སྨན་རྩིས་དྲ་བ། - མདུན་ངོས།

ཆེས་ཡིད་སྐྱོའི་གནས་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.11.2019
མདུན་ངོས། >>


ཆེས་ཡིད་སྐྱོའི་གནས་ཚུལ། སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་དགོངས་པ་གཤེགས་པ།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཞོགས་པ་ཐོ་རེངས་ཚོུད་ ༢ དང་སྐར་མ་ ༥༢ ཐོག་ྋསྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་བཞུགས་སྒར་དྷ་རམ་ས་ལར་རང་ཤག་ཏུ་དགུང་གྲངས་ ༩༢ ཐོག་སྐུ་གཤེགས་པའི་ཆེས་ཡིད་སྐྱོའི་གནས་ཚུལ་ཐོན་འདུག


                དམ་པ་ཁོང་ནི་ཐོག་མར་རྒྱ་གར་དུ་༡༩༥༩ ལོར་བཙན་བྱོལ་དུ་འབྱོར། སྤྱི་ལོ་༡༩༦༠ ལོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་མི་བཙན་བྱོལ་བ་འདུས་སྡོད་ས་ཁུལ་ཞིག་ཏུ་འཚམས་གཟིགས་ཀྱིས་བཀའ་སློབ་གནང་སྐབས། དེ་སྔ་ལྷ་ས་སྨན་རྩིས་ཁང་ནས་ཐོན་པ་གོང་དཀར་བཤད་སྒྲུབ་གླིང་གི་སྨན་པ་ཡེ་ཤེས་དོན་ལྡན་ལགས་སུའང་ཞལ་མཇལ་གྱི་སྐལ་བཟང་ཐོབ་པ་མ་ཟད་ཡོངས་འཛིན་རྣམ་པ་གཉིས་ལ་གསོལ་སྨན་སྦྱོར་བཟོའི་ཞབས་ཞུ་དང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་དུ་ལྷ་ས་སྨན་རྩིས་ཁང་ཕྱག་བཏབ་ཡོད་པ་བཞིན་ལྷ་ལྡན་སྨན་རྩིས་ཁང་གི་ངོ་ཚབ་ལྟ་བུ་ཞིག་སླར་གསོ་དགོས་པའི་བཀའ་བསྩལ་དང་འབྲེལ་ཁོང་དྷ་སར་བཀའ་བཀུག་གིས་བོད་གཞུང་སྨན་རྩིས་ཁང་གི་རྨང་རྩ་གསར་འཛུགས་གནང་། སྐབས་དེ་དུས་ཆོས་དོན་ལྷན་ཁང་གིས་སྟངས་འཛིན་འོག་དམ་པ་ཁོང་སྨན་དགེ་ཆེན་མོ་དང་། ནད་པར་བརྟག་དཔྱད་སྨན་སྦྱིན། སྨན་སྦྱིན་ཁང་གི་འགན་འཛིན་བཅས་ཀྱི་ལས་དོན་ཡོད་ཚད་ཀྱི་འགན་འཁུར་བར་བསྐོ་བཞག་གནང་། ༡༩༦༡ ནས་ ༡༩༦༧ བར་སྨན་རྩིས་ཁང་གི་འགན་འཛིན་གནང་། མདོར་ན་ད་བར་བོད་ཀྱི་གསོ་རིག་སྨན་བཅོས་ཀྱི་ཐབས་ལ་བརྟེན་ནས་མི་ལོ་༦༠ རིང་མི་རིགས་འདྲ་མིན་གྱི་ནད་པ་ཉམ་ཐག་གྲངས་ལས་འདས་པར་སྨན་བཅོས་བརྟག་དཔྱད་གནང་ཡོད། ལྷག་པར་དུ་བཅོས་དཀའ་བའི་འབྲས་ནད་དང་གཉན་ནད་རེག་དུག་འགོག་བཅོས་སོགས་ལ་དམིགས་བསལ་ཕན་ནུས་ཆེན་པོ་བྱུང་ཡོད་པར་བརྟེན། སྤྱི་ལོ་ ༢༠༡༨ ལོར་རྒྱ་གར་གཞུང་གི་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་ཞེས་པ་དེ་ཁོང་ལ་གནང་པ་རེད། འོན་ཀྱང་ཆེས་ཡིད་སྐྱོ་བ་ཞིག་ལ་དམ་པ་ཁོང་སྐུ་གཤེགས་པར་འདི་ག་སྨན་རྩིས་ཁང་གི་སྨན་རྩིས་ལས་སློབ་ཡོངས་ཀྱིས་མྱ་ངན་གུས་བཏུད་ཀྱིས་སྨོན་ལམ་ཚོགས་སོང་བ་བཅས།


མཐའ་མའི་འདོན་ཐེངས་།: 03.01.2020 ཉིན། 2:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།