སྨན་རྩིས་དྲ་བ། - མདུན་ངོས།

གུ་རུ་ཀུལ་སློབ་ཕྲུག་ལ་བོད་ཀྱི་སྨན་རྩིས་རིག་པའི་གོ་རྟོགས་སྤེལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.07.2024
མདུན་ངོས། >>


གུ་རུ་ཀུལ་སློབ་ཕྲུག་ལ་བོད་ཀྱི་སྨན་རྩིས་རིག་པའི་གོ་རྟོགས་སྤེལ།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༦ ཉིན་གོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པས་(Foundation for Universal Responsibility of His Holiness the Dalai Lama: FURHHDL) གོ་སྒྲིག་འོག་གུ་རུ་ཀུལ་ལས་རིམ་ (Gurukul Programme) མཚན་ཐོག་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་རྒྱ་གར་བ་སློབ་ཕྲུག་ ༣༢ བཞུགས་སྒར་དྷ་སར་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་། རིག་གཞུང་། གོམས་གཤིས་སོགས་ལ་གོ་རྟོགས་འཕེལ་ཕྱིར་ཕེབས་པའི་མཛད་རིམ་ནང་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུའང་གཟིགས་སྐོར་ལ་ཕེབས་ཡོད།

ཁོང་རྣམ་པ་ཐོག་མར་རང་རེའི་སྨན་སྦྱོར་ཁང་དང་སྤུས་ཚད་སྟངས་འཛིན་སྡེ་ཚན་ལ་ཕེབས་སྐབས་སྨན་པ་རྡོ་རྗེ་ཚེ་རིང་ལགས་ནས་སྨན་སྦྱོར་ཁང་ངོ་སྤྲོད་དང་འགྲེལ་བཤད་གནང། དེ་བཞིན་སྤུས་ཚད་སྟངས་འཛིན་འགན་འཛིན་བསྟན་འཛིན་ནོར་ལྷ་ལགས་ཀྱིས་སྤུས་ཚད་སྟངས་འཛིན་སྡེ་ཚན་གྱི་རྒྱུན་ལྡན་ལས་གཞི་ངོ་སྤྲོད་གནང་ཡོད།

དེ་ནས་མཐོ་སློབ་ཚོགས་ཁང་དུ་ཉམས་ཞིབ་སྡེ་ཚན་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་དང་། སྐར་རྩིས་པ་བསྟན་འཛིན་བློ་ལྡན་ལགས་གཉིས་ནས་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་ངོ་སྤྲོད་གཏམ་བཤད་གནང་བས་སློབ་ཕྲུག་རྣམས་དོ་སྣང་ཆེན་པོས་དྲི་བ་དྲིས་ལན་བརྒྱུད་བོད་ཀྱི་སྨན་རྩིས་རིག་པའི་སྐོར་མཁྱེན་རྟོགས་ཟབ་ཏུ་ཕྱིན་ཡོད།

དེ་རྗེས་མཐོ་སློབ་ཚོགས་ཁང་རང་དུ་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་སྨན་པ་ལྔ་ནས་སློབ་ཕྲུག་ཚོར་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་ཕྱག་རྩ་བརྟག་དཔྱད་དང་སྨན་བཅོས་བྱས་ཤིང་། མཐར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགྲེམས་སྟོན་ལ་གཟིགས་སྐོར་ཕེབས་ཏེ་མཛད་རིམ་དོན་དང་མཐུན་པར་མཇུག་སྒྲིལ་བ་རེད།།











མཐའ་མའི་འདོན་ཐེངས་།: 05.08.2024 ཉིན། 11:15 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།