་མོར་ལཱི།

ལོང་བུར་ཨཱུ།

རྐང་པའི་སོར་ཚིགས་གསུམ་པར་རཱྀ།

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

    ལྕེ།

  པུས་མོ།

  པུས་མོ།

མཚན་མ།      

གཙུག་ལག་རིག་བྱེད་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

སྒྱིད་ཁུང་།

 

པུས་མོའི་སྟེང་།

 

བྱིན་ཉྭ།

 

ལོང་བུའི་ཚིགས་ལ།

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

ནམ་ཕྱེད་ལྕེ་ལ།

སྐྱ་རེངས་དུས་སྐེ་མཇིང་།

ནམ་ལངས་དཔུང་པ།

ཉི་ཤར་མཚན་མ་དང་ལྟོར།

རྒྱ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

རྐང་པའི་མཐེབ་ཚིགས་དང་བོལ།

 

བྲང་དང་ཕོ་བ།

 

པུས་མོ།

 

མཚན་མ།

གཙུག་ལག་རིག་བྱེད་ཕྱུགས་ཀྱི་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

ཕྱུགས་ཀྱི་བྲང་ཟེ།

 

ཕྱུགས་ཀྱི་ཨོལ་སྟོང་།

 

ཕྱུགས་ཀྱི་མཚན་མ།

 

ཕྱུགས་ཀྱི་སྒྲོ་བར།

      ཚེས་གྲངས།

      ༢༩

      ༣༠

 

 

དུས་འཁོར་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

སོར་ཚིགས་གཉིས་པར་ཨཱི།

 

སོར་ཚིགས་དང་པོར་ཨཱ།

གནམ་སྟོང་དང་ནི་ཚེས་གཅིག་མཚམས། རྐང་པའི་མཐིལ་དུ་ཨཱཿཡི་གཟུགས།

 

ཟུར་མཁར་བྱེ་རིང་ལུགས་ཀྱི་བླ་གནས་འཕོ་ཚུལ།

མིག་གཉིས།

ལུས་སྤྱིར་ཁྱབྲ

 

 

གཙུག་ལག་རིག་བྱེད་ཀྱི་ལུགས་ཀྱི་བླ་གནས་འཕོ་ཚུལ།

 

རྐང་བོལ།

 

ལུས་སྤྱིར་ཁྱབ།

 

 

ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་བླ་གནས་འཕོ་ཚུལ།

ཕྱེད་ཡོལ་མིག་འབྲས་གཉིས་ལ།

ཉི་ཤར་ལུས་བྱིངས་ལ་ཁྱབ། ཁྱད་པར་རྒྱུ་མར་གནས

 

 

རྒྱ་རྩིས་གསར་མའི་ལུགས་ཀྱི་བླ་གནས་འཕོ་ཚུལ།

པུས་མོའི་འཕང་ལོ་དང་རྗེ་ངར་།

རྐང་མཐིལ།

 

 

གཙུག་ལག་རིག་བྱེད་ཕྱུགས་ཀྱི་ལུགས་ཀྱི་བླ་གནས་འཕོ་ཚུལ།

ཕྱུགས་ཀྱི་སྦངས་ཁུངྲ།

ཕྱུགས་ལུས་སྤྱིར་ཁྱབ།

 

 


ཚིགས་བཅད་གཞུང་འདི། བདེ་མཆོག་དང་།། སམ་བྷུ་ཊའི། གཡུ་ཐོག་གསུམ་གྱི་དགོངས་པ་དང་། རྒྱུད་ཀྱི་བླ་གནས་དུས་འཁོར་དགོངས་པ་དང་། མཆིན་སྐྱ་ཟུར་ལུགས་བྱེ་རིང་ཀྱི་བླ་གནས་བརྩི་ཚུལ། གཙུག་ལག་རིག་བྱེད་ལུགས་ཀྱི་མི་ཡི་བླ་གནས་དང་། རྟ་སོགས་ཕྱུགས་ཀྱི་བླ་གནས། མཆིན་སྐག་དུས་ཚོད་དང་སྦྱར་བ་ལྟོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་ལུགས། རྒྱ་རྩིས་གསར་འགྱུར་གྱི་བླ་གནས་འཕོ་ཚུལ་སོགས་གོང་དུ་རེའུ་མིག་ནང་བཀོད་ཡོད་པ་རྣམས་ཀྱང་ཕོ་གཡོན་མོ་གཡས་གོ་ལྡོག་གིས་མགོ་འཛིན་པར་བྱ་ལ།

གཞན་ཡང་རེས་གཟའི་བླ་གནས་ནི།། རེས་གཟའ་ཉི་མར་མགོ་དང་ཟླ་ནུ་མཆིན(མཆན)།། མིག་དམར་གློ་མཆིན་ལྷག་པ་རྐེད་པ་ལ།། ཕུར་བུ་མཁལ་རྐེད་པ་སངས་རྒྱབ་གཞུང་ལ།། སྤེན་པ་སྒང་རྩ་དག་ལ་གནས་པ་ཡིན།། (ཚིག་བཅད་གཞུང་འདི་བདེ་མཆོག་དང་སམ་བུ་ཊི་གཡུ་ཐོག་གསུམ་གྱི་དགོངས་པ་དང་མཆན་སེར་དང་ཕྱུགས་ཀྱི་བླ་གནས་ཕུག་ལུགས་མཆན་སྐྱ་ཟུར་ལུགས་མཆན་སྐག་དུས་ཚོད་དང་སྦྱར་བའོ།། ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་ལུགས་སོ།།) བིཤྚི་ཞེས་བྱ་གདུག་པ་ཅན་གྱི་གཟའ།། མཚོ་ཚེས་བཞི་བྲག(དྲག)བཅུ་གཅིག་སྐྱོན་བཅོ་བརྒྱད་དང་དེ་ཉེར་ལྔ་ཉིད་ཕྱི་དྲོའི་ཆ།། ཀླུ་ཚེས་བརྒྱད་ཚེས་བཅོ་ལྔ་ལག་ཉེར་གཉིས་མིག་བུག་ཟུང་ཉེར་དགུ་སྔ་དྲོ་རྒྱུ་འདི་རགས་པ་སྟེ་ཞིབ་པ་ཚེས་ལོངས་མང་ཉུང་དང་བསྟུན་བརྩི་བྱ།། །དུས་ཚོད་ཉི་མཇིང་པ་ཁ་ནང་ཤར་ཁ་ལ་དྲོས་ལྟག་ཁུང་ལྕེ་ལ་གནས།། དྲོས་ཆེན་མཆུ་ལ་ཉིན་ཕྱེད་བྲང་མིག་གཉིས་གཞུང་གནས།། ཕྱེད་ཡོལ་ལྟེ་བ་རྩེ་ཆུང་གཉིས་ཉི་མྱུར་སྙིང་ཁར་སྦོ་བྲང་(གློ་རྩར་)གནས།། མྱུར་དབོ་བྲང་སྨད་རྒྱབ་གཞུང་ཉི་ནུབ་རྐང་པ་གཉིས་བྲང་ཞོལ།། སྲོད་འཁོར་ལྟོ་བ་འཁོར་མཚན་མ་ནམ་ཕྱེད་ཕོ་བ་ལ།། ཕྱེད་ཡོལ་བྲང་ལ་ཐོ་རངས་རྒྱུ་མར་གནས།། མཚན་མོ་ལུས་སྟོད་ནམ་ལངས་མཆུ་ལ་གནས་རྐང་པ་གཉིས།། དེ་ལྟར་ལུགས་མང་དང་བསྟུན་ཞིབ་པར་བརྩི།། མི་ལ་ཚེ་རྩ་གསུམ་ཡོད་གཅིག་དེ་བླ།། འདི་ཡིན་མ་འཛིན་(འཛེམ)གཏར་ཡང་འགའ་ཞིག་ལ།། མི་གནོད་འདྲ་བར་སེམས་ནས་ཁྱད་གསོད་མང་།། བླ་དེ་སྲོག་ལྷར་མཉམ་གནས་གཏར་ན་འཆི།། ལུས་ལྷར་མཉམ་གནས་གཏར་བསྲེགས་རྨ་ཉེས་ཞ།། དབང་ལྷར་འགྲོགས་ཚེ་གཏར་བསྲེགས་བསོད་ནམས་ཉམས།། རླུང་ལྷར་མཉམ་གནས་གཏར་ན་ཚེ་ཐུང་ངོ་།། སྐྱེས་ལྷར་གནས་ཚེ་གཏར་བསྲེགས་གཟི་སྟོབས་ཉམས།། དེས་ན་རྣམ་པ་ཀུན་ཏུ་འཛེམ་གལ་ཆེ།། བླང་བར་བྱ་ལ་ཕྱི་དུས་གནས་(ནད་)སྐབས་གཉིས།། ཕྱི་དུས་གཟའ་སྐར་ཚེས་བཟང་རྒྱ་ཚགས་(བ)མེད།། འུར་ཟིང་གདོན་ཅན་འགྲུལ་འགྲིམ་མེད་དུས་གཏར།། ནད་སྐབས་ཐོག་མ་བར་དང་ཐ་མ་གསུམ།། ཐོག་མར་བྱང་ཁོག་ཁྲག་བབས་དོན་ལ་ཟིན།། ཁྲག་མ་ཆོད་དང་རྒྱས་འཁྲུགས་སྨིན་ལོང་མེད།། ཕྱི་འགྱང་མི་སྒུག་འཕྲལ་དུ་ཐུག་འཕྲད་གཏར།། བར་དུ་གཏར་དུས་གཟེར་འདུས་གྲང་ཤུམ་ཆད།། རྩ་རྒྱུད་ལྕི་སྦྲིད་རྒྱས་པའི་དུས་ན་གཏར།། ཐ་མར་གཏར་བ་ཁྲག་ཕྱེད་རི་མོ་མེད།། ཐང་གིས་ཁྲག་ངན་ནད་ཟུངས་ཕྱེས་པ་དང་།། ཁྲག་མཁྲིས་ངན་ཁྲག་རྩ་མི་བྱེར་བ་དང་།། ཟས་ཀྱིས་ཚད་རོ་སྐྱེད་ལ་ཐ་མར་གཏར།། གཏར་བ་སྔས་ན་རླུང་སྐྱེ་ཚ་བ་བྱེར།། འཕྱིས་ན་ངན་ཁྲག་རྩར་གྲམ་རོ་མི་ཐོན།། ཚད་སྟོབས་ཆེ་བ་གཏར་འཕྱིས་རྩ་དང་དོན།། རྣག་ཏུ་འགྱུར་བས་སྐྱོན་གྱིས་འདྲུལ་སོགས་འབྱུང་།།

བཞི་པ། གཏར་ཡུལ།

བཞི་པ་གཏར་ཡུལ་ནད་པ་རྒས་ཆེ་དང་།། བྱིས་པ་སྦྲུམ་མ་རླུང་ཅན་ཟུངས་ཟད་དང་།། བུ་བཙས་རྗེས་ལ་སྣུམ་འཐུང་བ་ལ་སྦྱོར།། ལས་ལྔ་གང་ཡང་སྔོན་སོང་རྗེས་མི་གཏར།།

ལྔ་པ། གཏར་གནས།

ལྔ་པ་གཏར་གནས་རྩ་དང་བསྡུས་དོན་གཉིས།། རྒྱུད་ལས་དངོས་བསྟན་གཏར་རྩ་དོན་བདུན་དང་།། །རྒྱུད་ལས་སྦས་པའི་གབ་རྩ་རེ་ལྔ་བསྟན།། དང་པོ་རྒྱུད་ལས་གསུངས་པའི་གཏར་རྩ་ནི།། ནང་རྩ་སྦས་པའི་རྩ་ཆེན་རྣམ་བརྒྱད་ལས།། ཕྱི་རུ་མངོན་རྩ་བཅུ་དྲུག་གྱེས་པ་སྟེ།། དེ་ལ་གྱེས་པའི་རྩ་རིགས་མང་ན་ཡང་།། རླུང་སྲོག་ལྟར་གཉན་པའི་ཁྲག་གཉིས་འདོམས་འཕར་རྩ་གཏར་བྱ་མིན།། རླུང་མེད་མི་འཕར་ཁྲག་རྩ་གཏར་བྱ་སྟེ།། དེ་ཡང་ཁྲག་ཆེ་བདུན་ཅུ་རྩ་བདུན་ནི། མཚོག་གསར་སྣ་རྩེ་མཐོང་རྩ་རྣམ་པ་གསུམ།། གསེར་མདུང་ལྟག་རལ་ལྟག་རྩ་རྣམ་པ་དྲུག། རྣ་བའི་ཕྱི་ནང་ལྗོན་ཤིང་གཉིས་གཉིས་བཞི།། ལྕེ་མིག་སོ་རྩ་རྩེ་ཆུང་གཡས་གཡོན་བརྒྱད།། དེ་རྣམས་མགོ་སྐེའི་གཏར་རྩ་ཉེར་གཅིག་ཡིན།། དཔུང་རྩ་སྒང་རྩ་སྣོད་ཀ་དྲུག་མགོ་དང་།། གློ་མཆིན་འདོམ་རྩ་མཁྲིས་མཁྲིས་འདོམ་རྩ་དང་།། རུ་ཐུང་དང་ནི་གློ་སྙིང་འདོམ་རྩ་དང་།། བད་ཀན་གཤའ་རིངས་མཁྲིས་པ་གཤའ་རིངས་དང་།། ཆུ་སེར་གཤའ་རིངས་དྲུག་འདུས་སྐྱོར་གོང་རྩ།། སྲིན་ལག་རྒྱབ་རྩ་རྣམས་ལ་གཉིས་གཉིས་རེ།། །ཕྲན་བུ་དྲུག་དང་བསྡོམས་པས་སུམ་ཅུ་བཞི།། །ལག་པའི་གཏར་རྩ་ཡིན་པར་མཁས་པས་གསུངས།། རྩ་ཆེན་སྒབ་རྩ་རྟ་མཐུར་བྱིན་གཞུག་དང།། །བྱིན་སྐྱོག་གདོང་རྩ་ལོང་རྩ་ཡོབ་གོང་རྩ།། རྒྱུ་རྩ་རྣམས་ལ་གཡས་གཡོན་གཉིས་རེ་སྟེ།། དྲིལ་བས་བཅོ་བརྒྱད་རྐང་པའི་གཏར་རྩ་ཡིན།། ཕོ་བའི་ར་དང་མཚན་མའི་འགྲམ་རྩ་ལ།། །གཉིས་རེ་བཞི་ནི་ལུས་སྦུབས་གཏར་རྩར་བཤད།། ཀུན་ཀྱང་དྲིལ་བས་བདུན་ཅུ་རྩ་བདུན་ནོ།། རྒྱུད་ལས་སྦས་པའི་མན་ངག་གབ་རྩ་ནི།། མགོ་ལག་རྐང་མཇུག་བཞི་དབྱེ་མགོ་ལ་ནི།། རེ་ཐག་དཔྲལ་རྩ་དབྱེ་རྩ་རྐན་རྩ་བཞི།། མདུན་རྩ་སྒབ་རྩ་མཚུལ་རྩ་རྡུལ་(རྡུར་)རྩ་དང་།། ནག་ཆུང་གུང་ཐག་སྣ་(སྦ་)ཐག་སྲིན་རྩ་དང་།། འགྱུར་རྩ་ལྟག་རལ་(ནག)འདོན་(འདེན)རྩ་འགྲམ་རྩ་སྟེ།། །གཡས་གཡོན་གཉིས་རེ་བསྡོམས་པས་ཉི་ཤུ་བརྒྱད།། ལག་པ་དཔུང་ཆུང་དགྲ་ལྕེ་ཕྲན་ཆུང་དང་།། མཐེབ་སྒང་གོང་རྩ་འདོམ་གང་(སྒང་)རྒྱབ་ཆེན་དང་།། རྒྱབ་རྩ་བཅུ་སྟེ་བསྡོམས་པས་ཉི་ཤུ་བཞི།། རྐང་པར་གདོང་ཆེན་ཀུང་ཀུ་སྟེང་(རྟིང་)རྩ་དང་།། དྲེག་རྩ་གྲུམ་རྩ་བུ་རྩ་བ་གསུམ་དང་།། མཇུག་རྩ་གཅིག་བཅས་དྲུག་ཅུ་རྩ་ལྔ་བསྟན།།

དྲུག་པ། གཏར་བྱ།

དྲུག་པ་གཏར་བྱ་ནད་ལ་རུང་མིན་གཉིས།། གཏར་དུ་རུང་བའི་ནད་གཞི་འགྲམས་འཁྲུགས་རིམས།། སྐྲངས་པ་རྨ་དང་དྲེག་ནད་སུརྱ་དང་། བད་མཁྲིས་འབྲས་དང་སྐྲན་དང་མཆིན་མཚེར་ཚ།། ཁ་དང་མིག་དང་མགོ་ནད་མྱོས་སྐེམ་(སྐོམ)དང་།། སྒྲེགས་པ་སྐྱུར་ཞིང་ཁྲག་འཁྲུགས་ལ་སོགས་པའི།། ཚ་བ་ཁྲག་མཁྲིས་ལས་གྱུར་གཏར་བའི་ནད།། འོན་ཀྱང་ནད་ཁྲག་མ་ཕྱེད་རིམས་མ་སྨིན།། །སྟོངས་ཚད་དུག་མ་སོད་དང་གཉན་ཚད་དང་།། ཟུངས་ཟད་ཚ་བ་ཡིན་ཡང་གཏར་མི་རུང་།། མི་རུང་གདོན་ཅན་སྐྱ་རྦབ་མེ་དྲོད་ཉམས།། མ་ཞུ་ཁྲག་མཁྲིས་ལུད་པ་དབུགས་མི་བདེ།། མ་སྨིན་རིམས་དང་འཁྲུ་ནད་སྐྱུགས་པ་དང་།། གཅོང་ནད་བད་རླུང་གྲང་མཁྲིས་གཉན་འབབ་(འབམ་)སྤང་།། འོན་ཀྱང་བད་རླུང་ཁྲག་མཁྲིས་བསྡོངས་ན་གཏར།། ཤ་རྨེན་རྩ་རུང་(རྒྱུས་)གནད་ཐོག་རྩ་མདུད་སྤང་།།

 

བདུན་པ། གཏར་བའི་སྔོན་འགྲོ་དངོས་གཞི་རྗེས་གསུམ།

བདུན་པ་གཏར་བ་སྔོན་འགྲོ་དངོས་གཞི་རྗེས།། གསུམ་གྱི་དང་པོ་སྔོན་འགྲོ་རིང་བ་དང་།། ཉེ་བ་གཉིས་ཀྱི་དང་པོ་རིང་བ་ཡི།། སྔོན་འགྲོ་ཞག་གསུམ་གོང་ནས་དབྱེ་ཐང་གཏོང་།། ནད་ཁྲག་ཟུངས་ཁྲག་འོ་མ་ཆུ་འདྲེས་འདྲ།། འབྲས་བུ་གསུམ་ཐང་ངང་པ་ཆུ་འབྱེད་འདྲ།། རླུང་དང་ཚ་བ་འབྱེད་ལ་སླེ་ཏྲེས་ཐང་།། བད་རླུང་ཁྲག་འབྱེད་མ་ནུ་སླེ་ཏྲེས་སྐྱུར།། འཐབ་དང་འདུས་པ་འབྱེད་ལ་སྐྱུ་རུའི་ཐང་།། ཁྲག་མཁྲིས་འབྱེད་ལ་སླེ་ཏྲེས་བ་ལེ་ཀ།། སྨིན་བྱེད་མྱུར་དུ་དགོས་ཚེ་སླེ་ཏྲེས་ཐང་།། མ་སྨིན་ཁྲག་སྙིགས་འབྱེད་ལ་མ་ནུ་དང་།། ཀཎྜ་སླེ་ཏྲེས་སྐྱུ་རུའི་བསྡུས་ཐང་གཏོང་།། དེ་ལྟར་ནད་ཁྲག་ཟུངས་ཁྲག་འབྱེད་བྱས་ནས། །གཏར་གོང་ནུབ་མོ་པི་ལིང་བསྡུས་པའི་ཐང་།། ངད་ཡལ་ཡུན་ཅིག་བཏང་བས་ནད་ཁྲག་རྣམས།། །མ་ལུས་དོན་སྣོད་རང་རང་གཏར་རྩར་འདྲེན།། ཟུངས་དང་ནད་ཁྲག་འདྲེས་པའི་རྒྱ་མཚོ་ལ།། ནག་པོ་ཚནྡེ་སྲིན་བུ་པདྨེ་འདྲ།། ཐང་མ་བཏང་བར་གཏར་ན་ཟུངས་ཁྲག་འཆོར།། ནད་ཁྲག་མི་ཐོན་ཟུངས་ཟད་ནད་རོ་ལུས།།

ཉེ་བའི་སྔོན་འགྲོ་གཏར་ཁ་ཆང་སིངས་སོགས།། རྩ་ལ་རྒྱུག་པའི་བཏུང་བས་འགྲངས་བྱས་ལ།། ལྟོ་འཇག་འགྲངས་པ་ཞི་བ་མེ་ཉིས་དྲོས།། རྩ་རྒྱས་ཚེ་གཏར་ཁྲག་སྣོད་བལ་ཐག་དང་།། བྱ་སྤུ་སྣུམ་ཅན་བསྙལ་གདན་བསྙལ་ཐག་དང་།། ཏིལ་མར་གྱིས་སྦགས་རྨ་དཀྲིས་རྨ་རྩི་བསག། གཏར་མགོ་དྲོད་ཡིན་གཏར་མཇུག་བསིལ་ཡིན་པས།། ཉི་མ་ཚ་ཡང་མེ་དགོས་ཚ་(ཆར་)བབས་དང་།། གནས་ཡུལ་བསིལ་ཡང་ཆུ་དགོས་རྡོ་གྲང་དང་།། ཚ་(ཚྭ)་མར་ལ་སོགས་ལོག་གནོན་ཆས་ཀྱང་བསག། མེ་ཉི་ལ་(དྲག)བསྲོ་བསྐུ་མཉེ་ནན་ཕུར་བསྲུབ།། ཁྱད་པར་གློ་བུར་ཐོག་བབ་ནད་དྲག་པོས།། ཡན་ལག་གྲང་རེངས་རྩ་མི་མངོན་པ་ན།། ཆུ་ཚན་གྱིས་བཀྲུས་མེར་བསྲོས་ལེགས་པར་མཉེ།། འགྲུལ་བསྲུང་དྲོ་བའི་གོས་བསྒོ་གཡོག་གིས་བརྟེན།།

དངོས་གཞིར་བསྙལ་ཐབས་གདབ་ཐབས་གདབ་དམིགས་དང་།། ཁྲག་པྲ་དབྱུང་ཚད་ལོག་གནོན་དྲུག་གིས་བསྟན།།

དང་པོ་བསྙལ་ཐབས་མཚོག་གསང་དཔྲལ་རྩ་དང་།། ལྟག་རལ་ལྟག་རྩ་སྨིན་སྟེང་རྣ་ལྟག་ནས།། ཐི་གུས་བསྐོར་ལ་ཤིང་བུས་གཅུས་ནས་བསྙལ།། སྐྲ་མཚམས་མན་རྣམས་ཐོང་རྩ་དགག་ལ་བསྙལ།། སྣ་རྩེ་ལྕེ་རྩ་སྨྱུག་སྐམ་དར་དྲིལ་བལྟབ་(ལྟེམ།)།། ཡང་ན་ལྕེ་གྱེན་བཟློག་ལ་སོ་བར་བཙིར།། སོ་མིག་ལྗོན་ཤིང་འགྲམ་མགོ་(འོག)སྐེ་ཕུག་བསྙལ།། ཐོང་རྩ་ཐི་གུས་སྐེ་བསྐོར་རྒྱབ་ནས་འཐེན།། རྩེ་ཆུང་ག་ཤར་ཡང་ན་སྐེ་སྟེང་བསྙལ།། དཔུང་རྩ་ལུག་གཞུག་འོག་བསྙལ་ཨ་སོ་དང་།། དྲུག་མགོ་སྒང་རྩ་རུ་ཐུང་གཤའ་རིངས་དང་།། འདོམ་རྩ་དྲུག་རྣམས་གྲུ་ཁུག་སོར་གསུམ་གོང་།། སྐྱོར་གོང་རྒྱབ་རྩ་དྲུག་འདུས་ཕྲན་བུ་སོགས།། པྲན་རྩེའི་རྩ་རྣམས་མཁྲིག་མའི་གོང་ནས་བསྙལ།། རྩ་ཆེན་པུས་གོང་མཐོ་གང་སྟེང་ནས་བསྙལ།། ཉྭ་སྟོད་པུས་སྟེང་ཉྭ་སྨད་ལྷམ་སྒྲོག་སྟེང་།། བོལ་རྩ་རྐང་མགོ་ཉྭ་ཡི་མཇུག་ནས་བསྙལ།། སྦུབས་ཀྱི་རྩ་རྣམས་རྩ་རྒྱུད་ཤིང་བུས་གཅུ།། ཡང་ན་མགོ་རྩ་ཐམས་ཅད་ཐོང་རྩ་དགག། སྐེ་རྩ་ཐམས་ཅད་ནུ་མ་ཡན་བཙིར་རམ།། ག་ཤར་བྱས་བསྡམ་མགོ་སྐེ་ཕུག་མ་གཏོགས།། ཀུན་ཀྱང་རས་ཀྱི་བསྙལ་གདན་སྟེང་དག་ནས།། བསྙལ་ཞེས་རྩ་མལ་འཛུད་པའི་དོན་ཡིན་པས།། རྩ་མཉམ་ལྤགས་པ་གཡས་ཡོན་མ་འགྱུར་བར།། སྦྲིད་ཚིལ་རྩ་རྒྱུད་ལྷང་གིས་བྱུང་བར་བསྡམ།། དབུགས་བསྡམས་དྲག་ཏུ་བཙིར་བས་ཁྲག་ཕྱིར་འཕུལ།། མ་བསྡམས་མི་ཐེབས་འཆུས་ན་ཁྲག་མི་ཐོན།། བསྙལ་རྗེས་རྩ་དེ་ལག་པས་མཉེ་བསྲུབ་བརྡེག། ཤ་སྦྲིད་རྩ་རྣམས་རྒྱས་པས་ཐེབས་པར་སླ།། བསྙལ་མ་ཐག་ཏུ་མི་གཏར་ཐེབས་པ་དཀའ།།

གདབ་ཐབས་རྩ་མི་འཆུས་པར་མཐེ་བོས་མནན།། ཅུང་ཟད་ཐུར་དུ་འཐེན་པས་རྩ་མི་འགྱུར།། གནད་སྟེང་རྩ་ལ་དང་པོ་ལྤགས་པ་དབྲལ།། དེ་རྗེས་རྩ་རྟོལ་ཉིས་ལེན་བྱེད་པ་བསྔགས།། ཡང་ན་གློ་ཕུག་གང་འཚམ་རིག་པས་དཔྱད།། རྩ་ཆེན་སྒང་གཤགས་རྩ་ཕྲན་སྨྱུག་ཁ་གསེག། ཤིན་ཏུ་ཕྲ་རྣམས་དོལ་གྱིས་བཅད་ལ་གཏར།། ཁྲག་བས་རླངས་ཕན་རྨ་ཁ་ཆེ་བར་བྱ།། རྨ་ཆུང་ཁྲག་དང་རླངས་མི་ཐོན་པར་སྐྲངས།། རྩ་ཁ་པགས་ཁ་མཉམ་ན་ལེགས་པ་ཡིན།། རུས་གཏིང་(སྟེང་)རྩ་ལ་སྟ་རེ་ཁ་འདྲ་བས།། རྩ་སྟེང་མི་འགྱུར་འཕྲད་(འཕྲེད་)བཙུགས་བེམ་ཏོལ་བརྡེག། དཔུང་རྩ་ལ་སོགས་ལག་པའི་མདུན་རྩ་རྣམས།། ལག་ཏུ་རྡོ་བཅངས་ཤེས་ཀྱིས་བརྐྱངས་བྱས་ནས།། པུས་མོར་བརྟེན་ལ་མ་འཁྱུག་གཏར་བར་བྱ།། རྒྱབ་རྩ་ལ་སོགས་མཐེ་བོང་ཆང་པར་བཅུག། དཀྱིལ་ཀྲུང་པུས་མོར་དམ་དུ་བསྡམས་ལ་གཏར།། རུ་ཐུང་ལ་སོགས་ལག་ངར་ཕྱི་རྒྱབ་རྩ།། གྲུ་མོ་པུས་བརྟེན་དཔུང་མགོར་སླེབ་ཙམ་གྱིས།། འཁར་བ་དམ་དུ་བཅངས་ལ་གཏར་བར་བྱ།། །དཔུང་ལོགས་རྩ་ནི་དཔུང་གཉིས་ཐུར་དཔྱངས་གདབ།། །ཕོ་མཚན་འགྲམ་རྩ་འགྲེངས་བཏེགས་བསྡམ་ལ་གཏར།། ལྟོ་བའི་(རྩིབ་ལོགས་)རྩ་ནི་རྡོ་བཅངས་ལག་གཉིས་བརྐྱངས།། པུས་བརྟེན་མཆན་ཁུང་མན་མཉམ་(མཉེས་)གོང་འོག་བསྡམ།། དབུགས་ཀྱིས་གསུས་པ་དགངས་ནས་གཏར་བ་ཡིན།། བྱིན་རྩ་གང་གཏར་ཤེད་བཙུགས་ལྡང་བྱས་ནས།། ཕར་གྱུས་ཨུ་ཟུར་མཆིན་བཀལ་རྒྱབ་ནས་གཏར།། །ཁྱད་པར་སྣོད་ཀ་དྲུག་མགོ་སྐྱོར་གོང་དང་།། །སྒབ་རྩ་གདོང་རྩ་ཡོབ་གོང་རྒྱུ་རྩ་དང་།། ཐོང་རྩ་རྩེ་ཆུང་སྲིན་ལག་རྒྱབ་རྩ་རྣམས།། འོག་དང་ཟུར་ལ་སྙིང་རྩ་འགྲོགས་པས་ཟབ།། ཤིན་ཏུ་གཉན་པས་སྲོག་དང་ཁྱད་མེད་འཛེམ།། མཚོག་གསང་ཐལ་ན་གཟེར་རྩ་སྲུབས་ཤ་གནད།། མུར་གོང་འཕར་བའི་ལྟག་རལ་སྐྲ་མེད་པས།། ཐེར་ལ་སོང་ན་ཁྲག་འབྱམས་འཚོ་དཀའ་གནད།། མིག་(མུར) རྩ་འབྲེང་(འགྲེང་)བུ་རྨས་ན་མཐོང་བྱེད་གནད།། སྒབ་རྩ་དམས་དང་ཐལ་ན་བྱིན་སྙིང་གནད།། གདོང་རྩ་ཐལ་(མཐོས)ན་གསེར་རྩ་ཀ་གདུང་གནད།། ཡོབ་གོང་མ་ནོན་སྙིང་རྩ་ནག་པོའི་གནད།། ལོང་རྩ་མ་ནོན་ལྕགས་ཀྱི་སྲན་མ་གནད།། སྣོད་ཀ་དྲུག་མགོ་མ་ནོན་པ་དང་ཐལ།། སྲོག་གི་རྩ་ཆེན་ལི་ཀ་གཉན་པའི་གནད།། དེ་སོགས་མཐོ་དམན་མེད་པར་གསང་ཐོག་གདབ།། ཀུན་ལ་རྩ་སྟེང་པགས་པ་བཀས་པ་ལ།། འོག་ལྤགས་མ་བརྟོལ་ལག་ཚོད་མཁས་པས་གཏར།། དེ་ལ་རྣམ་པ་ཀུན་ཏུ་ཉེས་གནད་མེད།། མདོར་ན་སུམ་བརྒྱ་རྩ་གཉིས་གནད་དྲན་མཛོད།། ནད་པའི་ལོ་ལྟར་(ལྷར)གཏོང་གཏད་བདུད་རྒྱབ་བསྟན (གཏད)།། གཏར་བྱའི་སྲུང་བྱེད་(ཆ)གཏར་བྱེད་ཀྱིས་འཆང་ལ།། ཉེས་སྐྱོན་སྲུང་བའི་སྔགས་འདི་གང་མང་བཟླས། །ཨོཾ་ཙཀྵུདེ་ཝ་ཧྲཱིཿ མ་གི་སྭཱཧཱཿཨོཾ་ཏྲི་ཁྱེ་ནི་ཧཱུཾཿ གཙག་བུར་བཏབ་ན་ཉེས་སྐྱོན་མི་འབྱུང་གསུངས། །གཞན་ཡང་བླ་གནས་བིཤྚི་སྤར་སྨེ་ཚེས།། ངན་བསྲུང་ཙཀྲ་འདོག་དང་ཕྱོགས་བཅུར་དགྲམ།། གདབ་མ་ལེགས་པས་ཅུང་ཟད་ཁྲག་འབྱུང་ལ།། དྲིལ་(ཏིལ)ཕྱེ་གདབ་བྱ་གདབ་དྲགས་སྒྲ་དང་བཅས།། འབྱུང་ཞིང་གཅོད་པར་དཀའ་ན་ཏིལ་མར་དང་།། རྒྱམ་(རྒྱ་)ཚ་སྦྱར་བ་དྲོ་འཇམ་བསྲོས་པས་བསྐུ།། ལེགས་པར་མ་བྱུང་བྱི་ཏང་ཚ་བ་གསུམ།། སྐྱེར་བ་རྒྱ་སྤོས་རྒྱམ་ཚ་ཁྲིམ་དུད་བཅས།། ཏིལ་མར་ལ་སྦྱར་རྨར་བཏབ་ཉེས་མི་འབྱུང་།།

གདབ་དམིགས་གསང་དང་གདབ་པའི་ཕན་ཡོན་ནི།། མཚོག་གསང་སྐྲ་མཚམས་གྱེན་དུ་སོར་བཞི་གཤགས།། མཚོགས་མ་ལྕི་དང་མིག་ལྤགས་ཟུག་ཅིང་ན།། རིམས་ཀྱིས་མགོ་འཁོར་བད་མཁྲིས་ལས་གྱུར་དང་།། དཔྲལ་གཟེར་ཆང་འཐུང་དྲོས་ཚེ་ན་ལ་ཕན།། སྣ་རྩེ་གཅེར་མཐོང་མན་ཙམ་འོག་ཏུ་གཏར།། སྣ་བུག་འགགས་ནད་མིག་ནད་སྐམ་ཚག་སེལ།། ཐོང་རྩ་ཙར་ཁུང་གྱེན་ཚོན་གང་གི་སར།། ལྤགས་ཕྲལ་ཁབ་རྩེ་བཀུག་པས་རྩ་བཏེགས་གཏར།། སྙིང་ཚད་སྨྱོ་ཞིང་གློ་ལུ་དབུགས་མི་བདེ།། སྐད་འགགས་ཁྲག་འཁྲུགས་སྟོད་དུ་བརྫིང་ལ་ཕན།། གསེར་མདུང་སྨིན་དབྲག་དབུས་ནས་ཟུར་ཚོན་གང་།། དེ་ནས་གྱེན་ལ་སོར་བཞིའི་སྐྲ་མཚམས་གཏར།། གཡས་པར་གསེར་མདུང་གཡོན་པར་དངུལ་མདུང་ཞེས།། མིག་མི་ཐེག་དང་སྐམ་གཤེར་དམར་ཚག་དང་།། ཚབས་ནད་རྫི་མ་བྱི་བ་རྣམས་ལ་ཕན།། ལྟག་རལ་མཱུར་གོང་ལྡད་ཤ་ཡོལ་བའི་མཚམས།། རྣ་རྩེའི་མདུན་གོང་སྐྲ་ཡི་གསེབ་ཏུ་གཏར།། ཁྲག་མཁྲིས་རྒྱས་པའི་མགོ་ནད་རྩ་ནད་དང་།། སོ་མིག་རྣ་འགྲམ་མགོ་སྲིན་དག་ལ་ཕན།། ལྟག་རྩ་སྡུག་སྒོའི་གཡས་གཡོན་གྱེན་སོར་གསུམ།། བཅལ་བར་རྩ་སྟེང་ཐིག་བཏབ་གཙགས་བུའི་ཁ།། གྱེན་བསྟན་གཏར་རྗེས་མེས་བསྲུངས་གཉའ་བ་རེངས།། མཇིང་པ་འགྱུར་ལྡོག་མི་ཤེས་ཀླད་གཟེར་དང་།། ཆུ་རྒྱུས་ཆད་པའི་ལྟག་འགྱེལ་སོགས་ལ་ཕན།། །ལྗོན་ཤིང་རྣ་བའི་བུག་ཐད་ཕྱི་ནང་དུ།། ཚོན་རེ་བཅལ་གཏར་རྣ་བའི་རྣག་ཁྲག་དང་།། མགོ་ཕྱེད་མདུན་རྒྱབ་གང་ན་དེ་ལྟར་ཕན།། ལྕེ་རྩ་རྩ་མདུད་ཡོལ་བའི་གང་སྦོམ་དུ།། ཤིང་གྲིའི་རྩེར་གཏད་གློ་ཕུག་ཐབས་ཀྱིས་བྲེག།། ཁ་ཁ་ལྕེ་དིག་སྨྲ་དཀའ་སྐོམ་དད་དང་།། ལྕེ་གས་ཕུག་ཏུ་བྲོས་དང་སྐྲང་འབྱིན་དང་།། འགྱུར་དཀའ་སྐྱུག་པ་དྲག་འབྱམས་སྙིང་ཚད་སེལ།། མིག་རྩ་སྨིན་མཇུག་གྱེན་གྱི་སྐྲ་མཚམས་གཏར།། འཕར་རྩ་འབྲེང་བུ་ཞེས་བྱ་མཆིན་རྩ་ཡིན།། མིག་ནད་ཁྲག་རྒྱས་ཚག་དང་རབ་རིབ་སེལ།། སོ་རྩ་མ་མགལ་མ་ལེའི་དཀྱིལ་ནས་ཟུར།། ཚོན་རེའི་ཐོག་ཏུ་རུས་སྟེང་འཕར་བར་གཏར།། སོ་ནད་ཁྲག་གྱུར་སྲིན་དང་རྙིལ་ནད་སེལ།། རྩེ་ཆུང་སྒྲོག་རུས་སྟེང་ནས་གྱེན་སོར་བཞི།། གསུམ་བྱུང་དབུས་མ་གཉིས་བྱུང་ཕྱི་མ་སྟེ།། རྣ་ཤལ་གྱེན་འཐེན་རྗེས་སུ་འབྲང་ན་ཡིན།། རྟགས་ལ་འཕར་བ་ནོར་བས་སྲོག་ལ་རྒོལ།། མགོ་དང་དོན་སྣོད་སྤྱི་ཡི་ལྡེ་མིག་སྟེ།། སྟོད་ཀྱི་སྒོ་གཉིས་ཞེས་བྱ་གློ་རྩ་ཡིན།། ཀླད་སྲིན་བྱང་ཁོག་ཁྲག་བབས་དོན་ལ་ཟིན།། རྒྱས་འཁྲུགས་གློ་འགྲམས་གློ་སྙིང་མཆིན་ཁྲག་རྒྱས།། ཁྲག་གཟེར་ལུས་སྦྲིད་ཚ་བ་རྒྱས་པ་དང་།། སོ་ཚད་མགོ་ཆག་རྩ་སྐྱོན་སྟོད་ནད་རིགས།། སྐྲང་འབྲས་བྱང་ཁོག་མཚོན་ཕོག་ཁྲག་བཀུག་(ལྐུགས)དང་།། དོན་སྣོད་དབང་པོ་མུན་ལྟར་འཐིབ་པ་ལ།། སྐར་ཁུང་རྒྱ་མཐོངས་ཕྱེས་པ་ལྟ་བུར་ཕན།། དཔུང་རྩ་རྩེ་ཞབས་ཞེས་པ་གློ་བའི་རྩ།། བསྙལ་འོག་སོར་གསུམ་བཅལ་བའི་དཔུང་དབུས་གཏར།། སྟོད་གཟེར་གློ་ཚད་མགོ་ནད་དབུགས་རྒྱས་དང་།། གློ་བར་ཁྲག་རྒྱས་འགྲམ་པ་གཡས་གཡོན་གཟེར།། མགོ་ཆག་ལྷ་བ་འཐེམས་པ་དག་ལ་ཕན།། སྒང་རྩ་གློ་བའི་ཟུར་རྩ་འམ་ཨ་སོ།། ཞེས་བྱ་གྲུ་མོའི་སྒང་ཟུར་ནས་རྒྱུ་བས།།  །ཁུག་ནས་སོར་བཞི་བཅལ་བའི་ས་རུ་གཏར།། གློ་ཚད་སྟོད་གཟེར་དབུགས་ཐུང་ཁྲག་ལུ་ལྕི།། །གཅོང་ཐབས་ལུ་དང་སྐད་འགགས་ལག་པ་སྦྲིད།། རྟག་ཏུ་སྣ་ཁྲག་འཛག་པ་དག་ལ་ཕན།། སྣོད་ཀ་ཕོ་བའི་ཨ་སོ་གློ་བའི་ཞེས་བྱ་བ།། གྲུ་མོའི་ཁུག་ནས་འོག་ཏུ་སྙིང་གི་རྩ།། ལི་ཀ་འདི་གློ་སྙིང་འབྲེལ་མཚམས་ཡིན་ཞེས་བྱ་འཕར་བ་དང་འགྲོགས་པས། །བརྟག་ལ་ནོར་དང་ཐལ་སྐྱོན་མེད་པར་གཏར།། གློ་ལུ་(ལ)སྣ་(རྣག)ཁྲག་རྒྱས་དང་དབུགས་མི་བདེ།། །སྙིང་སྲོག་མཆིན་དྲི་བྲང་རྒྱབ་སྦྲགས་ཤིང་ན།། གུང་གཉིས་ལྕི་འཐིབས་སྟོད་གཟེར་ལུད་པ་འགགས།། རྟག་ཏུ་སྣ་ཁྲག་འཛག་དང་ཡན་ལག་སྦྲིད།། དོན་སྣོད་ཐུན་མོང་ནད་དང་ཁྱད་པར་དུ།། ཕོ་ལོང་མཆིན་མཁྲིས་རྒྱུ་སོགས་བར་ནད་སེལ།། གྲུ་(དྲུག)མགོ་མཆན་འོག་ནས་འཁྲིལ་གྲུ་མོ་ཡི།། ནང་ཟུར་ནས་བརྒྱུད་ལྟ་རྩར་འགྲོགས་པས་གཉན།། གྲུ་མོའི་ནང་འཕར་རྩ་དང་ཆུ་རྒྱུས་མེད་པའི་གསང་ལ་ཟུར་ནས་བཅལ་སོར་བཞིར་གཏར།། མཆིན་པའི་རྩ་ཡིན་མཆིན་དྲི་འཁོར་གཟེར་དང་།། མཆིན་པ་ཁྲག་རྒྱས་ཕོ་གཟེར་གཞུང་རེངས་དང་།། སྨུག་པོའི་སྲིན་དང་བད་མཁྲིས་འཁྲུགས་ཚད་དང་།། གློ་ཚད་ལུད་པ་རྣག་ཁྲག་རྒྱས་གཟེར་ལྕི།། སྟོད་འཁྲུགས་དབུགས་མི་བདེ་བ་སོགས་ལ་ཕན།། རུ་ཐུང་གྲུ་(དྲུག)མགོའི་ཡལ་ག་ལག་རྒྱབ་འགྲོ།། མཆིན་པ་དབང་ཆེན་ཞེས་བྱ་གྲུ་མོ་ཡི།། གཞུ་མཆོག་སྣ་ནས་བཅལ་བའི་སོར་བཞིར་གཏར།། མཆིན་དྲི་མཆིན་གཟེར་(མཆེར་)འགྲམས་འཁྲུགས་རིམས་དང་ཚད།། སྨུག་པོ་ཚ་སྐྲན་མཆིན་ཚད་ཁྲག་རྒྱས་དང་།། མཆིན་ཁྲག་ཕོར་ལྷུང་ཐུར་བབས་རྒྱུ་ཚད་འཁྲུ།། དུག་སྨུག་མཆིན་བབས་མིག་ནད་དམར་ཚག་དང་།། མགོ་དང་འགྲམ་པ་རྩིབ་ལོགས་གཟེར་ལ་ཕན།། གློ་སྙིང་འདོམ་རྩ་ཁྱོར་བའི་ཁ་ནས་ཡར།། མཐེབ་མཛུབ་གང་བཅལ་གྱེལ་(གྱེས་)མདུད་གོང་དུ་གཏར།། གློ་སྙིང་ཚད་པ་བྲང་རྒྱབ་གཟེར་བ་དང་།། ཁྲག་རྒྱས་གློ་སྐམ་ལུ་འགོགས་དཀའ་ལ་ཕན།། གློ་སྙིང་འདོག་ཡལ་ག་རུ་ཐུང་ནས་སོར་གསུམ་མར་བཅལ་བར་ཤས་ཆེར་ཡོད།། མཆིན་འདོམ་རྩ་སྒང་གི་གློ་རྩ་དང་།། རྒྱབ་ཀྱི་མཆིན་རྩ་འདོམ་པའི་འོག་ཏུ་རྒྱབ་ཀྱི་མཁྲིག་གོང་དུ་གཏར།། མཆིན་པ་ཟམ་པ་ཆེན་མོ་ཞེས་ཀྱང་བྱ།། གློ་མཆིན་སྦྲགས་གཟེར་མཆིན་པ་གློ་ལུ་དང་།། ཁྲག་མཁྲིས་མིག་རྩ་དམར་སེར་ཆགས་ལ་ཕན།། མཆིན་མཁྲིས་འདོམ་རྩ་གྲུ་(དྲུག)མགོའི་ཡལ་ག་དང་།། མཁྲིས་པ་གཤའ་རིངས་འདོམ་པའི་མཚམས་སུ་གཏར།། མཆིན་ཚད་མཁྲིས་པར་བསྡོངས་དང་མཆིན་རྒུད་ནད།། མཆིན་ནད་ཡི་ག་འགགས་དང་མཁྲིས་སྐྲན་འཇོམས།། བད་ཀན་གཤའ་རིངས་གྲུ་ཁུག་མཁྲིག་གཉེར་ཚད།། བཏབ་(བལྟབས་)པའི་ཚད་ཀྱི་ལག་ངར་ནང་དབུས་ཏེ།། རྩ་རིགས་མ་ངེས་ཤ་རུས་གསང་ལ་གཏར།། ཁ་མངལ་ལྕེ་འཇམ་ལུས་ལྕི་དང་ག་འགགས།། ལྟེ་བའི་གཡས་གཡོན་ཕོ་བར་ནད་ཟུག་ཆེ།། ཁ་ཆུ་སེར་འོང་ལག་ངར་སྦྲིད་ལ་ཕན།། མཁྲིས་པ་གཤའ་རིངས་ལག་ངར་ཉིན་ངོས་ནས།། མར་ལ་ཟུར་དུ་འགྲོ་བའི་དང་པོ་སྟེ།། མཆིན་རྩ་ལས་བྱུང་མཁྲིས་རྩ་གསེར་མདུང་ཟེར།། རྩ་རྒྱུས་ཆུ་བ་མེད་པའི་གསང་ལ་གཏར།། བལ་ནད་མིག་སེར་ལུས་ལྕི་དང་ག་འགགས།། མཁྲིས་རིམས་མགོ་ནད་མཁྲིས་པ་ཕོ་བར་(ཁར་)ལྷུང་།། མཁྲིས་ནད་ཡུན་ལོང་ཁ་ཁ་དང་ག་འགགས།། མིག་ནད་ལིང་ཏོག་གསར་པ་དག་ལ་ཕན།། ཆུ་སེར་གཤའ་རིངས་མཁྲིས་པ་གཤའ་རིངས་བཞིན།། ཟུར་དུ་མར་ལ་འྲོ་བའི་གཉིས་པར་གཏར།། ལུས་ལྕི་གཉིད་ཆེ་བད་ཁྲག་ཕོ་བར་ལྷུང་།། ཆུ་ནད་བེར་བ་ཟ་འཕྲུག་ཚ་སྦོས་སེལ།། དྲུག་འདུས་མཁྲིག་རྒྱབ་ཏོག་ལ་ཉེ་བའི་རྩ།། དོན་སྣོད་སྤྱི་ཡི་རྩ་ཡིན་ཚིགས་པ་ནས།། སོར་བཞི་མར་བསྒལ་(བཅལ)གོང་(གུང་)རུས་སྒང་དུ་གཏར།། རོ་སྟོད་རྒྱས་དང་གློ་རྒྱབ་གཟེར་བ་དང་།། ཕོ་ལོང་མཆིན་ཁྲག་མངལ་ཁྲག་རྒྱས་ལ་ཕན།། སྐྱོར་གོང་གློ་བུའི་རྩ་སྟེ་ཆང་ཁ་ནས།། ཚོན་གང་གྱེན་དུ་བཅལ་བའི་སར་གཏར་ཡང་།། འོག་ཏུ་བལྟ་རྩ་འཕར་བས་བརྟག་ལ་བྱོལ།། བྲང་གི་ནང་གཟེར་གློ་ལུ་ཁྲག་རྣག་བྲོ།། ལུད་དམར་སྟོད་འཚང་གྱེན་ཐུར་མི་ཐེག་ལྕི།། གྲེ་འཛེར་སྐད་འགགས་དབུགས་མི་བདེ་ལ་ཕན།། སྲིན་ལག་རྒྱབ་རྩ་སྲིན་ལག་ཚིགས་ཆེན་ནས།། གྱེན་ཚོན་གང་སྟེ་རྩ་མདུད་སྤངས་ཏེ་གཏར།། ཕོ་མཚེར་མཁལ་གཙོས་དོན་སྣོད་(དྲུག)སྤྱི་རྩ་སྟེ།། ཚ་སྦོས་ཁྲག་འཁྲུ་ཕོ་ཚད་རྒྱུ་གཟེར་སེལ།། ཕྲན་བུ་དྲུག་ནི་དོན་ལ་སྐྱོར་རྩ་སྟེ།། དོན་སྣོད་གཉིས་རེ་འདོམ་པའི་རྩ་ཡིན་པས།། གཡས་པའི་མཛུབ་གོང་(གུང་)སྐྱོར་རྩ་གློ་ལོང་རྩ།། གུང་སྲིན་སྐྱོར་རྩ་མཆིན་མཁྲིས་འདོམ་པའི་རྩ།། སྲིན་མཐེབ་སྐྱོར་རྩ་མཁལ་གཡས་ལྒང་པ་འདོམ།། གཡོན་པའི་མཛུབ་གོང་སྐྱོར་རྩ་སྙིང་རྒྱུ་འདོམ།། གོང་སྲིན་སྐྱོར་རྩ་མཆེར་པ་ཕོ་བ་འདོམ།། སྲིན་ཆུང་སྐྱོར་རྩ་མཁལ་གཡོན་བསམ་སེ་འདོམ།། མོ་ལ་གློ་སྙིང་གོ་བརྗེ་གཞན་སྔོན་བཞིན།། སྔ་མ་གཉིས་ཚོན་ཕྱི་མ་སོར་གསུམ་རེ།། རང་རང་ཁྱོར་བའི་ཁ་ནས་གྱེན་བཅལ་གཏར།། པྲན་རྩེའི་བར་རྩ་དྲུག་ཅེས་བྱ་བ་ཡིན།། རང་རང་འདོམ་པའི་ནད་དང་ཚད་རོ་ལུས།། དོན་ནད་རང་སྣོད་ལྷུང་ལ་སྐྱོར་གོང་ཕན།། རྩ་ཆེན་པུས་ནང་གྱེན་སོར་བཞི་རུ་གཏར།། དོན་སྣོད་སྤྱི་གསང་སྨད་ཀྱི་གཉན་ཞེས་བྱ།། རྒྱུ་ལོང་མཚོན་ཕོག་འགྲམས་དང་རླིག་འབྲས་སྐྲངས།། སྨད་ཀྱི་(ལྕི་)རྒྱུ་ལོང་ནད་དང་མངལ་ཁྲག་ནད།། གཞང་འབྲུམ་སྨད་ཁྲག་ཚད་པ་རྒྱས་ལ་ཕན།། སྒབ་རྩ་སྒྱིད་བའི་ཁུང་ནས་མར་སོར་བཞི།། བཅལ་ལ་བྱིན་སྙིང་གོང་དུ་གཏར་བ་ཡིན།། མཆིན་པའི་རྩ་ཡིན་མཆིན་ཁྲག་ལོང་དུ་ལྷུང་།། གཞུང་རེངས་ལྟག་དགྱེ་དཔྱི་རྐེད་འཁོར་གཟེར་དང་།། མཁལ་ནད་འོར་ལྷུང་མངལ་ཁྲག་འཛག་ལ་ཕན།། རྟ་མཐུར་མཚེར་རྩ་རྗེ་ངར་ནང་ནས་གདོང་།། འཕྲེད་ཉལ་རྟ་ཡི་མཐུར་འདྲ་དེ་ལ་གཏར།། མཚེར་པ་ཚ་སྦོས་དུག་སྨུག་མཚེར་པར་ཞེན།། མཆུ་སྐྲན་(སྐྲངས་)གློ་བུར་ཐོར་བ་ལུས་ལ་ཁྱབ།། ཕོ་བ་ཚ་སྦོས་གླང་ཐབས་ལྡང་མཁྲིས་ནད།། ཤུ་བ་ཟ་རྐོང་ཆུ་སེར་འོར་ལ་ཕན།། བྱིན་གཞུག་རྟིང་པའི་གྱེན་མཁྱིད་གང་དུ་གཏར།། མཁལ་མའི་རྩ་ཡིན་མཁལ་འགྲམས་སྨད་མཚོན་ཕོག། སྨད་ཀྱིས་(ལྕི)མི་ཐེག་རྐང་བཤལ་དཔྱི་མིག་གཟེར།། བྱིན་པ་འགས་སྙམ་གཟེར་དང་སུརྱ་འབྲས།། །མཁལ་རྩ་འགྲམས་འཁྲུགས་ཐིག་ལེ་དཀར་དམར་ཁམས།། རླུག་འགྲམས་རྩ་སྦྲིད་ཆུ་ལམ་ཚ་འབྲབ་ཁྲག། ཆུ་སེར་རྣག་བབས་ཟ་ཁུ་ཚ་ལ་ཕན།། བྱིན་སྐྱོག་བྱིན་པའི་སྒབ་ཀྱི་ཕྱི་ལོགས་ནས།། གདོང་ལ་སྐྱོག་པ་རུས་(རྒྱུས་)གསེང་གློ་ཕུག་གཏར།། མཆིན་ཁྲག་མཁལ་ཁུང་གཉིས་སུ་ལྷུང་བ་དང་།། དྲེག་གྲུམ་ཆུ་སེར་ཚིགས་ལ་འཁོར་བ་དང་།། རྐེད་པ་ཆད་སྙམ་འཁོར་གཟེར་མཁལ་སུརྱ།། མངལ་ནད་བུ་མི་ཆགས་པའི་ནད་ལ་ཕན།། གདོང་རྩ་བོལ་ཚིགས་སྟེང་ནས་གྱེན་ཆག་གང་།། བཅལ་བའི་གདོང་ཟུར་རུས་(རྒྱུས)པའི་གསེང་ལ་གཏར།། འོག་ཏུ་གསེར་གྱི་ཀ་གདུང་འཕར་ལ་ཟོན།། མཚེར་མཁྲིས་འདོམ་པའི་རྩ་ནག་ཅེས་བྱ་ཞིང་།། ཆུ་སེར་ནག་པོའི་གདོང་རྩ་ཞེས་ཀྱང་བྱ།། སྟོད་ནད་སྨད་དུ་ལྷུང་དང་འོར་དམུ་ཆུ།། མཁྲིས་པ་ཀྵ་ཡ་མཛེ་ཤུ་ཆུ་སེར་རིགས།། མཚེར་པ་བསྣད་འགྲམས་ཤ་སེར་མིག་སེར་དང་།། ཤ་བཀྲ་རྨ་ནད་གསོ་དཀའ་མཁལ་མའི་ནད།། པུས་མོའི་ཚིགས་ནད་ཆུ་སེར་རྐང་པ་ཁོལ།། སྦྲིད་ཁོལ་ཟ་འཕྲུག་རྐང་ནད་ཀུན་ལ་ཕན།། ལོང་རྩ་ནང་ལོང་འབུར་ནས་གྱེན་ཚོན་གང་།། བཅལ་གཏར་སྨད་ཀྱི་སྒོ་གཉིས་བྱ་བ་ཡིན།། སྨད་དུ་མཚོན་ཕོག་མཚོན་ཁྲག་ནང་དུ་ལྷུང་།། དུག་ནད་ཕོ་གླང་ཕྲག་གྱུར་རྒྱུ་ལོང་ནད།། ཁྲག་འཁྲུ་དྲི་ཆུ་འགགས་དང་མོ་ནད་སྐྲན།། ཟླ་མཚན་འགྱངས་འབྱམས་རྒྱུ་ཞབས་འདོམས་(སྡོམ)སྐྲངས་གཟེར།། ཕོ་ལོང་ཚ་སྦོས་ཚིགས་རྣམས་ཁོལ་འཁྱུགས་སྦོས།། མདོར་ན་སྨད་ནད་གཏར་དགོས་ཀུན་ལ་ཕན།། ཡོབ་གོང་བོལ་ཚིགས་སྟེང་ནས་གྱེན་ཚོན་གང་།། སྙིང་རྩ་འཕར་དང་མ་ནོར་གཏར་བ་ཡིན།། རྐང་པའི་མཐིལ་དང་བོལ་སྐྲངས་ཚ་འབྲབ་བྱེད།། པུས་མོའི་རྐང་ཚིགས་ན་སྦྲིད་ཁོལ་ལ་ཕན།། རྒྱུ་རྩ་རྐང་པའི་གུང་རྩེའི་རྟིང་པ་ཚད།། བལྟབས་པའི་དཀྱིལ་ཚད་མདུན་གྱི་གཉེར་མ་ཁུག། གཉེར་མ་གསུམ་བྱུང་དབུས་མའི་རྩ་དེ་ལ།། དྲེག་པའི་མཚམས་ནས་གྱེན་སོར་གང་དུ་གཏར།། རྩ་ངོས་མ་ཟིན་ན་གང་སྦོམ་ལ་གཏར་ཐིགས་པ་གསུམ་བཞི་བྱུང་ནས་བསྐུ་མཉེ་བྱ།། སྤྲ་མེས་རྗེས་སྲུང་མ་བྱུང་མ་ཆོད་ན།། སྤྱི་གཙུག་རྩ་ལ་མེ་བཙའ་གདབ་པས་ཆད།། རྒྱུ་མར་ཁྲག་རྒྱས་མགོ་སྐྱོན་སྙིང་ལ་བབས།། སྙིང་གཟེར་ཚབས་ཆེན་བཅོས་རྡུགས་ཀུན་ལ་ཕན།། ཕོ་བའི་རྭ་ནི་ཕོ་གསང་ཟུར་དུ་གཏར།། །ཕོ་བའི་གབ་འཁྲུགས་ནད་དང་ཕོ་ཚད་རྙིངས།། ཕོ་སྲིན་ལོང་སྲིན་ཁྲག་རྒན་ཆུ་སེར་སེལ།། མཚན་མའི་འགྲམ་རྩ་ཕོ་དབང་རྐེད་པའི་དཀྱིལ།། ཉེས་ལེན་གློ་ཕུག་ལྕེ་རྩ་བཞིན་དུ་གཏར།། མོ་དབང་མཁུར་ཚོས་ཤིང་སྐམ་བར་བསྡམས་ལ།། ཀརྐ(ཀངྐ)མུ་ཁའི་གོང་ཐད་གློ་ཕུག་གཏར།། མཚན་བར་རྡོལ་དང་མཚན་མ་ཚ་འབྲབ་སྐྲངས།། ཆུ་སེར་ཟ་འཕྲུག་རེག་དུག་ཁྲག་སེ་དང་།། གཡའ་སྦོ་ཚ་བ་ཆེ་བ་ཕལ་ཆེར་འཇོམས།།

རྒྱུད་ལས་སྦས་པའི་གབ་རྩ་རེ་ལྔ་ནི།། རིམ་པས་བཤད་བྱ་དེ་ཡི་དང་པོ་ལ།། མགོ་སྐེའི་གཏར་རྩ་ཉི་ཤུ་རྩ་བརྒྱད་ནི།། གཙུག་གི་རེ་ཐག་སྨིན་མཚམས་ལྟག་དབུས་དང་།། རྣ་རྩེ་བཞི་གྲམ་འཛོམས་པའི་གཙུག་ཏུ་གཏར།། མགོ་བོ་ཚ་བེར་སོང་དང་ལྕི་འཐིབ་འཐོམ།། བུད་མེད་ཚབས་ཀྱིས་སྦོས་དང་རིམས་རྗེས་ན།། མགོ་ན་ལྟག་པ་དགྱེ་དང་སྐྲ་བྱི་བའི།། སྤྱི་ཐེར་ཟ་འཕྲུག་མགོ་བོ་འཐོམ་བྱེར་དང་།། ཚ་བ་སྙིང་སྲོག་རྩར་ཤོར་གཟེར་འབོག་འཕྱོ།། ནམ་ཚོང་ཡན་ཆད་རྩ་མདུད་མགུལ་ན་ཕན།། དཔྲལ་རྩ་ཐོད་དབུས་རྩ་ཡི་མཚམས་ནས་ཡར།། སོར་གང་བཅལ་གཏར་མཁྲིས་རྩ་གསེར་མདུང་ཞེས།། ཁྲག་མ་ཆོད་ན་རྐང་པའི་མཐིལ་མེས་བསྲེག། མཁྲིས་ནད་མགོར་རྒྱས་སྟོན་དཔྱིད་དུས་སུ་ན།། མེ་ཉིས་དྲོས་ཚེ་མཚོག་མ་ལྕི་ལ་ཕན།། ཆང་ནད་མགོ་གཟེར་མིག་མི་ཐེག་པ་དང་།། སྨྱོ་བྱེད་(བརྗེད)ཆམ་རྒན་སྣ་ནད་རྣམས་ལ་ཕན།། དབྱེ་རྩ་སྤྱི་གཙུག་སྣ་རྩེ་བར་གྱི་ཚད།། བཏབ་(བལྟབ་)པའི་དཀྱིལ་ཚད་སྐྲ་གསེབ་དབྱེ་ལ་གཏར།། མིག་ནད་ཁྲག་ལས་གྱུར་པ་ཀུན་ལ་ཕན།། རྐན་རྩ་ཡ་རྐན་དབུས་གཏར་ཡ་སོ་དང་།། ལྕེ་མཆུ་རྙིལ་ནད་ཁྲག་རྒྱས་ཁ་ཡི་ནད།། ཕོ་ནད་གྲང་ལྷོག་དུག་ནད་ལྡང་བ་འཇོམས།། མིག་གི་མདུན་རྩ་མིག་སྔོན་གདོང་ཞུད་(ཁུག)གཏར།། མིག་དམར་ལིང་ཏོག་ཁེབས་པ་ཟུག་གཟེར་ཕན།། མིག་གི་སྒབ་རྩ་མིག་མཇུག་ཕོར་ཁ་ནས།། རྣ་བུག་ཕྱོགས་སུ་ཕུན་གང་བཅལ་ལ་གཏར།། མགོ་དང་དོན་སྣོད་ནང་གི་ལྡེ་མིག་སྟེ།། རབ་རིབ་ནད་དང་མིག་ཁྲག་རྒྱས་ལ་ཕན།། མཚུལ་རྩ་སྣ་ཡི་ལོགས་ལྡེབས་རུས་སྟེང་གཏར།། མིག་གི་རྩེ་ཆུང་ཞེས་བྱ་མཆིན་རྩ་ཡིན།། མིག་ཚག་མཚུལ་བའི་ནད་དང་སྨྱོ་འབོག་སེལ།། རྔུལ་རྩ་ཞེས་བྱ་སྣ་བུག་ནང་དུ་གནས(གཏར)།། ཨ་བྱག་ལོ་མའང་ནི་ཤུག་ཚེར་ཅན།། སྣ་ནང་བརྫངས་ལ་ཕྱི་ནས་མཉེས་པས་ཐེབས།། མགོ་འཐོམ་མཚུལ་འགགས་སྟོད་ལྕི་གྲང་ཤུམ་གཟེར།། ཀུན་དང་དབང་པོ་སྒོ་ལྔ་འཐིབ་ལ་ཕན།། མཆུ་ཡི་འཕར་རྩ་ནག་ཆུང་ཞེས་བྱ་བ།། མཚེར་པའི་རྩ་ཡིན་མ་མཆུ་སྨྱུག་སྐམ་བསྡམས།། ཕྱི་རུ་ལྡོག་ལ་ཆེ་བའི་མདུད་ལ་གཏར།། བད་ཀན་རྒྱས་པས་མཆུ་ལ་འཕོས་པ་དང་།། ཚ་ཞིང་སྐྱ་བོར་སྐྲངས་དང་ཚ་(ཁྲག)རྒྱས་ནག། མཚེར་ཁྲག་རྒྱས་དང་ངོ་ཤིག་དག་ལ་ཕན།། སྙིང་གི་གོང་ཐག(གུང་ཐིག)ཅེས་བྱ་ཡ་མཆུའི་རྩ།། ཁ་ཅིག་རྒྱལ་མོའི་སྒབ་རྩ་ཞེས་ཀྱང་འབོད།། གོང་ལྟར་ཡ་མཆུ་གྱེན་ལ་ལྡོག་ནས་གཏར།། མཆུ་ནད་ཁྲག་རྒྱས་ཡ་མགལ་འགྲམ་གཟེར་དང་།། མཚེར་ནད་མཆུ་ལ་བབས་པའི་སྐྲངས་ལ་ཕན།། རྣ(སྦ)ཐག་རྣ་བའི་སྒང་གི་རྩེ་རྩ་སྟེ།། རྟག་ཏུ་འདོད་ཅེས་ཆ་གའི་ཁྲུམ་མཇུག་ནས།། ཐལ་ཕུག་རྒྱ་བོ་མིག་བཞིའི་ཁྱི་སྐུད་ཀྱིས།། དགག་པས་ལྦ་བ་མི་སྐྱེ་གཏར་བ་ཡིས། །ལྦ་བ་སྐྱེ་བ་འཇོམས་པར་བྱེད་པ་སྟེ།། །འདི་ལ་ཚ་བ་སྐྱེ་སྲིད་འཇིགས་མི་དགོས།། སྲིན་གྱི་འཁྱུག་རྩ་རྣ་མདུན་མུར་གོང་ནས།། སྦྲུལ་ལྟར་འཁྱོགས་པའི་གྱེན་འགྲོ་འཁྱུག་ཅིང་གཟེར།། སྐྲ་གསེབ་གཏར་བས་ཁྲག་སྲིན་མགོ་དང་སོ།། ཚ་བེར་རྩ་འཁྱུགས་བཟོད་པར་དཀའ་བ་དང་།། བརྒྱལ་འབོག་སྨྲ་འཆོལ་རྐང་པ་མི་བརྟན་པ།། འགྱེལ་བུབ་འཆོལ་དང་མགོ་བོ་འཁོར་ལ་ཕན།། འགྱུར་རྩ་རྣ་བའི་ཕྱི་རྒྱབ་འཕྲེད་སོར་གསུམ།། སྐྲ་མཚམས་སྤུ་འཇམ་གྱེན་འཁྱིལ་དབུས་སུ་གཏར།། མཇིང་པ་འགྱུར་ལྡོག་མི་ཤེས་པ་ལ་ཕན།། ལྟག་རྩ་ནག་པོ་ལྟག་ཁུང་གཡས་གཡོན་གྱི།། སྐྲ་མཚམས་ཟུར་ཚོན་རེ་ནས་གྱེན་སོར་བཞི།། གཙགས་ཁ་གྱེན་དུ་བསྟན་གཏར་གཉའ་རེངས་དང་།། གཉའ་ཆུ་བསྣད་པས་དགྱེ་བོར་རེངས་པ་དང་།། མཇིང་པ་འགྱུར་སྨྲ་མི་ཤེས་རྣམས་ལ་ཕན།། འདོན་རྩ་རྣ་བའི་རྩེ་ནས་གྱེན་སོར་བཞིར།། གཏར་བས་མགོ་ཕྱེད་ན་བ་རྣམས་ལ་ཕན།། འགྲམ་རྩ་བད་ཀན་རྩ་རིང་ཞེས་བྱ་བ།། བད་མཁྲིས་འདོམ་པའི་རྩ་ཡིན་མ་མགལ་གྱི།། ཟ་འགྲམ་སྟེང་ནས་འཕྲེད་ཉལ་འཁྱུག་པ་སྟེ།། འགྲམ་སྟེང་རུས་འབུར་སྟང་ནས་ནང་ཚོན་གང་།། གཞལ་བར་མི་བཅད་འབུག་པས་ཁ་ལྕེ་དང་།། སོ་ནད་ཡ་མ་ནག་པོ་ཁྲག་གཟེར་འཇོམས།། ལག་པའི་གབ་རྩ་ཉི་ཤུ་རྩ་བཞི་ནི།། མཆིན་པ་དཔང་ཆུང་ཞེས་བྱ་གྲུ་མོ་ཡི།། འབུར་ནས་སོར་བརྒྱད་བཅལ་གཏར་རུ་ཐུང་གི།། རྩ་རྒྱུད་ཡིན་ཕྱིར་མཆིན་པ་གཤའ་རིངས་ཟེར།། གསར་རྙིང་དུག་དང་དུག་གི་ནད་དྲག་པོའི།། རླངས་པ་མིག་ལ་བྲོས་པས་འབྲས་ནག་པོ།། གྱུར་པ་ལ་ཕན་མཆིན་པ་གདོང་ཆུང་དང་།། མཆིན་རྩ་དགྲ་ལྕེ་ཞེས་བྱ་སྔ་མ་ཡི།། གཏར་གསང་སྟེང་ནས་གྱེན་སོར་བཞི་བཅལ་གཏར།། མ་ཡི་ཁོང་རླུང་ཚད་པར་སོང་བ་ཡི།། སྐྱེས་ནས་ལྷན་འབྱར་མིག་ཚག་པ་ལ་ཕན།། དེ་ནས་སོར་བཞི་བཅལ་བ་ལག་པའི་རྒྱབ།། ཕྲན་བུ་ཆུང་ཞེས་བྱ་བ་གཏར་བ་ཡིས།། མཆིན་པ་ཚ་སྦོས་མིག་ནད་གཤེར་ཚག་སེལ།། མཐེབ་ཆེན་སྒང་རྩ་ཞེས་བྱ་ཚོན་གང་གི།། སྒང་ནས་ཕུན་གང་བཅལ་བའི་རྐང་དབུས་གཏར།། མིག་ནད་ཚག་རིགས་ལིང་ཏོག་དག་ལ་ཕན།། སྒང་རྩ་ཁྱོར་ཁའི་མཐེབ་ཚིགས་ཆེན་མོ་ནས།། ཕུན་གང་བཅལ་ལ་མཐེ་བོང་ཆངས་བཅུག་གཏར།། སྙིང་ལ་ཁྲག་རྒྱས་གཟེར་དང་བད་ཀན་ཞུགས།། དུག་གིས་གྲེ་བ་འགགས་པ་དག་ལ་ཕན།། འདོམ་གང་(སྒང་)ཞེས་བྱ་གློ་བའི་བུ་རྩ་སྟེ།། སྐྱོར་གོང་གདབ་མིག་སྟེང་ནས་གྱེན་སོར་བཞིར།། བཅལ་གཏར་གློ་བ་བུ་ལྔའི་ནད་ལ་ཕན།། རྒྱབ་ཆེན་ཞེས་བྱ་རྒྱབ་རྩ་དྲུག་འདུས་ཀྱི།། ཕྱི་རྒྱབ་དེ་ཉིད་འདྲ་བ་དེ་ལ་གཏར།། རྒྱབ་རྩ་ཆེན་མོའམ་ནི་འཁུན་བུ་ཟེར།། མཆིན་པ་རྐེད་འཁོར་(སྐད་འགག)རོ་རྒྱབ་སྦྲགས་ནས་སྦྲིད།། དང་ག་འགགས་དང་མཁལ་རྩ་འགྲམས་ལ་ཕན།། མཐེབ་ཆེན་རྒྱབ་རྩ་མདུན་ངོས་རྩ་ལ་གཏར།། སྙིང་གི་ནད་ལ་མཆོག་ཏུ་ཕན་པ་ཡིན།། མཛུབ་མོའི་རྒྱབ་རྩ་གློ་བའི་རྩ་ཡིན་པས།། གློ་བ་ཚ་རྒྱས་གྲེ་བ་ཚ་འགགས་སེལ།། གུང་མོའི་རྒྱབ་རྩ་མཆིན་མཚེར་འདོམ་རྩ་ཡིན།། མཆིན་དུག་མཆུ་ལ་ནད་ཁྲག་(བད་ཆགས་)མཚེར་ཁྲག་རྒྱས།། ཕོ་ལྷོག་གླང་ཐབས་མཚེར་པ་འགྲམས་ལ་ཕན།། མིང་མེད་རྒྱབ་རྩ་སྲིན་ལག་རྒྱབ་རྩ་ཡིན་མཁལ་མའི་རྩ་ཡིན་པས།། མཁལ་མ་དྲོད་ཉམས་ཟ་ཁུ་འབྲས་སྐྲངས་དང་།། མཁལ་མར་ཁྲག་ཤོར་སྟོངས་ཚད་རྒྱས་ལ་ཕན།། མཐེབ་ཆུང་རྒྱབ་རྩ་ཕོ་མཆིན་འདོམ་པའི་རྩ།། ཟས་ཟོས་འཇུ་ཁར་ན་དང་དུས་མིན་པར།། ཆུ་སྐྱུར་སྐྱུགས་དང་ཁྲག་ཚད་ཞུགས་པ་དང་།། མཆིན་ཐོག་བད་མཁྲིས་(སྲིན)འདོམ་པའི་ནད་དང་ནི།། མཆིན་པ་རྐེད་འཁོར་དཔྱི་མིག་ཟུག་ཅིང་གཟེར།། རྐང་པ་མི་ཐེག་སྦྲིད་ཅིང་ན་ལ་ཕན།། དེ་ལྟར་རྒྱབ་རྩ་གཡས་གཡོན་བཅུ་པོ་ནི།། རང་རང་ཆང་ཁའི་བར་རྐེད་རྒྱབ་ལ་གཏར།། ཞར་བྱུང་གཡུ་ཐོག་ཡོན་ཏན་མགོན་པོ་ཡིས།། བྱིས་སྐྱོར་མ་ཤེས་བྱིས་གསོའི་སྨན་མིན་གསུངས།། རྩ་དེ་མཛུབ་མོའི་ནང་ངོས་ནས་ཕར་ཟུག། ནད་མེད་སྐབས་སུ་རྩ་དེ་མི་གསལ་ཡང་།། ནད་བྱུང་ཚད་པར་བསྟུན་ནས་རིམ་གྱིས་མངོན།། དེ་ཕྱིར་བྱིས་པའི་ནད་ཚབས་གསལ་བ་ཡོད།། རྩ་དེ་ཁབ་ཀྱིས་གཙག་ནས་ཁྲག་དབྱུང་ན།། གློ་མཆིན་མཁྲིས་པའི་ཚད་གཟེར་ལ་སོགས་པ།། ལུས་སྟོད་ཁྲག་མཁྲིས་རྒྱས་པའི་གཟེར་ལ་ཕན།། རྐང་པའི་སྦས་རྩ་ལ་སོགས་རིམ་པ་བཞིན།། རྐང་པའི་གདོང་རྩ་ཆེན་མོ་མཚེར་བ་དང་།། མཁྲིས་པ་ཆུ་སེར་འདོམ་པའི་རྩ་ཡིན་པས།། པུས་ལྷང་གདོང་ནས་མཁྱིད་གང་མར་བཅལ་གཏར།། མཚེར་མཁྲིས་གནད་འགྲམས་ཚ་སྦོས་མཆུ་སྐྲངས་དང་།། སྨུག་པོ་མཚེར་ཞུགས་ཤ་སེར་མིག་སེར་དང་།། མཁྲིས་པ་ཀྵ་ཡ་མཛེ་ཤུ་མཁལ་ནད་དང་།། སྟོད་ནད་སྨད་ལྷུང་པུས་མོ་རྐང་པ་ན།། ཆུ་སེར་འཁོར་དང་འོར་དང་རྐང་བོལ་སྐྲངས།། རྨ་རྒན་འཚོར་མི་འདོད་པ་རྣམས་ལ་ཕན།། མཚེར་རྩ་ཀུང་ཀུ་པུས་མོའི་ལྷང་གདོང་ནས།། །མཁྱིད་གང་སོར་བཞི་མར་ལ་བཅལ་བར་གཏར།། སྐབས་སུ་འཁྲུ་དང་ཟས་མི་ལེན་པ་དང་།། མཚེར་བའི་ནད་ལ་གྱུར་རོ་ཅོག་ལ་ཕན།། རྟིང་རྩ་རྟིང་པའི་དྲག་མཚམས་གཙགས་བུའི་ཁ།། ཐུར་བསྟན་གཏར་རྗེས་མེ་ཡིས་བསྲུངས་བྱས་པས།། མིག་གི་ནད་རིགས་ཀུན་ལ་མཆོག་ཏུ་ཕན།། དྲེག་རྩ་བོལ་སྟེང་རྩ་མཁྲིས་བཅིང་ཐག་བཞིན།། འཕྲེད་ལ་གནས་པར་རྩ་རྒྱུས་གཞན་བྱོལ་གཏར།། དྲེག་གྲུམ་ཆུ་སེར་རྐང་འབམ་ནད་ལ་ཕན།། གྲུམ་རྩ་རྐང་པའི་མཐེབ་མཛུབ་བར་ནས་ཡར།། ཚོན་གང་བཅལ་བ་གཏར་བས་སྨད་ཚ་དང་།། གྲུམ་བུའི་ནད་རིགས་ཀུན་དང་ཆུ་སེར་ནད།། ཚ་བར་བསྡོངས་པའི་ཆུ་སེར་ནག་པོ་དང་།། དྲེག་དང་རྐང་འབམ་ནག་པོ་རྣམས་ལ་ཕན།། བུ་རྩ་རྐང་པའི་མཐེབ་ཚིགས་དང་པོ་ནས།། སོར་བཞི་ཡར་བཅལ་མཐེབ་ཚིགས་གཉིས་པ་དེ།། ཡོལ་མཚམས་ཆུད་བའི་མདུན་གྱི་གཤོང་རྩར་གཏར།། མངལ་དང་མཚན་མའི་རྩ་ཡིན་མཚན་ནད་དང་།། ས་བོན་ལས་མི་རུང་བའི་སྙིགས་མ་འབྱང་།། སྦྲུམ་མར་གཏར་ན་འཕྲལ་དུ་བུ་འཆོར་བྱེད།། མཇུག་རྩ་མཇུག་ཏོའི་རྩེ་མོ་གཙགས་ཀྱིས་དབྲལ།། རྔབས་རྭས་གཞིབ་པས་རོ་སྨད་ནད་ཀུན་སེལ།། མདོར་ན་སྟོད་ནད་རྩེ་ཆུང་སྒང་རྩ་གཏར།། སྨད་ཀྱི་ནད་ལ་ལོང་རྩ་བྱིན་གཞུག་གཏར།། བར་གྱི་ནད་ལ་སྣོད་ཀ་རུ་ཐུང་གཏར།། རོ་སྟོད་ནད་ལ་སྒང་རྩ་དྲུག་མགོ་གཏར།། ནུ་མཇིང་བྲང་ནད་སྣོད་ཀ་རུ་ཐུང་གཏར།། སྙིང་ཚད་སྣོད་ཀ་ལྕེ་རྩ་ཐོང་རྩ་གཏར།། གློ་ཚད་དྲུག་མགོ་སྒང་རྩ་སྐྱོར་གོང་གཏར།། གློ་སྙིང་གཉིས་འདོམ་རྩེ་ཆུང་འདོམ་རྩ་གཏར།། མཆིན་པའི་ཚ་བར་རུ་ཐུང་སྒང་རྩ་གཏར།། མཚེར་ནད་(ཚད་)རྟ་མཐུར་སྲིན་ལག་རྒྱབ་རྩ་གཏར།། །ཕོ་ཚད་ཕོ་བའི་རྭ་དང་དྲུག་འདུས་གཏར།། མཁྲིས་ཚད་གཤའ་རིངས་ཕྲན་བུ་གསེར་མདུང་གཏར།། མཁལ་ཚད་བྱིན་གཞུག་མཁལ་(མཚན་)མའི་འགྲམས་རྩ་གཏར།། རྒྱུ་ལོང་ལོང་རྩ་དཀུ་འགྲམས་བྱིན་སྐྱོག་གཏར།། ཤ་ཡི་ཚད་པ་གློ་མཆིན་རྩ་ལ་གཏར།། རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར།། ཤ་ཡི་ཚད་པ་གློ་མཆིན་རྩ་ལ་གཏར།། རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར།། པགས་ནད་ཆུ་སེར་མཆིན་མཁྲིས་རྩ་ལ་གཏར།། ཟུག་ཆེ་གློ་རྩ་བྱིང་འཐིབ་རུ་ཐུང་གཏར།། དང་ག་འགགས་ན་བད་མཁྲིས་རྩ་ལ་གཏར།། འོན་ཀྱང་གང་ཉེ་གང་རྒྱས་གཏར་བ་ཤིས།། ཚ་བ་སྟོབས་ལྡན་རྩེ་ཆུང་ཡས་བབས་གཏར།། སྟོབས་ཆུང་ནད་ལ་རྩ་ཕྲན་མས་འཛེག་གཏར།། ཚབས་ཆེའི་ནད་ལ་རྩ་ཕྲན་མང་གཏར་བས།། རྩེ་ཆུང་ལ་སོགས་རྩ་ཆེན་གཏར་བ་བསྔགས།། གཞན་དུ་རྒྱས་བར་གཏར་རྩ་མང་བཤད་ཀྱང་།། ཤིན་ཏུ་བསྡུ་ན་རྩ་ཆེན་བརྒྱད་ལ་འདུས།། སྟོད་ཀྱི་རྩ་རྣམས་རྩེ་ཆུང་གཉིས་ལ་འདུས།། རྒྱལ་པོ་གཏར་བས་སྟོད་ནད་ཀུན་ལ་ཕན།། སྨད་ཀྱི་རྩ་རྣམས་ལོང་རྩ་གཉིས་ལ་འདུས།། དམངས་གཙོ་གཏར་བས་སྨད་ནད་ཀུན་ལ་ཕན།། བར་གྱི་རྩ་རྣམས་སྣོད་ཀ་གཉིས་ལ་འདུས།། བློན་པོ་གཏར་བས་བར་ནད་ཀུན་ལ་ཕན།། ཤ་ལྤགས་རྩ་རྣམས་སྒབ་ཁུང་གཉིས་ལ་འདུས།། ཕོ་ཉ་བསྡུས་པས་ཁྱབ་པ་ཀུན་ཀྱང་འདུས།། དེ་ལྟར་མ་ཡིན་གཏར་དམིགས་མ་ཤེས་པས།། སྨད་ཁྲག་སྟོད་དུ་དྲངས་ན་ལུས་ཟུངས་འཆོར།། སྟོད་ཁྲག་སྨད་དུ་དྲངས་ན་མེ་དྲོད་འཆི།།
ཁྲག་པྲ་ཤུགས་དྲག་སླ་ལ་སེར་དུགས་སྤོ།། བྱ་ཝང་རྒྱབ་འདྲ་ལྦུ་བ་དཀར་བ་དང་།། རྒྱ་བཤལ་འདྲ་དང་མཐིང་ནག་སོལ་ཁུ་འདྲ།། བེ་སྣབས་ཁྲག་མཁྲིས་ཆགས་ན་ནད་ཁྲག་སྟེ།། ཟུག་ཆོག་བསྐྱེད་ཆེ་ནད་འབྱང་སླ་བ་ཡིན།། དམར་ནག་རི་མོ་བྱུང་ན་ཐང་རྗེས་གཏར།། རྣག་མཁྲིས་ཆགས་ན་ལུས་ཟུངས་གསོ་ཞིང་གཏར།། དམར་ལ་སྐ་ན་ཕན་མེད་གཏར་བསྐྱེད་སྦྱར།། རླུང་ཁྲག་ནག་ཅིང་རྩུབ་ལ་ལྦུ་བ་དམར།། མཁྲིས་པའི་ཁྲག་ནི་སེར་ལ་(སླ)རྣག་དྲི་མནམ།། བད་ཀན་ཁྲག་ནི་དམར་སྐྱ་སྐ་ལ་འཇམ།། འབབ་ཞན་དཀའ་དང་དམར་འཇམ་རླངས་པ་ཆུང་།། མཚལ་ཁུ་ཚོས་ཁུ་འདྲ་བ་ཟུངས་ཁྲག་ཡིན།། དེ་རྣམས་ཅུང་ཟད་ཙམ་ཡང་གཏར་མི་རུང་།། ལྦུ་དཀར་ནད་ཁྲག་ཡིན་པས་དམར་ཡང་འདོན།། ལྦུ་དམར་ལུས་ཟུངས་ཡིན་པས་ནག་ཀྱང་གཅོད།། ལོང་མེད་ཟུག་ཆེ་སྨིན་ལོང་མི་བསྒུག་གཏར།། ལོང་ཡོད་སྨན་གྱིས་བཅག་ལ་འཕྲལ་མི་གཏར།། བབས་ཚེ་སྔ་ངན་ཕྱི་བཟང་ཕྱིས་མི་གཏར།། སྔ་བཟང་ཕྱི་ངན་བྱུང་ན་ཕྱིས་སུ་གཏར།། རྒྱས་ཚད་སྟོབས་ལྡན་རྩ་ཆེན་ཁྲག་ངན་མེད།། མཚལ་ལྟར་དམར་ན་ངན་ཁྲག་རྩར་གྲམ་རྟགས།། འཕྲོ་བཅད་ལོང་རྩ་གཏར་རྗེས་རྩ་ཆེན་དེར།། རྣག་ཏུ་འབྱུང་བས་དེ་རིགས་འགྲེ་ཤེས་དགོས།།
དབྱུང་ཚད་ནད་ཐོན་ཟུངས་ཁྲག་བྱུང་ན་བཅད།། ཟུངས་ངན་ཁྲག་ཞབས་མེད་ཀྱང་རན་ཚོད་བཟུང་།། དོན་གཟེར་ཟུག་གཅོག་ཁྲག་གཟེར་དབྱུང་བ་དང་།། འོལ་ཀ་བསྒྱུར་གསུམ་ཟུངས་ཁྲག་ཡིན་ཡང་འདོན།། ཟུངས་ཟད་རླུང་ལྡན་ངན་ཁྲག་ཡིན་ཡང་བཞག། ཁྲག་ངན་ཤས་ཆེར་ལུས་ན་ནད་མཇུག་ལུས།། ཟུངས་གསོ་ཞག་གསུམ་ཚུན་དུ་རིམ་པ་བྱ།། དར་མ་ཁྲག་རྒྱས་རྩ་ཆེན་མང་དུ་དབྱུང་།། རྒན་བྱིས་སྦྲུམ་མར་ཁ་དབྱེ་ཙམ་ལས་བསྐྱུང་།། དབྱར་དགུན་ཕྱི་དྲོར་ནད་ཁྲག་ཡིན་ཡང་བསྐྱུང་།། འབྱུང་དཀའ་ཐིགས་པར་བསགས་པའི་བྲེ་གང་བས།། དྲག་འབབ་ཤར་གྱིས་བྱུང་བའི་ཕུལ་གང་དགའ།། རྒྱས་འཁྲུག་གཟེར་དང་བྱང་ཁྲོག་ཁྲག་རྒྱས་དང་།། ཡན་ལག་སྐྲངས་ཤོར་བུངས་སྐྱེད་ཁྲག་ཤེད་སྨད།། དེ་མིན་ཚད་རྙིངས་ལུས་ཟུངས་ཉམས་པ་ལ།། ལན་གྲངས་མང་གཏར་དབྱུང་ཚད་ཉུང་བར་བྱ།། ལྦུ་བ་ཁྲག་དམར་སྦྲིས་གཡོགས་གཏར་འཕྲོ་བཅད།། ཟུངས་ངན་གཏར་ཚད་རྣག་ཏུ་འོང་བའམ།། གཏར་ཁྲག་ཆུ་དང་འདྲ་ན་གཏར་ཚོད་བཟུང་།། རྣག་ལ་བལྟས་ནས་མང་དུ་དབྱུང་བ་ཡིས།། ཟུངས་ཟད་གསོ་དཀའ་དམུ་ཆུར་འགྱུར་བ་ཡོད།།

ལོག་གནོན་ཁྲག་མི་ཐོན་དང་ངན་ཁྲག་མེད།། ཁྲག་མ་ཆོད་དང་སྐྲངས་འབོག་རླུང་སྐྱེས་དྲུག། དང་པོ་ཁྲག་མི་ཐོན་ལ་རྒྱུ་བཅུ་སྟེ།། ལུས་གྲང་མཚོན་རྟུལ་ཟས་ཀྱིས་འགྲངས་དྲགས་པ།། གཏར་བྲེད་གདོན་དང་འགྲུལ་སྣ་ཐུག་པ་དང་།། བསྙལ་མ་ཐག་གཏར་གཏར་མ་ཐག་དུ་གློད།། རྨ་ཁ་ཆུང་དང་པགས་ཁ་འཆུས་པ་བཅུ།། རྒྱུ་བཅུ་སྤངས་ན་གཏར་ག་རྡུགས་དོགས་མེད།། གཉིས་པ་རྩ་ཆེར་གཏར་ཡང་ངན་ཁྲག་མེད།། དེ་ལ་གཏར་རྗེས་དེ་བོར་གང་བབས་ཀྱི།། རྩ་གཞན་གཡར་ལ་ནང་པར་གཏར་བ་ན།། དེ་དུས་ངན་ཁྲག་འབྱུང་བར་ཐེ་ཚོམ་མེད།། ཚ་བ་ལམ་ཆད་རྩ་སྟོང་ཁྲག་མེད་པ།། འདི་ལ་དོན་གཉིས་ཡོད་དེ།། དང་པོ་ནི་རྒྱས་ཚད་སྟོབས་ཆེན་གཏར་འཕྱེས་ངན་ཁྲག་མེད།། དོན་ལ་བྱེར་བའི་ལམ་(རྩ་)ཆད་རྩ་སྟོང་ཡིན།། གཉིས་པ་ནི་ཡང་ན་ནད་བབ་ཟུག་གཏར་གནས་དེར་ཆེ་གཏར་འཕྱིས་པས།། ཚ་བའི་རླངས་པས་རྩ་ཁེངས་རྩ་རྒྱས་ཀྱང་ནང་དུ་ཁྲག་མེད་པ་ཁྲག་ལམ་ཆད།། གཏར་བ་དབུགས་རླངས་ཐོན་ལས་ཁྲག་མི་འབྱུང་།། དེས་ཀྱང་འཕྲལ་ཟུག་ཆོག་སྟེ་སླར་དབྱུང་དགོས།། འདི་གཉིས་གང་ལའང་ཁྲག་ངན་ཕྱིར་ཕུལ་བའི།། གདམས་པ་གནད་ཆེ་ལུས་ཀུན་ཆང་གིས་བཀྲུ།། བྱེ་མ་ཆང་བྲན་བཙོས་(བསྲོས་)པས་རྩ་དེ་བདུག། ཕལ་ཆེར་དེ་ཡིས་ཐོན་སྲིད་མ་ཐོན་ན།། འབྲས་བུ་གསུམ་དང་ཨུཏྤལ་བ་ལེ་ཀ།། སླེ་ཏྲེས་ཏིག་ཏ་བོང་དཀར་ལི་ག་དུར།། བ་ཤ་ཀ་རྣམས་བསྡུས་ཐང་གྲང་མོ་གཏོང་།། ཡང་ན་ག་པུར་ཆུ་མ་རྩི་མཉམ་བྱེད།། ཁྱི་ཡི་འོ་མ་མར་སྦྱར་ཁོང་དུ་གཏོང་།། ཡང་ན་ག་པུར་ཆུ་མ་རྩི་མཉམ་བྱེད།། ཁྱི་ཡི་འོ་མ་མར་སྦྱར་ཁོང་དུ་གཏོང་།། ཞུ་མཚམས་འབའ་ཆས་བསྲོས་སམ་ཨ་སས་བདུག། ཨ་ས་ནི་སྦང་མ་གར་བོའི་ཟན་ཆུ་ལ། རྙེད་ན་བག་ཕྱེ་མ་རྙེད་ན་རྗེན་ཕྱེ་བཏབ་ལ་གཡོས་པའི་ཟན་དྲོན་མར་དང་ནི། ཚ་དང་གཡེར་མའི་སྡོར་སྤོད་བཏབ་བཙོས་པ་རེག་བཟོད་པ་ཙམ་བདུག་གྲང་ན་སླར་བསྲོས་ལ་བདུག་ཅེས་སོ། རྔུལ་དབྱུང་བས་ནི་ཕྱི་ལ་ངན་ཁྲག་ཕུལ།། ཡང་ན་འབྲས་བུ་གསུམ་གྱི་ཐང་དང་ནི།། རྒྱ་ཚ་གང་དུར་སྡིག་པ་ཚ་ལའི་ཕྱེ།། ཆ་མཉམ་ཕྱེ་མ་ཆང་ཕུལ་ཐང་ཕྱེ་གཉིས།། གུང་གཉིས་ལྟག་སྤྲད་གཏོང་ལ་ཟན་དྲོན་དང་།། ཆང་སོགས་བཅུད་ཅན་བཏུང་བས་ཕྱི་ལ་འཕུལ།། ཡང་ན་ཁྱི་ཡི་འོ་མ་སྤང་སྤོས་དང་།། ལི་ག་དུར་དང་ཛཱ་ཏི་པི་པི་ལིང་།། །ཁ་རུ་ཚ་རྣམས་ཆང་སྦྱར་ལྟོར་བཏང་ལ།། གོས་ཀྱིས་བྱིབས་ལ་རྔུལ་འདོན་ཞག་གཅིག་གཉིས།། འདས་ནས་གཏར་ན་ངན་ཁྲག་འབྱུང་བར་གསུངས།། །རྙིངས་ཚད་རྩི་ལྟར་ཞེན་པས་རྩ་སྟོང་ན།། ངན་ཁྲག་མཆིན་པར་ཞེན་པ་ཡིན་པས་དེར།། སྤང་སྤོས་གླ་སྒང་གླ་རྩི་ཁྱིའི་འོ་མ།། ཆང་སྦྱར་བསྐོལ་བླུད་གོས་བྱིབས་རྔུལ་བཏོན་རྗེས།། ཉིན་ཕྱེད་འདས་ནས་བ་འོ་ཁྱོར་གང་ལ།། ག་པུར་ནས་ཙམ་བཏབ་བཏང་རྔུལ་དབྱུང་རྗེས།། གཏར་བས་མཆིན་ཁྲག་ཞེན་པ་རྩ་རུ་འདྲེན།། གཞན་ཡང་སྙིང་ཚད་ངན་ཁྲག་ཟད་མི་ཤེས།། ཟུངས་ཟད་ཁྲག་དང་མ་ནོར་དེ་དང་ནི།། ཁྲག་རྗེས་མ་ཆོད་པ་ཡི་ཚད་པ་ཡིན།། གཏར་བས་ནད་ཟད་ཟུངས་ཟད་ཁྲག་ཟད་མཉམ།། འདི་ལ་བཤལ་གྱིས་སྦྱངས་རྗེས་གསར་བཅུད་བསྟེན།། དེ་རྗེས་གཏར་བས་ངན་ཁྲག་དུས་སུ་འཛད།། གསུམ་པ་ཁྲག་མ་ཆོད་པར་འབྱམས་ཤོར་ན།། རྩ་རྒྱུད་ཆུས་བྲན་རྨ་ཁར་རྡོ་གྲང་བདུག། ཕྱིང་པ་ཆུང་བཅུག་དཀྲིས་མས་བསྡམས་པའམ།། སོག་མཐིལ་རུས་ཚིགས་དཀར་སང་རྨ་ཁར་གླན།། ཡང་ན་སེང་ཕྲོམ་རྨ་ཤིང་པྲི་ཡང་ཀུ།། བ་ཤ་ཤིང་མངར་བཙག་ཡུག་གྱོ་དུམ་དང་།། ཟར་མ་སྣག་ཚྭ་འོ་མ་ཅན་ཤིང་གི།། ཤུན་ལོ་བཏགས་པའི་ཕྱེ་མ་རྨ་ཁར་གདབ།། ཆུ་གྲང་ཅུང་ཟད་བདུག་ཅིང་ལུས་པོར་བསྒྲངས།། དེས་མ་ཆོད་ན་རྩ་དེའི་གོང་ཉིད་ལ།། རྩ་དེ་ཉིད་ལ་གཏར་ཁ་གདབ་པའོ།། གཏར་བྱེད་སྔ་མའི་ཁ་ཆུང་བའི་གཙགས་བུས་ཡང་ན་གསེར་ཐུར་བསྲེགས་པས་རྨ་ཁར་བསྲེག། ཡང་ན་རྨ་ཁ་འཁྱགས་པས་བདུག་བྱས་ལ།། རྒྱུས་པས་དྲུབས་ལ་དོམ་མཁྲིས་འཛིན་པ་དང་།། ལྡུམ་ནག་བཏབ་པས་ཆོད་པར་འགྱུར་བ་ཡིན།། བཞི་པ་སྐྲངས་ལ་རྣམ་པ་གཉིས་ཡོད་དེ།། གདོན་གྱིས་རྩ་རུ་ཁྲག་ཆགས་ཁྲག་ཆད་ན།། སྐྲངས་མཆེད་ལ་སོགས་ལ(ཁྲག་ལོག)ཡིན་པར་རྩ་རྒྱུད་དེའི།། སྐྲངས་མཚམས་དམ་པར་བསྡམ་ལ་འབྲོས་ལམ་དགག། དེ་ནས་རྩ་དེ་མཉེ་བཞོ་དྲུག་ཏུ་གཞིབ།། ཡང་ན་རྔབས་རྭས་དྲངས་བྱ་མ་འདྲོངས་ན།། རྩ་ནང་ཆགས་པའི་ཁྲག་བལ་དེ་ཉིད་ནི།། ལྕགས་ཀྱུ་ཐུར་མ་བྱ་རོག་མཆུ་འདྲ་སོགས།། གང་ལ་འཚམ་པས་བྲུས་ལ་ལོན་པས་ཞི།། མ་ལོན་བཤས་ལ་བཏོན་ནས་དྲུབས་ལ་གསོ།། གཞན་ནི་ཤ་གདན་བསྣད་སོགས་མཚོན་རྟུལ་དང་།། རང་བཞིན་སྐྲངས་སོགས་མ་ངེས་སྣ་ཚོགས་འབྱུང་།། ཤ་གདན་བསྣད་པས་སྐྲངས་ན་གྲང་དུགས་བྱ།། ཚོས་དང་ཞུ་མཁན་ཉི་དགའི་ཕྱེ་སྦྱར་བའི།། ཟན་དྲོན་བདུག་པས་ཞི་འགྱུར་གང་ལ་ཡང་།། ཚྭ་དང་མར་སྦྱར་ཁྱི་སྤུ་བསྲེག་གཞོབ་བྱུགས།། རྨ་སྐྲངས་མཉེ་བྱ་དེས་ཀྱང་མ་ཐུབ་ན།། རྡོ་དྲེག་སྤང་སྤོས་མོན་ལུག་གོ་སྙོད་བཞི།། ཕྱེ་མ་བཏབ་པའི་ཨ་སས་བདུག་པར་བྱ།། དེས་མ་ཐུབ་ན་རྩ་སྐྱོན་འདུལ་བ་ཡི།། ཚད་མཐོའི་ཕྱག་ལེན་གདམས་པ་འདི་རང་ཟབ།། ཕབས་དང་རྡོ་དྲག་ཞུ་མཁན་སྤང་སྤོས་དང་།། གཡེར་མ་ག་དུར་ཚན་ཚྭ་མཉམ་ཁྲོབ་བརྡུང་།། རས་བཏུམས་སྣུམ་ནང་མ་ཚིག་ཙམ་དུ་བཙོ།། ཚ་གྲང་བསྟུན་ཅིང་རྨ་ཡི་མཐའ་སྐོར་དང་།། རྩ་གནད་རྩ་སྐྱོན་རྩ་འབྲུམ་གང་བྱུང་བདུག། དེས་ནི་མེ་ལ་ཆུ་བཏབ་བཞིན་དུ་འཇོམས།། ལྔ་པ་ཁ་རླུང་ལངས་ནས་བརྒྱལ་འབོག་ན།། རུས་བསུར་སྣར་བདུག་ཆུ་གྲོག་ཁོང་དུ་བཏང་།། གདོང་ལ་ཆུ་གྲང་གཏོར་བས་བརྒྱལ་བ་སངས།། དེས་ཀྱང་མ་ཕན་ཤིན་ཏུ་ཚབས་ཆེ་ན།། གསོན་ཁྲག་དྲོན་མོ་གསོས་སུ་བླུད་པ་བསྔགས།། དྲུག་པ་གཏར་བའི་རྗེས་ལ་རླུང་སྐྱེས་ན།། འབྲི་མར་བསྐུ་མཉེ་བུ་རམ་ཁ་མུར་དང་།། ཛཱ་ཏི་མར་སྦྱར་སྣར་བླུགས་མེས་བསྲེགས་བདུག། བུར་ཆང་རུས་བཅུད་ཐང་དང་ཚོ་ཁུ་སོགས།། གང་ལ་གང་འཚམ་སྦྱར་བའི་རླུང་སྣ་གླན།།

བདུན་པ་ཕྱི་རྗེས་ལས་ཀྱི་རིམ་པ་ནི།། བསྙལ་བ་བཀྲོལ་ལ་རྨ་ཁ་མཐེབ་མོས་མཉེ།། ཆུ་གྲང་གིས་བཀྲུ་རྨ་ཁར་རྡོ་གྲང་བདུག། རྒྱམ་ཚ་ཏིལ་མར་སྦྱར་བ་རྨ་ལ་བྱུགས།། ཡང་ན་རྨ་རྩི་གི་ཝང་ཤུ་དག་དང་།། ཙན་དན་སྟག་ཤ་བྲག་ལྕམ་མ་གི་ཏ།། དོམ་མཁྲིས་དྲི་ཆུར་སྦྱར་བྱུག་མྱུར་དུ་སོས།། རྨ་རྩི་གྲོ་ལྤགས་ཇ་ཤོག་རྨ་ཁར་གདབ།། བལ་ཐག་གིས་དཀྲིས་འགྲོ་འདུག་སྤྱོད་ལམ་གཟབ།། ཁྲག་ངན་སྐྱེད་ཕྱིར་ཆང་སིངས་ཞག་བདུན་སྤང་།། ཆུ་མི་བཏུང་ལ་ཐབ་གཞོབ་གྲིབ་གདོན་འཛེམ།།

བརྒྱད་པ། གཏར་སྐྱོན་དམན་ལྷག་ལོག

བརྒྱད་པ་གཏར་སྐྱོན་དམན་ལྷག་ལོག་ཉེས་བཞི།། གཏར་དམན་ཁྲག་རོ་མི་ཐོན་ནད་མཇུག་ལུས།། མཆིན་སྐྲན་(ཁྲག)སྨུག་པོ་མཛེ་འབྲས་སུརྱ་བསྐྱེད།། བྱང་ཁོག་ཡན་ལག་ཆུ་སེར་རྣག་ཏུ་འགྱུར།། གཏར་དྲགས་ཟུངས་ཟད་རླུང་བསྐྱེད་མེ་དྲོད་འཆོར།། གྲང་སྐྲན་སྐྱ་རྦབ་དམུ་ཆུར་འགྱུར་བ་མང་།།

གཏར་ལོག་མི་རུང་ནད་ལ་གཏར་བ་དང་།། མི་རུང་དུས་ཀྱི་སྔོན་ནས་ལྡོག་པ་དང་།། ཕྱི་ནད་བསྐྱེད་པའི་ལྡོག་མེད་གནད་ལ་བསླབ།། ཉེས་པ་ཤ་གདན་བསྣད་དམ་ཆུ་རྒྱུས་བཅད།། གཉན་གནད་རྨས་དང་འཕར་རྩ་བཅད་པ་ཡི།། སྨན་པའི་ལག་དགྲས་བསད་པ་མང་པོ་མཐོང་།། དེ་ཕྱིར་གནད་ཤེས་སྐྱོན་གཟབ་མཁས་པ་ཡིན།། ཐལ་སྐྱོན་ཤ་གདན་བསྣད་སྐྲངས་གོང་བཞིན་བཅོས།། ཤ་གདན་ཆུ་རྒྱུས་ཆད་དམ་ཉྭ་གནད་སོང་།། རྟགས་ནི་ལྷོག་ཐབས་སྐྲངས་ཤིང་དམར་ལ་ཚ།། རྨ་ཁར་ཆུ་སེར་ཕྱིར་འབྱུང་བརྐྱང་བསྐུམ་དཀའ།། དེ་ལ་ལྤགས་རློན་སྦང་མ་ཚིལ་དྲོན་སོགས།། རྨ་ཁར་འཇིབ་ཀྱིས་འདུལ་བའི་ལག་ལེན་བྱ།། ཆུ་རྒྱུས་ཆད་ན་གྱོང་པོ་རླན་འདུལ་བྱ།། རྗེས་ལ་བདུད་རྩི་ལྔ་ཡི་ལུམས་སུ་གཞུག། འཕར་རྩ་ཆད་ཁྲག་བྱི་ཁུང་ས་གཏོར་འདྲ།། རྨ་ཁར་བྱ་སྤུ་བཞག་ན་འཕར་བཞིན་འགུལ།། ལུས་དང་ཡན་ལག་འདར་ལྕི་འགུལ་སྐྱོད་དཀའ།། དེ་ལ་བསྙལ་ལྷོད་རྩ་ཡི་གོང་འོག་བསྡམ།། རྨ་ཁའི་གོང་འོག་མེ་བཙའ་ལེགས་པོ་(ལེབ་མོ)གདབ།། ཡང་ན་རྨ་ཁ་གསེར་གྱི་ཏེལ་མེས་བསྲེགས།། དེ་སྟེང་རྨ་རྩི་ཧེལ་གེས་བུབ་བཅིང་བྱ།། སྣུམ་དྲོ་ཁོང་བཏང་ལུས་ལ་བསྐུ་མཉེ་བྱ།།

དགུ་པ། གཏར་ལེགས་ཡོན་ཏན།

དགུ་བ་གཏར་ལེགས་ཡོན་ཏན་བཤད་པ་ནི།། རྩ་ལ་རྒྱུག་པའི་ནད་དང་ངན་ཁྲག་ཐོན།། གཟེར་བའི་ཟུག་ཆོག་སྐྲངས་པ་རྒྱུད་ནས་འཇོམས།། འདྲུལ་བ་བརྟས་བྱེད་རྣག་ཆུ་རྩད་ནས་གཅོད།། རྨ་ཡི་མདོག་འབྱིན་ཁོལ་བུའི་ནད་རླངས་འདོན།། ཚ་བའི་དབལ་གསོད་གྲང་བ་གཏིང་ནས་གསོ།། འདུས་པའི་མཁར་བཤིག་ཆུ་སེར་དྲུངས་ནས་འབྱིན།། སྦོམ་པོ་འབྲི་ལ་སྐེམ་པོ་ཤ་རྒྱས་བྱེད།། ནད་དངོས་ཕྱིར་འབྱིན་ཚོགས་དྲུག་དྭངས་གསལ་ཚོར(འཚོ་)།། བགྲོད་པའི་ལུས་ཡང་བཀྲག་མདངས་གཟི་བརྗིད་བསྐྱེད།། དེས་ན་གནད་ཐིག་ཚོད་ཟིན་གསང་ནོན་ན།། དཔྱད་རྣམས་ཀུན་གྱི་མཆོག་ཏུ་གཏར་འདི་འགྱུར།། འདིར་སྨྲས་པ། དཔྱད་མཆོག་ངེས་གསང་འབུམ་ལྡན་ཡིད་བཞིན་དབང་།། སྔོན་ཆད་མཁས་མང་གསང་མཛོད་རྒྱས་བཏབ་པ།། གསང་སྒོ་ལྷག་བསམ་ལྡེ་མིག་གིས་ཕྱེས་ནས།། ཐུན་མོང་གདུལ་བྱར་བསྟན་འདི་ཀུན་གྱིས་སྤྱོད།། དེང་འདིར་འཁྲུལ་བྲལ་ལེགས་བཤད་བཅུ་དྲུག་ཆ།། ཁོལ་(ཕུལ་)བྱུང་སྦྱོར་དངོས་རྗེས་ལྡན་(བསྟན་)རི་དྭགས་གཟུགས།། མངོན་པར་བཀྲ་འདི་གསོ་རིག་འཆི་མེད་ལམ།། མཛེས་བྱེད་རྒྱན་དུ་མེས་པོས་བཀོད་པ་དགེ།། རྒྱུད་དགོངས་ཉི་དཀྱིལ་རང་བཞིན་འོད་གསལ་ཡང་།། ལག་ལེན་ཡུལ་དུ་འདྲེན་མཛད་ཤིང་རྟའི་ཚོགས་(མཆོག)།། རྒྱུད་འགྲེལ་རྒྱ་མཚོའི་གཏིང་མཐའ་རབ་སྤོབས་པའི།། བརྒྱུད་འཛིན་འཚོ་བཞེས་རྣམས་ལ་ལེགས་ཡི་རང་།། འདི་ལྟའི་ལག་ལེན་སྣེ་(སྣ)གཅིག་མི་སྦྱང་བར།། བཤད་པའི་ཚིག་ཤེས་དོན་ཚོགས་མི་གོ་བས།། ལེའུ་གཅིག་གཉིས་ཙམ་རེ་ཁ་ཏོན་དུ།། ཁེལ་མིན་མ་མཐོང་གོང་ནས་གྱེར་དབྱངས་གླུ།། འབྲོག་སྦྲའི་ཁྱིམ་དང་ཡུལ་ཁང་སྐས་ཁ་ནས།། བླུན་རྒན་གླང་འདྲ་ནད་པའི་རྣར་སྒྲོག་མཁན།། བཤད་དོན་གནད་འགགས་དྲིས་ན་ཁྲོ་ཚིག་འབྱིན།། ཚུལ་བཞིན་གནས་ལུགས་བཤད་ན་མི་ཉན་པར།། དོན་མེད་ལ་ལུང་འཆོལ་གཏམ་བཞད་གད་སྒྲས།། གཞན་སྨད་ང་ཆེ་ང་མཁས་འབྲུག་ལྟར་སྒྲོག།། རང་རྩིས་དཔེས་མི་ཐེག་ཅིང་མཐོང་ཚད་བརྙས།། འདི་ལྟའི་སྨན་པ་འགའ་ཞིག་སྔོན་བསགས་མཐུས།། ཐར་པའི་གོ་སྐབས་བོར་བའི་བསོད་དམན་ལགས།། འཚོ་མཛད་མགོན་དང་སྲོག་གི་གཤེད་ནོར་ནས།། རང་སྲོག་ལག་གཏད་དམར་པོ་འབྱིན་འཇུག་པ།། མཐོང་བའི་མོད་ལ་སྙིང་ནས་མཆི་མ་འཁྲུགས།། དེ་བས་རྒྱུད་ལས་གཏར་རྩ་དོན་བདུན་ཞེས།།

མདོར་བཤད་སྨོས་ལས་ལག་ལེན་གདབ་པའི་དམིགས།། འདི་ཞེས་བཅུ་གཅིག་མིང་སྨོས་ཕན་ཡོན་ལས།། གསང་ངོ་མ་སྤྲད་ལྔ་བཅུ་ཀུན་བསྡོམས་པ།། དྲུག་ཅུ་རྩ་གཅིག་ལས་སྤྲོས་མ་མཛད་ཅིང་།། དེ་ཡང་གོ་དཀའ་ཤེས་པ་ཉུང་དུས་(བ་)འདིར།། ཁོ་བོའི་གཏར་རྩ་དོན་བདུན་སྦས་པའི་རྩ།། དྲུག་ཅུ་རྩ་ལྔ་ཀུན་བསྡོམས་བརྒྱ་ཞེ་གཉིས།། འདི་ཞེས་གཞལ་གསང་ཕན་པའི་ཡོན་ཏན་དང་།། སྔོན་འགྲོ་རྗེས་སོགས་དགོས་པ་གསལ་ལ་རྫོགས།། འོན་ཀྱང་ཤ་རུས་རྩ་རྒྱུས་རྨེན་གཉན་བཤད།། གལ་དུ་ཆེ་ཕྱིར་ལུས་གནད་གསལ་བ་ཡི།། སྟོང་ཐུན་ངེས་གསང་སྒོ་འབྱེད་ཅེས་ལོགས་སུ།། ཁོ་བོས་གསལ་བར་བྱས་ལ་ཤེས་བྱས་ན།། ཕྱོགས་འདིར་གཞོན་ནུ་གསོས་དང་དངོས་མཇལ་ཡང་།། དོགས་ཤིང་ཚོམ་པའི་འདྲི་བྱ་མེད་དོ་སྙམ།། འདི་ལྟར་འོལ་མིན་ཀུན་གསལ་གསང་མཛུབ་ཚུགས།། སྦ་གསང་དཔེ་མཁྱུད་མེད་པར་བྲིས་པའི་དགེས།། མ་གྱུར་ལུས་ཅན་དུག་གསུམ་གཅོང་ནད་ཀུན།། དྲུང་འབྱིན་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་བསྔོ།། ཞེས་དཔྱད་མཆོག་གཏར་གའི་གདམས་པ་ཉེས་འཁྱུགས་རྙོགས་མ་དྲུངས་འབྱིན་ཀེ་ཏ་ཀ་ཞེས་བྱ་བ་འདི་ཡང་ལྔ་བདོའི་ནད་པ་རྣམས་ལ་བརྩེ་བའི་སེམས་ཀྱིས་དུས་མཐའི་སྨན་པ་བི་ཇིའི་རིགས་འབངས་ཐ་ཤལ་པ་དགེ་སྦྱོང་བསྟན་འཛིན་ཕུན་ཚོགས་ཀྱིས་དེའུ་དམར་དབེན་གནས་ཟབ་རྒྱས་ཆོས་གླིང་དུ་སྦྱར་བ་དགེ་གྱུར་ཅིག།  །།



མཐའ་མའི་འདོན་ཐེངས་།: 14.12.2020 ཉིན། 3:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།