ཉི་མ་ནག་ཆེན་ནམ་ངན་པ་དགུ་འཛོམས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.01.2014 |
ཉི་མ་ནག་ཆེན་ནམ་ངན་པ་དགུ་འཛོམས།
བོད་ཀྱི་སྨན་རྩིས་ཁང་
རྩིས་དགེ་དཀོན་ཅོག་བསྟན་འཛིན།
ཨོཾ་བདེ་ལེགས་སུ་གྱུར་ཅིག །
ཨེ་དབྱིངས་ཞི་བ་ཆེན་པོའི་མཁའ་ཀློང་དུ། །
ཝཾ་ཡིག་བདེ་ཆེན་ཡེ་ཤེས་འོད་སྟོང་འབར། །
བདེ་སྟོང་ཟུང་འཇུག་དུས་ཀྱི་འཁོར་ལོ་དང་། །
གཉིས་སུ་མེད་པ་བསྟན་འཛིན་རྒྱ་མཚོར་འདུད། །
ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ་གཙུག་ལག་འབྱུང་རྩིས་ལས་ཡོངས་ཁྱབ་ཏུ་གྱུར་བ་ངན་པ་དགུ་འཛོམས་སྐོར་ཅུང་ཟད་གླེང་བར་བྱ་བ་ནི། །དང་པོ་ <<བཻ་དཀར་ས་བདག་ལེའུ་>>ལས། ཉི་མ་ནག་ཆེན་ཞེས་གྲགས་པ། །ཡ་བདུད་རྡོ་རྗེ་གློག་ཕྲེང་དང་། །ས་སྲིན་འབར་མ་ཞེས་བྱ་བ། །བུ་ནི་རཱ་ཧུ་ལ་ཞེས་དང་། །བུ་མོ་འབྲོག་སྲིང་ཆུ་སྲིན་གདོང་། །དེ་འོག་སྟག་སྲིང་ཟོར་གདོང་དང་། །དེ་འོག་ཀོང་སྲིང་བ་ཡང་གདོང་། །ཆུང་བ་བམ་སྲིང་དྲེད་གདོང་བཞི། །དེ་ནས་རཱ་ཧུ་རི་རབ་ལ། །གཡས་བསྐོར་བམ་སྲིང་གཡོན་བསྐོར་བས། །དཔྱིད་རའི་ཚེས་བདུན་མནོལ་ཤོར་དུས། །དེ་ལ་ངན་པ་དགུ་འཛོམས་ཞེས། །འོག་རླུང་སྟེང་དང་སྟེང་རླུང་འོག།ཐད་རླུང་འཁྱུགས་ཤིང་འབྱུང་ལྔ་འཁྲུགས། །བཙན་དུག་ལྟ་བུའི་ཉི་འཆར་ཞེས། །རྣམ་པ་དགུ་རུ་འདྲེན་པ་ཡང་།། །ཡང་དག་དོན་གྱི་སྙིང་པོ་རུ། །ངན་པའི་མང་ཚིག་དགུ་ཉིད་དག །ངན་པ་ཐ་ཆད་མིང་དུ་འདོད། །དཔྱིད་འབྲིང་བཅུ་བཞི་སྐྱེས་དུས་དང་། །དཔྱིད་ཐའི་ཉེར་གཅིག་རྡོལ་བའི་དུས། །དབྱར་རའི་ཚེས་བརྒྱད་སྟག་སྲིང་མནོལ། །དབྱར་འབྲིང་བཅུ་དྲུག་ཁྲག་གྲོད་སྐྱེས། །དབྱར་ཐའི་ཉེར་བཞི་གྲོད་པ་རྡོལ། །སྟོན་རའི་དགུ་ལ་གོང་སྲིང་མནོལ། །སྟོན་འབྲིང་བཅོ་བརྒྱད་ལྕགས་གྲོད་སྐྱེས། །ཐ་མའི་ཉེར་བདུན་གྲོད་པ་རྡོལ། །དགུན་རའི་ཚེས་བཅུར་བམ་སྲིང་མནོལ། །འབྲིང་པོའི་ཉི་ཤུར་ཆུ་གྲོད་སྐྱེས། །ཐ་ཆུང་གནམ་གང་ལྐུགས་པ་རྡོལ། །སྤྱིར་ན་ཤི་གསོན་བྱ་ལས་ངན། །ཁྱད་པར་ནོར་རྫས་ཕྱིར་གཏོང་དང་། །དབང་རབ་བག་མ་མཁར་ལས་དང་། །དགེ་བཤེས་ཆེ་འདོན་དུར་གདབ་ཚོང་། །དགེ་ལས་དཀར་པོའི་ཕྱོགས་མི་བྱ། །ངན་ཐབས་དག་ལ་དེ་དང་བསྟུན། །ཁྱད་པར་དམིགས་གསལ་ཟླ་འབྲས་ལྟར། །འཛེམས་པ་གཅེས་སོ་ཤེས་ལྡན་དག །ཅེས་པ་ནི་ཉི་ནག་ཅེས་པ་འབྱུང་རྩིས་རིག་པ་ལས་གསུངས་པའི་ས་བདག་གི་རྒྱུ་དུས་ཞིག་ཡིན་ཅིང༌། དེ་ཡང༌ས་བདག་གིས་སྦྱོར་བ་ངན་པ་རྩོམ་པའི་རྐྱེན་གྱིས་ཕྱི་ནང་སྣོད་བཅུད་ཀྱི་འབྱུང་བ་འཁྲུག་པ་སོགས་ངན་པ་ཆེར་འབྱུང་བའི་ཕྱིར་ངན་པ་དགུ་འཛོམས་དང་ཉི་མ་ནག་ཆེན་ཞེས་འབོད། སྤྱིར་ངན་པ་དགུ་འཛོམས་ཞེས་པའི་ཐ་སྙད་འདི་ནི་རང་ཅག་བོད་མིའི་སྤྱི་ཚོགས་ནང་དར་ཁྱབ་དུ་སོང་ཟིན་པའི་རྟེན་འབྲེལ་རྩིས་རིག་པ་ལས་བྱུང་བའི་ཐ་སྙད་ཅིག་ཡིན་སྟབས། རང་ཅག་རྒན་གཞོན་ཕལ་མོ་ཆེས་གོ་མྱོང་ཡོད་ལ་འདི་འཆར་བའི་དུས་སུ་དམིགས་བསལ་ལས་དོན་བྱ་དགོས་རིགས་ལ་དོགས་ཟོན་དུས་ད་ལྟའང་བྱེད་བཞིན་ཡོད། འོན་ཀྱང་རྩིས་གཞུང་ལས་བསྟན་པའི་འདོད་ཚུལ་དངོས་གང་ཡིན་དང་དེར་དགོས་པ་གང་ཡོད་མཁྱེན་མཁན་ཤིན་ཏུ་ཉུང་ལ། ལ་ལ་ཞིག་ནི་སྔོན་བྱུང་གཏམ་རྒྱུད་ཀྱི་ཚིག་ཙམ་ལས་ཤེས་མཁན་མེད་པས་སྐབས་འདིར་ཕྱི་ས་བདག་མནོལ་ལུགས་ལུང་དུ་དྲངས་ཏེ་དུས་ངན་ངོས་འཛིན་ཚུལ་དང༌། ནང་དངོས་དོན་རྩིས་རིག་པ་ལས་བྱུང་བའི་ཕྱི་ནང་དུས་ཀྱི་གྱུར་ཁྱད་གང་ཡིན་སོ་སོར་གླེང་བ་ལ།
དེ་ཡང་འབྱུང་རྩིས་རིག་པ་ལས། ངན་པ་དགུ་འཛོམས་གྱི་དུས་འདི་ནི་ཡ་བདུད་རྡོ་རྗེ་གློག་ཕྲེང་དང་ས་སྲིན་འབར་མ་ཞེས་བྱ་བའི་གནམ་སའི་ས་བདག་ཕོ་མོ་གཉིས་འདུས་པ་ལས་བཙས་པའི་བུ་རཱ་ཧུ་ལ་དང༌། བུ་མོ་འབྲོག་སྲིང༌ཆུ་སྲིན་གདོང༌། སྟག་སྲིང༌ཟོར་གདོང༌། ཀོང་སྲིང༌བ་ལང་གདོང༌། བམ་སྲིང༌དྲེད་གདོང༌བཅས་བཞི་ཕྱི་རྐྱེན་ཡུལ་དུས་ཀྱིས་ངོ་མ་ཤེས་པར་རིམ་པར་མནོལ་བའི་ངན་འབྲས་ལས་འབྱུང་བར་འདོད། བུ་ཚ་མིང་སྲིང་དེ་དག་བཙས་པ་དང་ནམ་ཞིག་བུ་རཱ་ཧུ་རི་རབ་ལ་གཡས་བསྐོར་དུ་སོང་བ་དང༌། སྲིང་མོ་རྣམས་ཀྱང་རིམ་པར་རི་རབ་ལ་གཡོན་བསྐོར་དུ་སོང་བས། དཔྱིད་ཟླ་ར་བའི་སྟག་ཟླ་བོད་ཟླ་བཅུ་གཅིག་པའི་ཚེས་བདུན་ལ་རཱ་ཧུ་ལ་དང་བམ་སྲིང་ཐོག་མར་འཕྲད་པ་ངོ་མ་ཤེས་པར་མནོལ་ཤོར་བའི་རྐྱེན་གྱིས་སྟེང་འོག་ཕྱི་ནང་གི་རླུང་དང་འབྱུང་ལྔ་རྣམས་འཁྲུགས་ལ། བཙན་དུག་ལྟ་བུའི་ཉི་འོད་འཆར་བ་སོགས་ངན་པ་དུ་མ་བྱུང་བར་བརྟེན་ལོ་གཅིག་གི་ནང་ཉི་ནག་བཅུ་གཉིས་ཀྱི་ཐོག་མ་དེ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཉི་མ་ནག་ཆེན་ནམ་ངན་པ་དགུ་འཛོམས་མིང་བཏགས། དེ་རྗེས་དཔྱིད་འབྲིང་པོའི་ཡོས་ཟླ་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞིར་མནོལ་གྲོད་སྐྱེས་པ་དང༌། དཔྱིད་ཐའི་འབྲུག་ཟླ་དང་པོ་ཉེར་གཅིག་ལ་རྡོལ། དབྱར་རའི་སྦྲུལ་ཟླ་གཉིས་པ་ཚེས་བརྒྱད་ལ་སླར་བུ་མོ་སྟག་སྲིང་དང་འཕྲད་དེ་མནོལ་བ་དང༌། དབྱར་འབྲིང་རྟ་ཟླ་གསུམ་པ་བཅུ་དྲུག་ལ་ཁྲག་གྲོད་སྐྱེས། དབྱར་ཐའི་ལུག་ཟླ་བཞི་པ་ཉེར་བཞི་ལ་རྡོལ། སྟོན་རའི་སྤྲེལ་ཟླ་ལྔ་པའི་ཚེས་དགུ་ལ་བུ་མོ་ཀོང་སྲིང་དང་འཕྲད་དེ་མནོལ་བ་དང༌། སྟོན་འབྲིང་བྱ་ཟླ་བ་དྲུག་པའི་ཚེས་བཅོ་བརྒྱད་ལ་ལྕགས་གྲོད་སྐྱེས། སྟོན་ཐ་ཆུང་ཁྱི་ཟླ་བདུན་པའི་ཚེས་ཉེར་བཞི་ལ་རྡོལ། དགུན་ཟླ་ར་བ་ཕག་ཟླ་བརྒྱད་པའི་ཚེས་བཅུ་ལ་བུ་མོ་ཆུང་བ་བམ་སྲིང་དང་མནོལ། དགུན་ཟླ་འབྲིང་པོ་བྱི་ཟླ་དགུ་པ་ཉི་ཤུར་ཆུ་གྲོད་སྐྱེས། དགུན་ཟླ་ཐ་ཆུང་གླང་ཟླ་བཅུ་པ་སྟེང་ལ་རྡོལ་བ་ཡིན་པས་དུས་དེ་དང་དེར་སྔར་ལྟར་ཉེས་པ་ཆ་འདྲར་ཡོང་ཕྱིར། ཉི་ནག་ཅེས་བཏགས་པ་ལོ་གཅིག་ནང་ཁྱོན་ཉི་ནག་བཅུ་གཉིས་བྱུང་བ་དེ་དག་ཡིན་ནོ།
འདིར་ཁ་ཅིག་གིས་ངན་པ་དགུ་འཛོམས་ཞེས་པ་ནི་ཁྱིམ་བདག་དབྱིག་པ་ཅན་གྱི་ལོ་རྒྱུས་ནས་བྱུང་བ་ཡིན་ཞེས་བརྗོད་ཀྱང་དེ་ལྟར་མི་འཐད་དེ། ཁྱིམ་བདག་དབྱིག་པ་ཅན་ནི་བསྐལ་པ་འདིར་བྱུང་བ་མིན་ཅིང་། སྔོན་གྱི་འདས་པའི་བསྐལ་པ་ཞིག་ལ་བྱུང་བ་ལོ་རྒྱུས་ལ་གཟིགས་ན་ཐུབ། ངན་པ་དགུ་འཛོམས་ནི་འབྱུང་རྩིས་ལུགས་ཡིན་ལ་བསྐལ་པ་འདིར་བྱུང་བ་ཞིག་ཡིན། འོན་ཀྱང་ངན་པ་དགུ་འཛོམས་ཉིན་བཀྲ་མ་ཤིས་པ་མང་པོ་ཞིག་དབྱིག་པ་ཅན་ལའང་བྱུང་ཡོད་སྲིད་པས། བཀའ་འགྱུར་མདོ་སྡེའི་གྲས་མདོ་མཛངས་བླུན་ནང་ལེའུ་སོ་དགུར་དབྱིག་པ་ཅན་གྱི་ལོ་རྒྱུས་གསལ་ཡོད་པས་དེར་གཟིགས་ན་རྟོགས་ནུས་སོ།
གཉིས་པ། ངན་པ་དགུ་འཛོམས་འཆར་ཉིན་གྱི་དུས་ཚོད་ནི་བོད་ཀྱི་སྨན་རྩིས་ཁང་ནས་འདོན་སྤེལ་ཞུས་པའི་ལོ་ཐོ་རྒྱས་པའི་ནང་དུ་ངན་པ་དགུ་འཛོམས་སོགས་ཀྱི་འཆར་ཡུན་ཁ་གསལ་བཀོད་ཡོད་ཀྱང་། མང་པོ་ཞིག་གིས་ལོ་ཐོ་ལྟ་སྟངས་མི་ཤེས་པའི་དབང་གིས་དཔྱིད་རའི་ཚེས་དྲུག་ཉིན་ངན་པ་དགུ་འཛོམས་འཁེལ་བས་སྤྲོ་སྐྱིད་གཏོང་བ་དང་། དེའི་ཕྱི་ཉིན་བཟང་པོ་བཅུ་འཛོམས་འཁེལ་བས་ལས་ཀ་གལ་ཆེན་རིགས་འགོ་བརྩམས་པ་སོགས་ནི་རྩིས་རིག་པའི་དོན་མ་ཤེས་པ་ཡིན། བཟང་པོ་བཅུ་འཛོམས་ཞེས་པ་རྟེན་འབྲེལ་ཚུལ་དུ་ཁ་རྒྱུན་དུ་བཤད་སྲོལ་ཡོད་པ་ཙམ་ལས་བཟང་པོ་བཅུ་འཛོམས་ཞེས་རྩིས་གཞུང་ནང་དངོས་ཤུགས་གང་ལའང་གསལ་མེད། འོ་ན་ཉིན་གཉིས་རིང་གཞུང་འབྲེལ་གུང་སེང་གཏོང་སྲོལ་ཡོད་པ་དེ་ཅི་ཡིན་སྙམ་ན། ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་གི་ཉིན་ཕྱེད་ནས་ཚེས་བདུན་གྱི་ཉིན་ཕྱེད་བར་ངན་པ་དགུ་འཛོམས་འཁེལ་སྟབས་སྟེས་དབང་གིས་ཉིན་གཉིས་རིང་གཞུང་འབྲེལ་གུང་སེང་གཏོང་བ་ལས། ཉིན་སྔ་མ་ངན་པ་དགུ་འཛོམས་དང་ཕྱི་མ་བཟང་པོ་བཅུ་འཛོམས་སུ་བརྩིས་ནས་གུང་སེང་གཏོང་བ་ནི་ཅི་ནས་ཀྱང་མ་ཡིན་ནོ།
དགུ་འཛོམས་དུས་ངན་དེ་དག་འཕོ་མཚམས་ཇི་ལྟར་འཆར་ཚུལ་སྐོར་ཅུང་ཟད་གླེང་ན་དེ་ལྟར་ཏེ། ཞག་གི་ས་བདག་གནམ་ཁྱི་ཞེས་པ་ཚེས་ཞག་གཅིག་གི་ཡུན་ཚད་ལ་དབང་བའི་ས་བདག་ཡིན། འདིར་ཚེས་ཞག་དང་ཉིན་ཞག་ཁྱིམ་ཞག་ཞེས་པ་ནི།ཉིན་ཞག་གཅིག་གི་དུས་ཡུན་ལ་ད་ནང་གི་ནམ་ལངས་ལག་རིས་གསལ་བ་ནས་སང་ནམ་ལངས་ལག་རིས་གསལ་བའི་བར་དུ་སྐྱེས་བུ་ནད་མེད་བདེ་ཐང་དར་མ་ཞིག་གི་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་(༢༡༦༠༠)རྒྱུ་ཡི་ཡོད། དེ་སྐར་རྩིས་ཚོུད་ལ་བསྒྱུར་ན་ཚོུད་ ༦༠ ཡོང་བ་དེ་དང་ཕྱི་ལུགས་སུ་ཉིན་ཞག་གཅིག་གི་ཡུན་ལ་ལག་འཁོར་ཚོུད་ ༢༤ ཡོད་པ་གཉིས་དོན་ལ་ཁྱད་པར་མེད་པ་ཡིན།
ཚེས་ཞག་ནི་ཟླ་བ་ཧྲིལ་པོ་ཆ་བཅོ་ལྔར་བཏང་བས་ཆ་རེའི་འཕེལ་གྲིབ་ཀྱི་ཡུན་ལ་སྐར་རྩིས་ཀྱི་ཚོུད་ ༥༩ ལྷག་ཙམ་ཡོད། རྩིས་ཀྱི་ཚོུད་དེ་དག་ལག་འཁོར་ཚོུད་སྟེང་དུ་བསྒྱུར་ན་ཚོུད་ ༢༣ དང་སྐར་མ་ ༢༨ ཙམ་ཡོད། ཁྱིམ་ཞག་གཅིག་གི་ཡུན་ལ་ཉིན་ཞག་གཅིག་གི་ཡུན་ལས་རིང་ཞིང་སྐར་རྩིས་ཀྱི་ཚོུད་ ༦༠ ལྷག་འགྲོ་བ་དེ་ལག་འཁོར་ཚོུད་དུ་ཕབ་ན་ཚོུད་ ༢༤ དང་སྐར་མ་ ༢༡ སྐར་ཆ་ ༥ ཡོད། ལོ་ཐོའི་ནང་ཉིན་རེའི་གཟའ་དེ་ཉིན་ཞག་དང་བསྟུན་ནས་བརྩི་བ་དང་། ཚེས་གྲངས་ནི་ཚེས་ཞག་དང་བསྟུན་ནས་བརྩིས་པའི་ཉིན་ཞག་དང་ཚེས་ཞག་གཉིས་ཀྱི་དུས་ཚོད་རིང་ཐུང་མ་མཐུན་པའི་རྐྱེན་གྱིས་ཚེས་ལོངས་འཕེལ་བའི་སྐབས་སུ་ཚོུད་ ༦༤ ཙམ་ཡར་འཕེལ་བ་དང་། མར་གྲིབ་པའི་སྐབས་སུ་ཚོུད་༥༤ ཙམ་གྲིབ་སོགས་ཀྱི་ཚེས་གྲངས་ཆད་ལྷག་དང་ཟླ་བཤོལ་ས་བདག་སོགས་འཆར་བའི་དུས་ཚོད་མི་འདྲ་བ་སོགས་བྱུང་བ་ཡིན། གནམ་ལོ་ལྕགས་ཡོས་དཔྱིད་རའི་ཚེས་ ༧ ཉིན་གྱི་ངན་པ་དགུ་འཛོམས་འཆར་བ་དེ་དག་ལ་ཆ་བཞག་ན། ཚེས་ལོངས་ཀྱི་དབང་གིས་ཚེས་དྲུག་མིང་ཅན་གི་ཚེས་ལོངས་ཚོུད་ ༤༣ ཡོད་པ་དེ་ད་ནང་གི་ནམ་ལངས་ནས་བརྩམས་ཏེ་སྲོད་འཁོར་ཕག་གི་ལྔ་ཆ་གསུམ་དང་ལག་འཁོར་ཚོུད་ནི་དགོང་དྲོ་ཚོུད་ ༡༠ དང་སྐར་མ་༡༢ ་སྟེང་རྫོགས་ཟིན་པ་དང་། དེ་ནས་བར་མཚམས་མ་བཞག་པར་ལམ་སེང་ངན་པ་དགུ་འཛོམས་ཀྱི་ཉི་མ་འམ་ཚེས་བདུན་མིང་ཅན་གྱི་ཚེས་ལོངས་ ༦༤ ཡོད་པ་ལས་ཚོུད་༡༧ ཚེས་དྲུག་མིང་ཅན་གྱི་ནང་དུ་ཚང་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་འགོ་བརྩམས་ས་ནི་ཉིན་ཞག་སྔ་མའི་སྲོད་འཁོར་ཕག་གི་ལྔ་ཆ་བཞི་པ་ལག་འཁོར་དགོང་དྲོ་ཚོུད་ ༡༠ དང་སྐར་མ་ ༡༢ ནས་ལམ་སེང་ཚེས་བདུན་གྱི་ལོངས་སྤྱོད་འགོ་བརྩམས་པར་བརྟེན་ངན་པ་དགུ་འཛོམས་ཡང་དེ་དག་ནས་འགོ་བརྩམས་སྟེ་ཚེས་བདུན་མིང་ཅན་གྱི་ཚེས་ལོང་ ༤༧ མ་རྫོགས་ཀྱི་བར་དུ་འཆར་བ་ཡིན། །དེ་དག་འཆར་ཚུལ་གཤམ་འཁོད་རེའུ་མིག་ལ་བལྟས་ན་ཤེས་ཐུབ་པའོ།།
བོད་གནམ་ལོ་ལྕགས་ཡོས་ལོའི་དཔྱིད་ར་སྟག་ཟླའི་ཚེས་དྲུག་དང་བདུན་ཉིེན་གྱི་ཚེས་ཁྲ་དགེའོ།
|
|
ཚེས།༦
༠ ༢༡ ༡༦ ༡༡ ངན་པ་དགུ་འཛོམས་ཕག་གི་ལྔ་ཆ་བཞི་པ་ནས་
༤༣ ༢༡ ༤༡ ༢ ལག་འཁོར་ཕྱི་དྲོའི་ཚོུད་ ༡༠།༡༢ འགོ་བརྩམས།
༤༦ ༣༥ ༢༢ ༥༧
|
ཚེས།༧
༡༢༢ ༡༦ ༡༢ བྱིའི་ལྔ་ཆ་གཉིས་པར་ངན་པ་དགུ་འཛོམས་རྫོགས།
༤༧ ༡༥ ༤༦ ༡ ལག་འཁོར་ཕྱི་དྲོའི་ཚོུད་༡༡།༤༨ ཐོག་རྫོགས།
༥༨ ༥༤ ༤༢ ༧
|
ཚེས་ལོངས་ཀྱི་དབང་གི་ཚེས་དྲུག་གི་ཚེས་ལོངས་ཚོུད་༤༣ ཡོད་པ་དེ་ད་ནང་ནམ་ལངས་ནས་བརྩམས་སྟེ་སྲོད་འཁོར་ཕག་གི་ལྔ་ཆ་གསུམ་དང་ལག་འཁོར་ཚོུད་ནི་དགོང་དྲོ་ཚོུད་༡༠ དང་སྐར་མ་ ༡༢ སྟེང་རྫོགས་ཟིན་པས་དེ་མ་ཐག་ཏུ་ཚེས་བདུན་མིང་ཅན་གྱི་ཚེས་ལོངས་ ༦༤ ཡོད་པ་དེ་དག་ལས་ཚོུད་ ༡༧ ཚེས་དྲུག་མིང་ཅན་གྱི་ནང་དུ་འཚངས་ཡོད་པས་ཚོུད་ ༡༧ དེ་ཉིད་ཀྱང་སྲོད་འཁོར་ཕག་གི་ལྔ་ཆ་བཞི་དང་ལག་འཁོར་ཚོུད་ནི་དགོང་དྲོ་ཚོུད་ ༡༠ དང་སྐར་མ་ ༣༦ ་སྟེང་འགོ་བརྩམས་པའི་རྒྱུ་མཚན་ལ་བརྟེན་ནས་ངན་པ་དགུ་འཛོམས་ཡང་དེ་དག་ནས་འགོ་བརྩམས་སྟེ་ཚེས་བདུན་མིང་ཅན་གྱི་ཚེས་ལོངས་ ༤༧ ཡོད་པ་དེ་དག་ནམ་ཕྱེད་བྱི་བའི་ལྔ་ཆ་གཉིས་བར་དང་ལག་འཁོར་ཚོུད་ནི་དགོང་དྲོ་ཚོུད་ ༡༡ དང་སྐར་མ་ ༤༨སྟེང་རྫོགས་པ་ལྟ་བུ་གཤམ་འཁོད་རེའུ་མིག་ལྟར་ཡིན་པས་གཟིགས་པར་འཚལ།
|
ངན་པ་དགུ་འཛོམས་ཚེས་ལ་ཇི་ལྟར་འཆར་ཚུལ་གྱི་རེའུ་མིག
|
||||||||||||||||||||||||||||||
རྩིས་ཀྱི་དུས་ཚོད་བཅིུས།
|
ནམ་ལངས་ཡོས།
|
ཉི་ཤར་འབྲུག
|
ཉི་དྲོས་སྦྲུལ།
|
ཉིན་ཕྱེད་རྟ།
|
ཕྱེད་ཡོལ་ལུག
|
ཉི་མྱུར་སྤྲེལ།
|
||||||||||||||||||||||||
ལག་འཁོར་ཆུ་ཚོད་རགས་པ།
|
5-7a.m
|
7-9a.m
|
9-11a.m
|
11-1p.m
|
1-3p.m
|
3-5p.m
|
||||||||||||||||||||||||
ལྔ་ཆ་གང་ཡིན་གྱི་རེའུ་མིག
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
ཚེས་ཀྱི་ལོངས་སྤྱོད།
|
༤༣
|
༤༢
|
༤༡
|
༤༠
|
༣༩
|
༣༨
|
༣༧
|
༣༦
|
༣༥
|
༣༤
|
༣༣
|
༣༢
|
༣༡
|
༣༠
|
༢༩
|
༢༨
|
༢༧
|
༢༦
|
༢༥
|
༢༤
|
༢༣
|
༢༢
|
༢༡
|
༢༠
|
༡༩
|
༡༨
|
༡༧
|
༡༦
|
༡༥
|
༡༤
|
ངན་པ་དགུ་འཛོམས་ཚེས་ལ་ཇི་ལྟར་འཆར་ཚུལ་གྱི་རེའུ་མིག
|
||||||||||||||||||||||||||||||
རྩིས་ཀྱི་དུས་ཚོད་བཅིུས།
|
ཉི་ནུབ་བྱ།
|
ས་སྲོས་ཁྱི།
|
སྲོད་འཁོར་ཕག
|
ནམ་ཕྱེད་བྱི་བ།
|
ཕྱེད་ཡོལ་གླང།
|
ཐོ་རེངས་སྟག
|
||||||||||||||||||||||||
ལག་འཁོར་ཚོུད་རགས་པ།
|
5-7a.m
|
7-9a.m
|
9-11a.m
|
11-1p.m
|
1-3p.m
|
3-5p.m
|
||||||||||||||||||||||||
ལྔ་ཆ་གང་ཡིན་གྱི་རེའུ་མིག
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
ཚེས་ཀྱི་ལོངས་སྤྱོད།
|
༡༣
|
༡༢
|
༡༡
|
༡༠
|
༩
|
༨
|
༧
|
༦
|
༥
|
༤
|
༣
|
༢
|
༡
|
༦༤
|
༦༣
|
༦༢
|
༦༡
|
༦༠
|
༥༩
|
༥༨
|
༥༧
|
༥༦
|
༥༥
|
༥༤
|
༥༣
|
༥༢
|
༥༡
|
༥༠
|
༤༩
|
༤༨
|
|
ངན་པ་དགུ་འཛོམས་ཚེས་ལ་ཇི་ལྟར་འཆར་ཚུལ་གྱི་རེའུ་མིག
|
||||||||||||||||||||||||||||||
རྩིས་ཀྱི་དུས་ཚོད་བཅིུས།
|
ནམ་ལངས་ཡོས།
|
ཉི་ཤར་འབྲུག
|
ཉི་དྲོས་སྦྲུལ།
|
ཉིན་ཕྱེད་རྟ།
|
ཕྱེད་ཡོལ་ལུག
|
ཉི་མྱུར་སྤྲེལ།
|
||||||||||||||||||||||||
ལག་འཁོར་ཆུ་ཚོད་རགས་པ།
|
5-7a.m
|
7-9a.m
|
9-11a.m
|
11-1p.m
|
1-3p.m
|
3-5p.m
|
||||||||||||||||||||||||
ལྔ་ཆ་གང་ཡིན་གྱི་རེའུ་མིག
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
ཚེས་ཀྱི་ལོངས་སྤྱོད།
|
༤༧
|
༤༦
|
༤༥
|
༤༤
|
༤༣
|
༤༢
|
༤༡
|
༤༠
|
༣༩
|
༣༨
|
༣༧
|
༣༦
|
༣༥
|
༣༤
|
༣༣
|
༣༢
|
༣༡
|
༣༠
|
༢༩
|
༢༨
|
༢༧
|
༢༦
|
༢༥
|
༢༤
|
༢༣
|
༢༢
|
༢༡
|
༢༠
|
༡༩
|
༡༨
|
གསལ་བཤད།
|
ཚེས་བདུན་གྱི་མིང་ཅན་གྱི་ཚེས་ལོངས།
|
ངན་པ་དགུ་འཛོམས་ཚེས་ལ་ཇི་ལྟར་འཆར་ཚུལ་གྱི་རེའུ་མིག
|
||||||||||||||||||||||||||||||
རྩིས་ཀྱི་དུས་ཚོད་བཅིུས།
|
ཉི་ནུབ་བྱ།
|
ས་སྲོས་ཁྱི།
|
སྲོད་འཁོར་ཕག
|
ནམ་ཕྱེད་བྱི་བ།
|
ཕྱེད་ཡོལ་གླང།
|
ཐོ་རེངས་སྟག
|
||||||||||||||||||||||||
ལག་འཁོར་ཚོུད་རགས་པ།
|
5-7a.m
|
7-9a.m
|
9-11a.m
|
11-1p.m
|
1-3p.m
|
3-5p.m
|
||||||||||||||||||||||||
ལྔ་ཆ་གང་ཡིན་གྱི་རེའུ་མིག
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
༡
|
༢
|
༣
|
༤
|
༥
|
ཚེས་ཀྱི་ལོངས་སྤྱོད།
|
༡༧
|
༡༦
|
༡༥
|
༡༤
|
༡༣
|
༡༢
|
༡༡
|
༡༠
|
༩
|
༨
|
༧
|
༦
|
༥
|
༤
|
༣
|
༢
|
༡
|
བྱིའི་ལྔ་ཆ་གསུམ་ནས་ཚེས་བརྒྱད་མིང་ཅན་གྱི་ཚེས་ལོངས་འཆར།
|
||||||||||||
གསལ་བཤད།
|
ཚེས་བདུན་མིང་ཅན་གྱི་ཚེས་ལོངས་ ༤༧ དེ་དག་ད་ནང་ནམ་ལངས་ནས་འགོ་བརྩམས་སྟེ་ནམ་ཕྱེད་བྱི་བའི་ལྔ་ཆ་གཉིས་པ་འམ་ལག་འཁོར་ཚོུད་༡༡ དང་སྐར་མ་ ༤༨ ཐོག་རྫོགས་པ་ལྟ་བུ།
|
གསུམ་པ་བཅོས་ཐབས་ནི། སྤྱིར་ཉི་ནག་ཀུན་ལ་སྤང་བྱའི་ལས་རིགས་ནི། །སྤྱིར་གཤིན་གསོན་བྱ་ལས་དང་ཁྱད་པར་དུ་ནོར་རྫས་ཕྱིར་གཏོང་དང་། །དབང་རབ་བག་མ་མཁར་ལས་དང་དགེ་བཤེས་ཆེར་འདོན། དུར་གདབ་ཚོང་ལས་དང་དགེ་ལས་དཀར་པོའི་ཕྱོགས་ཀྱི་ལས་མི་བྱ། གལ་ཏེ་ཉམས་ན་སྒྲིབ་བཅོས་ནི། ཁ་སྨྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་བཀའ་མི་སྒྲོག གཞན་ཡང་<<བཻ་དཀར་>> ལས། ཟླ་ནག་ཉི་ནག་སྒྲིབ་པ་ན། །དར་དཀར་རས་དཀར་ཁ་ཚར་ནི། །མ་ཉམས་འཕྱར་ཞིང་དཀར་གསུར་གཏང་། །གཡག་ལུག་མགོ་དཀར་དར་བརྒྱན་སྒྲིབ། །ཆུ་གཏོར་གཏང་ཞིང་གཟུངས་བསྡུས་སྒྲོགས། །དར་དཀར་ཡང་ན་རྐྱལ་པ་གོག་པོ་རུ། །མི་ལྡོགས་རང་ཐག་ལྟེ་ཕྱེ་དང་། །ཉུང་སྦང་ཐལ་བ་ཤིང་བུ་སོགས། །མི་ཁའི་ཟས་བླུགས་ལམ་གསུམ་མདོར། །ཉི་ནག་སྐྱོན་ཟློག་བརྗོད་ལ་བསྐྱུར། །ས་གཏོར་རྡོ་གཏོར་བྱ་བ་དང་། །ཕྱི་མིག་མི་བལྟ་བྲོས་པས་ཐུབ། །ཅེས་གསུངས་པ་བཞིན་བྱ་རྒྱུ་ཡིན་ནོ།།
སླར་སྨོན་པ། པད་རྩ་ལྟར་ཕྲའི་སྐྱེས་སྦྱངས་ཡོན་ཏན་གྱིས། །མ་རྟོག་ལོག་བཤད་འཁྲུལ་བའི་དྲི་མ་ཀུན། །བདག་གི་དུས་གསུམ་སྡིག་དང་ལྷན་གཅིག་ཏུ། །དྲན་དབང་དམ་པ་རྣམས་ཀྱི་སྤྱན་སྔར་བཤགས། །དཔྱིད་ཟླར་འགྲན་བཟོད་ལྷག་པའི་བསམ་པ་ཡིས། །བྲིས་འདིར་དགེ་ཚོགས་ཕྲ་མོའི་ཆ་ཅི་མཆིས། །རྒྱལ་བསྟན་དར་ཞིང་དེ་འཛིན་སྐྱེས་ཆེན་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་ཕྱིར་བསྔོ། །བླང་དོར་གནས་ཀུན་ཇི་བཞིན་གསལ་བ་ཡི། །རྩིས་རིག་དཀར་ནག་དབྱངས་གསུམ་སྣང་བའི་གཏེར། །ནམ་ཡང་ཆུ་ལྷའི་ཕང་དུ་མ་བཞུད་པར། །གངས་ཅན་རིག་གནས་རྒྱན་དུ་གནས་གྱུར་ཅིག །
འབྲེལ་ཡོད་རྩོམ་ཡིག་གཞན།
མཐའ་མའི་འདོན་ཐེངས་།: 08.01.2014 ཉིན། 12:34 PM
<< སྔ་མ།