ཏོག་དབྱིབས་ ༡༩ སྔོན་འགོག་སྨན་ཁབ་རྒྱག་ཕྱོགས་ལམ་སྟོན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.02.2021 |
༄༅། །ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་དང་འབྲེལ་བའི་བོད་ཀྱི་གསོ་བ་རིག་པའི་
ཐོག་ནས་མི་མང་རྣམས་ལ་རྩ་འཛིན་ལམ་སྟོན།
༼ ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་དང་མ་བརྒྱབ་གཙོ་བོ་གང་ཟག་རང་ཉིད་ཀྱི་འདོད་དབང་ལ་རག་ལུས་ཡོད་པ་དང་། རྒྱ་གར་
དབུས་གཞུང་དང་མངའ་སྡེ་གཞུང་གཉིས་ཀྱི་ལམ་སྟོན་གནང་བ་རྣམས་བརྩི་སྲུང་དང་ལེན་ཞུ་དགོས་པ་གལ་ཆེ་ཡིན། ༽
ཀ༽ སྔོན་འགོག་སྨན་ཁབ་ཀྱི་ཤེས་བྱ།
༡། སྔོན་འགོག་སྨན་ཁབ་གང་འདྲ་ཞིག་ཡིན་རུང་བརྒྱབ་རྗེས་མི་འཕྲོད་པའི་རིགས་ཕྲན་བུ་ཡོང་གི་ཡོད་པ་རྒྱུན་ལྡན་ཡིན།
༢། སྔོན་འགོག་སྨན་ཁབ་ཀྱི་མི་མང་ཆེ་བར་མི་འཕྲོད་པའི་རིགས་ཡོང་གི་མེད་ཀྱང་འགའ་ཤས་ལ་མི་འཕྲོད་པའི་རིགས་བྱུང་སྲིད་པས།
དེ་ནི་མི་སོ་སོའི་ཁམས་དང་རང་བཞིན་སོགས་ལ་རག་ལུས་པ་ཡིན།
༣། ད་ལྟའི་སྔོན་འགོག་སྨན་ཁབ་ལ་མི་འཕྲོད་པའི་རིགས་གསུམ་ཙམ་དབྱེ་ཡོད་པ་སྟེ། ༡) སྤྱིར་བཏང་ཕྲན་ཚེགས་མི་འཕྲོད་པ།
༢) སྤྱིར་བཏང་གི་མི་འཕྲོད་པ། ༣) སྤྱིར་བཏང་མ་ཡིན་པའི་མི་འཕྲོད་པ་བཅས་ཡིན།
ཏོག་དབྱིབས་གཉན་རིམས་༡༩ སྔོན་འགོག་སྨན་ཁབ་ཀྱི་མི་འཕྲོད་པའི་རྟགས་ཡོང་སྲིད་པ་ཁག་གཤམ་གསལ། |
|||
COVIDSHIELD སྔོན་འགོག་སྨན་ཁབ། |
COVAXIN སྨན་ཁབ། |
||
སྤྱིར་བཏང་ཕྲན་ཚེགས་མི་འཕྲོད་པ། |
སྤྱིར་བཏང་མི་འཕྲོད་པ། |
སྤྱིར་བཏང་མ་ཡིན་པའི་མི་འཕྲོད་པ། |
སྨན་ཁབ་བརྒྱབ་སར་དམར་སྐྲངས་དང་། ན་ཟུག་གཏོང་བ། |
སྨན་ཁབ་རྒྱག་གནས་སུ་དམར་སྐྲངས་ཆགས་པ་དང་། ན་ཟུག་ལྡང་བ། ཟ་འཕྲུག་ སོགས་འབྱུང་བ། |
སྨན་ཁབ་རྒྱག་གནས་སུ་འབར་འབུར་ཆགས་པ། |
བཟི་ཁྱོམ་པ། |
|
ཚ་བ་འཕར་བ། |
དང་ག་ཞན་པ། |
ལུས་པོ་གཟེར་བ། |
|
ལུས་མི་བདེ་བའི་ཚོར་སྣང་འབྱུང་བ། |
ཞེ་མེར་ལངས་པ། |
རྒྱུ་སྨད་ན་བ། |
མགོབོ་ན་བ། |
ཐང་ཆད་པ། |
རིམས་ལྟ་བུའི་ནད་རྟགས་ཚ་བ་རྒྱས་པ་དང་། མིད་པ་ཚ་བ། སྣ་ཆུ་འཛག་པ། གློ་རྒྱག་པ། གྲང་ཤུམ་རྒྱག་པ་སོགས་འབྱུང་། |
རྨེན་བུ་སྐྲངས་པ། |
ཚ་བ་འཕར་བ། |
གྲང་ཤུམ་མམ་ཚ་བ་འཕར་བ། |
རྔུལ་མང་དུ་འདོན་པ།: པགས་པ་གཡའ་བ། |
ལུས་ངལ་བ། |
|
མགོ་ན་བ། |
ཞེ་མེར་ལངས་པ། |
||
ཞེ་མེར་ལངས་པ། |
ལུས་པོ་ཟ་འཕྲུག་ལངས་པ། |
||
རུས་ཚིགས་དང་ཤ་སྒྲིམ་གཟེར་བ། |
ལག་ངར་སྦྲིད་པ། |
*** གོང་གི་མི་འཕྲོད་པའི་ནད་རྟགས་རྣམས་སྔོན་འགོག་སྨན་ཁབ་བརྒྱབ་མཁན་ཚང་མ་ལ་འབྱུང་བའི་ངེས་པ་མེད།
ཁ༽ སྔོན་འགོག་སྨན་ཁབ་མ་བརྒྱབ་གོང་དོ་སྣང་བྱེད་དགོས་པ་ཁག
༡། ཏོག་དབྱིབས་སྔོན་འགོག་སྨན་ཁབ་གང་ཟག་སུ་དང་སུ་ཡི་བརྒྱབ་ཆོག་པ་དང། བརྒྱབ་རུང་བའི་གང་ཟག་སུ་དང་སུ་ཡིན་པ་རྒྱ་གར་
དབུས་གཞུང་དང་མངའ་སྡེ་གཞུང་གི་ལམ་སྟོན་ལྟར་ཁ་གསལ་ཤེས་རྟོགས་དགོས།
༢། ལྟོ་སྟོང་མ་ཡིན་པར་དགོས།
༣། སྨན་ཁབ་མ་བརྒྱབ་གོང་གི་དོ་ནུབ་ལུས་ལ་ངལ་གསོ་མེད་པ་དང་མཚན་གཉིད་མ་ལོག་པ། ཆགས་པས་དུབ་པ་སོགས་མ་ཡིན་པར་དགོས།
༤། ལུས་ངག་ཡིད་གསུམ་སྟེ་སྒོ་གསུམ་གྱི་བྱ་བ་དྲག་ཤུལ་བྱེད་དྲགས་པ་མ་ཡིན་པ་དགོས།
༥། བུད་མེད་ཟླ་མཚན་འབབ་དུས་མ་ཡིན་པ་དང་། ལྟོ་བ་འཁྲུ་བའི་སྐབས་མ་ཡིན་པ། བརྡབ་འགྲམས་སོགས་ཀྱི་ལུས་ཀྱི་ཟུངས་ཁྲག་ཤོར་
བའི་དུས་མ་ཡིན་པ་དགོས།
༦། སྔོན་འགོག་སྨན་ཁབ་མ་བརྒྱབ་གོང་ཟས་སུ་ར་ཤ་དང་ཕག་ཤ ཚལ་ཁ་ཏིག་སོགས་རོ་ཁ་བའི་རིགས། གཡེར་མ། དེ་བཞིན་བཅུད་མེད་
སྟབས་བདེའི་བཟའ་བཏུང་རིགས་འཛེམ་དགོས།
༧། སྐོམ་གྱི་རིགས་ལས་ཇ་གར་པོ་དང་འཚིག་ཇ་ཀོ་ཕི། ཇ་ཐང་གར་པོ། ཆང་རག་རྣམས་འཛེམ་དགོས།
༨། ཆེས་ཤིན་ཏུ་གལ་ཆེ་བ་གཅིག་ནི་གང་ཟག་རང་ཉིད་སྔོན་འགོག་སྨན་ཁབ་མ་བརྒྱབ་གོང་སེམས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ། ཞི་བདེ་བག་ཕེབས་དགོས་པ་ལས། དངངས་ཚབས་དང་། སེམས་ངལ། ཐེ་ཚོམ་དང་རྣམ་རྟོག་དོར་ནས་སེམས་གུ་ཡངས་བློ་གཏད་ཐུབ་པ་དགོས།
༩། རང་ཉིད་ལ་བླ་གཉན་ནད་གཞི་སོགས་ཡོད་ཚེ། མི་གང་བྱུང་ལ་བློ་འདྲི་མ་ཞུས་པར། ཕྱི་ལུགས་ཆེད་ལས་སྨན་པ་དང་འབྲེལ་ཡོད་སྨན་ཁབ་རྒྱག་མཁན་ལ་ལམ་སྟོན་ཞུ་དགོས་པ་ཡིན། སྤྱིར་ན། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ལམ་སྟོན་གང་གནང་བ་རྣམས་ཡིད་ལ་འཇགས་དགོས་པ་ཡིན།
༡༠། རང་ཉིད་ལ་རྒྱུན་ལྡན་མི་འཕྲོད་པའི་ (allergic reaction) རིགས་ཡོད་པ་དང་རྒྱ་སྨན་བསྟེན་གྱིན་ཡོད་ཚེ་སྨན་ཁབ་རྒྱག་མཁན་གྱི་འབྲེལ་ཡོད་ལ་ཉིན་གཅིག་སྔོན་ནས་སྙན་སེང་བཀའ་འདྲི་ཞུ་དགོས་པ་གལ་གནད་ཡིན།
ག༽ སྔོན་འགོག་སྨན་ཁབ་བརྒྱབ་ཚར་བའི་རྗེས་སུ་ཐུགས་སྣང་དགོས་པའི་ཤེས་བྱ།
༡། ཐུགས་སེམས་ཞི་བར་གནས་ཐུབ་པ་དགོས་པ་ལས་ཐེ་ཚོམ་དང་དོགས་པ་རྣམ་རྟོག་སོགས་བྱེད་མི་རུང་།
༢། དྲག་ཤུལ་སོགས་ཀྱི་ལུས་པོ་འཁྲུགས་པ་མ་ཡིན་པར་ལྷོད་ལྷོད་ངང་གནས་དགོས།
༣། སྨན་ཁབ་བརྒྱབ་པའི་རྗེས་སུ་བཅུད་མེད་ཟས་བསྟེན་པ་དང་། ལྟོ་སྟོང་དུ་ཡུན་རིང་ལས་ཀ་བྱེད་པ། མཚན་གཉིད་མ་ལོག་པ་སོགས་
རླུང་ནད་འཕེལ་བའི་བྱ་སྤྱོད་རིགས་ལ་ཡིད་གཟབ་གནང་དགོས།
༤། གལ་སྲིད་རང་ཉིད་ལ་མི་འཕྲོད་པའི་ནད་རྟགས་རྣམས་རྒྱུན་མཐུད་དེ་ཡོད་པ་ཡིན་ན། རང་ཉིད་ཀྱི་འདོད་མོས་ལྟར་ཕྱི་ལུགས་སམ་
བོད་ལུགས་སྨན་པར་བསྟེན་གཏུགས་བྱ་དགོས་པ་ལས་རང་ཉིད་ནས་གང་བྱུང་དུ་སྨན་རིགས་བསྟེན་མི་རུང་།
༥། རྒྱུན་དུ་བོད་སྨན་མཆོད་བཞིན་པ་རྣམས་ནས་ཉིན་གསུམ་རིང་མཆོད་མི་རུང་།
སྨན་རྩིས་ཁང་། (གསོ་བ་རིག་པ་) ནས། ཕྱི་ལོ་ ༢༠༢༡ ཟླ་བ་ ༢ ཚེས་ ༩ ལ།
མཐའ་མའི་འདོན་ཐེངས་།: 18.02.2021 ཉིན། 4:41 PM
<< སྔ་མ།