སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>

དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན།

        དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནི་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་ཉམས་པ་སླར་གསོ་དང་། ཡོད་པ་རྒྱུད་འཛིན། མེད་པ་གསར་འདྲེན་ཆེད་སྔོན་བྱོན་མཁས་དབང་རྣམས་ཀྱི་བརྩམས་ཆོས་རིགས་ཕྱོགས་བསྒྲིགས་དང། ཞིབ་འཇུག འཚོལ་ཞིབ་བདག་ཉར། རྒྱུན་ཆད་ལ་ཉེ་བའི་སྨན་རྩིས་དཔེ་རྙིང་དང་། མ་དཔེ་དཀོན་གྲས། པར་མ་སྣ་ཚོགས་བཅས་སྨན་རྩིས་གཉིས་ཀྱི་གཞུང་དང་ཉམས་ཡིག་རིགས་འཚོལ་སྒྲུབ་དང་ ཞིབ་འཇུག་ཆེད་བཙུགས་པའི་སྡེ་ཚན་ཞིག་ཡིན་ལ། ད་བར་དུ་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་ཀྱི་རྩ་བ་དང་འགྲེལ་བ། ཡང་འགྲེལ། མཆན་འགྲེལ། གཅེས་བཏུས། གནའ་དེང་མཁས་པའི་གསུང་རྩོམ་སོགས་བོད་དབྱིན་གཉིས་སྟེང་དཔེ་དེབ་གྲངས་ ༡༦༣ དཔར་བསྐྲུན་བྱས་པའི་ཁོངས་གསོ་རིག་དཔེ་རྙིང་གྲངས་ ༢༤ གསར་རྩོམ་གྲངས་ ༦༢ དཔེ་རྙིང་བསྐྱར་དཔར་གྲངས་ ༡༠ སྐར་ནག་དབྱངས་གསུམ་རྩིས་རིག་པར་སྐྲུན་ཞུས་པ་གྲངས་ ༣༣ སྨན་རྩིས་སྐོར་དབྱིན་ཡིག་ཏུ་དཔར་བསྐྲུན་ཞུས་པ་གྲངས་ ༡༦ བོད་དབྱིན་སྐད་ཡིག་གཉིས་སྟེང་སྨན་རྩིས་དུས་དེབ་དཔར་བསྐྲུན་ཞུས་པ་གྲངས་ ༡༨ བཅས་བྱུང་ཡོད།

 

འདས་པའི་ནང་སྨན་རྩིས་གཉིས་ཀྱི་དཔེ་རྙིང་འཚོལ་ཞིབ་ཐད་རྒྱ་གར་ཤར་ཕྱོགས་ཏི་ཛུ་ཁུལ་ནས་དཔེ་རྙིང་སུག་བྲིས་ཅན་དང་ པར་མ་དཔེ་གཟུགས་པོད་གྲངས་ ༡༧༠ ལྷག་ཙམ་མཁོ་སྒྲུབ་ཞུ་ཐུབ་ཡོད་ལ། དེ་བཞིན་གསོ་རིག་མ་དཔེ་དཀོན་རིགས། དཔེ་རྙིང་ཤིང་པར། དཔྱད་རྩོམ་སོགས་སྟབས་བདེ་དེབ་གཟགས་སུ་པར་འདེབས་པ་དེབ་གྲངས་༥༧ ནང་རྩོམ་ཡིག་རྒྱས་བསྡུས་ཁྱོན་བསྡོམས་ཉི་བརྒྱ་བཅོ་ལྔ་ལྷག་ཙམ་མཁོ་སྒྲུབ་བདག་ཉར་བྱས་ཡོད། ལྷག་པར་དཔེ་རྒྱུན་ཆད་ལ་ཉེ་བའི་སྨན་རྩིས་རིག་པའི་བརྩམས་ཆོས་གྲགས་ཅན་ཁག་མྱུར་སྐྱོབ་ཆེད་བལ་ཡུལ་དང༌། འབྲས་ལྗོངས། འབྲུག་ཡུལ། ལ་དྭགས། སོག་ཡུལ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་དགོན་སྡེ་དང་དཔེ་མཛོད་ཁང་རྣམས་ལ་ཐད་ཀར་འབྲེལ་བ་བྱས་ཏེ། དེ་དག་ཏུ་ཡོད་པའི་སྨན་རྩིས་རིག་པའི་དཔེ་དེབ་རྣམས་འཚོལ་ཞིབ་དང་ ཡང་ན་མ་ཕྱི་གཡར་ཞུས་ཀྱིས་པར་བཤུས་དང་གློག་ཀླད་དུ་པར་འཇུག་སོགས་བྱེད་བཞིན་ཡོད།

 

དུས་ཀྱི་འགྱུར་འགྲོས་དང་མཐུན་པར་སྡེ་ཚན་ནས་སྨན་རྩིས་ཁང་གི་བོད་ཡིག་དྲ་རྒྱ་གསར་པ་ www.mentsee.org ཞེས་པ་གསར་བཟོ་དང་འབྲེལ་རང་རིགས་གཙོ་བོར་གྱུར་བའི་བོད་ཡིག་མཁྱེན་མཁན་རྣམས་ལ་དམིགས་བསལ་བོད་ཀྱི་ཐུན་མོང་མིན་པའི་སྨན་རྩིས་རིག་པའི་ཐོག་ནས་འཕྲོད་བསྟེན་སློབ་གསོ་དང་དྲ་ཐོག་སྨན་བཅོས་ཞབས་ཞུའི་མཐུན་རྐྱེན། དེ་བཞིན་དྲ་རྒྱ་འདིའི་ནང་དུ་བཀའ་སློབ། གཞུང་ལུགས། ལོ་རྒྱུས། སྨན་སྦྱོར། སྨན་བཅོས། རྩིས་རིག ཆེད་རྩོམ། པར་མཛོད། དྲ་བརྙན་དང་གླེང་སྟེགས་སོགས་ཀྱི་བརྗོད་བྱའི་སྟེང་རྩོམ་རིག་རྣམ་གྲངས་མང་པོ་ལྟ་ཀློག་བྱེད་ས་ཡོད་པས་བོད་ཡིག་དྲ་རྒྱ་འདིའི་བརྒྱུད་ནས་བོད་ཀྱི་སྨན་རྩིས་རིག་པའི་སློབ་གཉེར་བ་དང་ ཉམས་ཞིབ་པ། དོན་གཉེར་ཅན་ཡོངས་ལ་ཞབས་འདེགས་ཞུ་མུས་ཡིན་པ་མ་ཟད། ཉེ་དུས་བོད་ཀྱི་གསོ་བ་རིག་པར་དོན་གཉེར་ཡོད་པའི་ཤར་ནུབ་གང་ཟག་འགའ་ཞིག་གིས་དཔལ་ལྡན་རྒྱུད་བཞིའི་དུམ་བུ་སྣ་རེ་དབྱིན་སྐད་དུ་བསྒྱུར་སྐབས་དཔལ་ལྡན་རྒྱུད་ཀྱི་དགོངས་པ་མཐིལ་མ་ལོན་པའི་རྟགས་མཚན་མངོན་གསལ་བྱུང་འདུག་པས་བོད་ཀྱི་སྨན་རྩིས་ཁང་ནས་ཆེད་ལས་མི་སྣའི་ཚོགས་ཆུང་གསར་འཛུགས་ཀྱིས་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ཡང་དག་པར་བཀྲལ་བའི་དབྱིན་བསྒྱུར་ཞིག་དགོས་གལ་ཤིན་ཏུ་ཆེ་བར་གཟིགས་ཏེ་བསྒྱུར་གྱི་ལས་གཞི་དབུ་འཛུགས་ཀྱིས་དཔལ་ལྡན་རྒྱུད་བཞིའི་ཡ་གྱལ་རྩ་རྒྱུད་དང་བཤད་རྒྱུད། ཕྱི་མ་ཕྲིན་ལས་རྒྱུད་བཅས་དབྱིན་བསྒྱུར་གྲུབ་སྟེ་དཔར་དུ་བསྐྲུན་ཟིན་པ་དང། མན་ངག་ཡོན་ཏན་རྒྱུད་ཆ་གཉིས་སུ་བགོས་ནས་སྟོད་ཆ་དཔར་དུ་བསྐྲུན་ཉེར་ཡོད།

 

          སྨན་རྩིས་ཟླ་གསར་ཞེས་པའི་ཚགས་པར་ཟླ་རེ་བཞིན་འདོན་སྤེལ་བྱེད་བཞིན་པ་དེའི་ནང་འཛིན་སྐྱོང་གི་གསར་འགྱུར་དང་། ལས་བྱེད་གསར་བསྡུ་བྱེད་རྒྱུའི་སྐོར་སོགས་དྲིལ་བསྒྲགས། སྨན་རྩིས་ཁང་ནས་དཔར་སྐྲུན་ཞུས་པའི་སྨན་རྩིས་གཞུང་ལུགས་ཁག་གི་ནང་དོན་ངོ་སྤྲོད། འཛམ་གླིང་འཕྲོད་བསྟེན་སྲུང་གཙི་སྐོར། མི་མང་ལ་ཟས་སྤྱོད་ལམ་སྟོན། ཉིན་རེའི་འཚོ་བའི་ནང་གི་བྱེད་སྒོ་སྤང་བླང་བྱ་ཚུལ། ཉིན་རེའི་ཚེས་འབྲས། སྨན་རྩིས་ཐོན་དངོས་ཁྱབ་བསྒྲགས། སྨན་རྩིས་སློབ་མའི་དཔྱད་རྩོམ། ཡན་ལག་སྨན་ཁང་ཁག་ངོ་སྤྲོད་སོགས་བྱེད་བཞིན་ཡོད།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།