སྨན་རྩིས་དྲ་བ། - མདུན་ངོས།

གསར་འགོད་གསལ་བསྒྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.02.2020
མདུན་ངོས། >>


གསར་འགོད་གསལ་བསྒྲགས།
 

 

སྤྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༡ སྔ་དྲོ་ཆུ་ཚོད་༡༠།༤༥ ཐོག་དྷ་ས་དབུས་སྨན་རྩིས་ཚོགས་ཁང་དུ་རྒྱ་གར་གྱི་བྱང་ཤར་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་(Manipur international Univesity) རིགས་བདག་སྐུ་ཞབས་ཧ་རི་ཀུ་མར་པཱ་ལ་ཐ་ཊཀཱ(Harikumar Pallathdka)མཆོག་དང་དབུས་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་ཚེ་རིང་བཀྲ་ཤིས་རྣམ་གཉིས་ནས་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་དང་སྨན་རྩིས་ཁང་གཉིས་མཉམ་འབྲེལ་ཐོག་མ་ནི་པུར་རྒྱལ་སྤྱིའི་སློབ་གཉེར་ཁང་དུ་གསོ་རྩིས་རིག་པའི་སློབ་གཉེར་ཚན་པ་ཞིག་གསར་འཛུགས་གནང་རྒྱུའི་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་མོས་མཐུན་གན་ཡིག་(MOU)ཞིག་འཇོག་གནང་སོང་། དེ་ཡང་མཉམ་ལས་ཀྱི་ལས་གཞི་འདིའི་ཐོག་MIU་ནས་དཔལ་འབྱོར་གྱི་མཐུན་འགྱུར་དང་སྨན་རྩིས་ཁང་ནས་ཆེད་ལས་མི་སྣ་སོགས་མིའི་ནུས་ཤུགས་ཀྱི་མཐུན་འགྱུར་སྦྱོར་རྒྱུའི་ཐག་གཅོད་བྱུང་འདུག

ད་ལྟའི་ཆར་མ་ནི་པུར་གཙུག་ལག་སློབ་གཉེར་ཁང་ནས་སྨན་རྩིས་སློབ་གཉེར་ཚན་པའི་ཆེད་ས་ཁྱོན་ཨེ་ཀར ༢༥༠༠ ཙམ་ཞིག་མཐུན་འགྱུར་གནང་ཡོད་པ་དང་། སྨན་རྩིས་ཁང་ནས་MIU གཙུག་ལག་སློབ་གཉེར་ཁང་ནང་ཡན་ལག་སྨན་ཁང་ཞིག་ཕྱི་ཟླ་ ༣ ཚེས་ ༡ ནས་འགོ་བཙུགས་གནང་རྒྱུ་མ་ཟད། དེའི་ཆེད་དེ་གའི་ཡུལ་མི་གཉིས་ལ་སྨན་སྤྲོད་དམ་སྨན་ཞབས་ཀྱི་སྦྱོང་བརྡར་གནང་རྒྱུ་ཡིན་འདུག་པ་དང་། དངོས་གཞི་ལས་གཞི་གང་མྱུར་དབུ་བཙུགས་གནང་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

མཐའ་མའི་འདོན་ཐེངས་།: 13.02.2020 ཉིན། 4:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།