གློ་ཚད་རིམས་ནད་གསར་པའི་འགོག་ཐབས་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.01.2020 |
༄༅། ཏོག་དབྱིབས་ནད་དུག་ལས་བསླངས་པའི་གློ་ཚད་རིམས་ནད་གསར་པའི་འགོག་ཐབས་སྐོར།
- ཉམས་ཞིབ་སྡེ་ཚན།
དང་པོ། གློ་ཚད་རིམས་ནད་གསར་པ་འདི་དར་ཁྱབ་འབྱུང་ཚུལ།
- ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༣༡ ཉིན་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་དུ་ངོས་མ་ཟིན་པའི་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཞིག་ཐོག་མར་ཐོ་འགོད་ར་སྤྲོད་བྱུང་བའི་རྗེས། ཕྱི་ལོ་ ༢༠༢༠ ཟླ་བ་ ༡ ཚེས་ ༨ ཉིན་དངོས་སུ་ཏོག་དབྱིབས་ཅན་གྱི་ནད་དུག་ལས་བསྐྱེད་པའི་གློ་ཚད་གསར་པ་ཞིག་ཏུ་ངོས་འཛིན་བྱས།
- ཨ་རིའི་ནད་འགོག་སྟངས་འཛིན་ལྷན་ཁང་གིས་ཟླ་ ༡ ཚེས ༢༨ ཉིན་གནས་ཚུལ་གསར་སྤེལ་ལྟར་ན། ནད་དུག་འདི་རྒྱ་ནག་ནང་དུ་དར་ཁྱབ་བྱུང་ནས་ད་བར་མི་གྲངས་ ༡༠༦ ༼ཐོག་མའི་འབྱུང་ཁུངས་ཝུའུ་ཧན་གྲོང་ཁྱེར་གྱི་མི་གྲངས་ ༣༨ དང་། གཞན་ནས་མི་གྲངས་ ༣༽ གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། མི་གྲངས་ ༤༥༡༥ ལ་ནད་དུག་འགོས་པར་ར་སྦྲོད་བྱས།
- ད་ཆ་རྒྱ་ནག་ཙམ་མིན་པར་རྒྱལ་ཁབ་གཞན་ཨ་རི་དང་། ཨོ་སི་ཀྲིལི་ཡ། ཧྤ་རན་སི། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཤས་ནང་དུའང་ནད་དུག་འདི་དར་ཁྱབ་སོང་བར་བརྟེན། རྒྱལ་སྤྱི་དང་ལྷག་པར་རྒྱ་ནག་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་འཇགས་ཐོག་ལ་དཀའ་ངལ་ཚབས་ཆེན་ཞིག་ཏུ་འགྱུར་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༧ བར་རྒྱ་ནག་ཕུད་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་དར་ཁྱབ་གཏན་འཁེལ་བྱུང་པའི་རྒྱལ་ཁབ་ཁག
གཉིས་པ། གློ་ཚད་རིམས་ནད་གསར་པའི་རྒྱུ་རྐྱེན།
ད་ཐེངས་རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནས་དར་ཁྱབ་བྱུང་བའི་གློ་ཚད་ཀྱི་ནད་ཡམས་གསར་པ་འདི། ཏོག་དབྱིབས་ནད་དུག་ (Coronavirus) ཁོངས་སུ་གཏོགས་པ་དང་། དེ་ལ་རིགས་ཀྱི་དབྱེ་ན་བཞི་ཡོད་པར་བཤད། ནད་དུག་འདི་མིའི་རིགས་ལ་ཐོག་མར་ཕྱི་ལོ་ ༡༩༦༠ དཀྱིལ་དུ་འགོས་ཡོད་པ་དང་། མི་ལ་འགོ་སྲིད་པའི་ཏོག་དབྱིབས་ནད་འབུ་རིགས་མི་འདྲ་བ་བདུན་ངོས་འཛིན་བྱས། ཉེ་དུས་ཝུའུ་ཧན་ནས་བྱུང་བའི་ནད་འབུ་འདི་ལ་ 2019 Novel Coronavirus (2019-nCov) ཞེས་མིང་གསར་དུ་བཏགས། ད་བར་འཛམ་གླིང་ནང་དུ་ནད་འདི་ལ་སྨན་བཅོས་དང་སྔོན་འགོག་སྨན་ཁབ་ཅི་ཡང་གསར་བཟོ
ཏོག་དབྱིབས་ནད་དུག (Coronavirus)
མིའི་རིགས་ལ་འགོ་སྲིད་པའི་ཏོག་དབྱིབས་ནད་དུག་རིགས་མི་འདྲ་བ་བདུན།
༡། 229E (Alpha coronarivus)
༢། NL63 (Alpha coronavirus)
༣། OC43 (Beta coronavirus)
༤། HKU1 (Beta coronavirus)
༥། MERS-Cov (Beta coronavirus)
༦། SARS-Cov (Beta coronavirus)
༧། 2019 Novel coronavirus (2019-nCov)
གསུམ་པ། ནད་དུག་འདིའི་འབྱུང་ཁུངས།
ནད་དུག་འདིའི་འབྱུང་ཁུངས་ཐད་ལ་ད་དུང་གསལ་པོར་ཤེས་རྟོགས་ཐུབ་མེད་ནའང་། འབྲེལ་ཡོད་མང་པོ་ཞིག་གིས་འདི་ནི་དུད་འགྲོ་ནས་མིར་འགོས་པར་དོགས་པ་བྱེད་བཞིན་ཡོད། ཉེ་ལམ་ཚན་རིག་པས་ནད་དུག་འདིའི་རིགས་རྫས་ལ་བརྟག་ཞིབ་བྱས་སྐབས་འདི་ནི་སྦྲུལ་ནས་བྱུང་བའི་གྲུབ་དོན་སྤེལ་བ་ཡིན་ཡང་མཁས་པ་འགའ་ཞིག་གིས་དེར་དགག་བྱ་བྱས་ཡོད།
བཞི་པ། ནད་དུག་འདིའི་ནད་རྟགས།
- སྣ་ཆུ་མང་པོ་ཐོན་པ།
- མགོ་ན་བ།
- སྐམ་གློ་རྒྱག་པ།
- དབུགས་འཚང་བའམ་འབྱིན་རྔུབ་དཀའ་བ།
- གྲེ་བ་མི་བདེ་བ།
- ཚ་བ་རྒྱས་པ་སོགས་འབྱུང་བ་ཡིན།
གལ་ཏེ་ནད་རྟགས་འདི་རིགས་མངོན་པའི་ནད་པ་ཡོད་ཚེ་གང་མྱུར་སྨན་པ་བསྟེན་གཏུགས་ཀྱིས་ཏོག་དབྱིབས་ནད་དུག་ཡིན་མིན་བརྟག་དཔྱད་ནན་པོ་བྱ་དགོས། ལྷག་པར་རང་ཉིད་ཉེ་དུས་ས་ཕྱོགས་གང་དུ་བསྐྱོད་ཡོད་པ་དང་ཟས་སྤྱོད་ཇི་ལྟར་བསྟེན་པའི་སྐོར་སྨན་པར་གསལ་པོ་གསུངས་དགོས་པ་གལ་ཆེ།
ལྔ་པ། ནད་དུག་གི་འགོ་ལམ།
ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་པའི་ནད་པ་གཅིག་ནས་གཞན་ལ་འགོ་ཚུལ་ནི།
- ནད་པས་གློ་དང་སྦྲིད་པ་རྒྱག་སྐབས་ནད་དུག་དེ་མཁའ་རླུང་ནང་ཁྱབ་པ་ཡིན།
- ནད་པར་འབྲེལ་འདྲིས་དང་ལག་པ་གཏོང་བ་སོགས་བྱེད་པ།
- ནད་དུག་ཡོད་པའི་ཅ་དངོས་ལ་ལག་པས་རེག་རྗེས་མ་བཀྲུས་པར་རང་གི་ཁ་དང་སྣ་མིག་ལ་རེག་པ།
- ནད་པའི་བཤང་གཅིའི་བརྒྱུད་ནས་ཀྱང་འགོ་སྲིད་པར་བཤད།
དྲུག་པ། གློ་ཚད་གསར་པ་འདིའི་སྔོན་འགོག་བྱ་ཐབས།
ད་ལྟའི་ཆར་ནད་འདི་འགོག་པ་དང་བཅོས་ཐུབ་པའི་སྨན་ཁབ་སོགས་གསར་བཟོ་ཐུབ་མེད་སྟབས་ཚང་མས་སྔོན་འགོག་ཐད་ལ་དོ་སྣང་བྱེད་དགོས། ནད་དུག་འདི་ལ་སྔོན་འགོག་བྱ་ཐབས་ནི།
- དུས་རྒྱུན་ཏུ་ལག་པ་དག་རྫས་ཀྱིས་གཙང་མ་བཀྲུས་དགོས།
- མི་ཚོགས་སམ་ས་ཕྱོགས་གང་དུ་འགྲོ་སྐབས་ནད་དུག་འགོག་པའི་ཁ་རས་ (N95) བདེ་སྤྱོད་བྱེད་པ།
- ནད་དུག་འདི་ཕོག་པའི་ནད་པའི་ཕྱོགས་སུ་འགྲོ་འདུག་འཛེམ།
- ལག་པ་མ་བཀྲུས་པར་ཁ་དང་སྣ་མིག་སོགས་ལ་འཕུར་བ་དང་རེག་པ་སོགས་མི་བྱེད་པ་གལ་ཆེའོ།།
མཐའ་མའི་འདོན་ཐེངས་།: 29.01.2020 ཉིན། 3:27 PM
<< སྔ་མ།