སྨན་རྩིས་དྲ་བ། - སྔ་དྲོའི་ཞལ་འདོན།

གང་བློ་མ་དང་༸རྒྱལ་བའི་གཟུངས་སྔགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
སྔ་དྲོའི་ཞལ་འདོན། >>

༄༅། །གང་བློ་མ་བཞུགས་སོ།།

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས།།

ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།།

གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམ་སྡུག་བསྔལ་གྱིས་གཟིར་བའི།།

འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།།

འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང་།།

མ་རིག་མུན་སེལ་སྡུག་བསྔུལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།།

གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལྷུན་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།།

བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད།།

 

ཨོཾ་ཨ་ར་པ་ཙ་ན་དྷི།

བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས།། བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།།

བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།། བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ།།

 

ཐོས་བསམ་བསྒོམས་པའི་ཤེས་རབ་འཕེལ་དུ་གསོལ།། འཆད་རྩོད་རྩོམ་པའི་བློ་གྲོས་རྒྱས་སུ་གསོལ།།

མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ།། མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།།

 

༄༅། །ྋརྒྱལ་བའི་གཟུངས་སྔགས་བཞུགས་སོ།།

འཇམ་དཔལ་རྡོ་རྗེ་ངག་ལ་དབང་འབྱོར་ཞིང་།།

བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས།།

བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན།།

འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས།།

 

ཨོཾ་ ཨཱཿ གུརུ་ བཛྲ་ དྷར་ བྷཊྚཱརཀ་ མཉྫུ་ཤྲཱི་ ཝཱགིནྡྲ་ སུམཏི་ ཛྙཱན་ ཤཱསན་ དྷར་ སམུདྲ་ ཤྲཱི་ བྷདྲ་ སརྦ་ སིདྡྷི་ ཧཱུཾ་ཧཱུཾ།


ओं आः गुरु वज्रधर भट्टारक मञ्जुश्री वागिन्द्र सुमति ज्ञान शासनधर समुद्र श्री भद्र सर्व सिद्धि हूँहूँ।

 

དགེ་བ་འདི་ཡིས་མྱུར་དུ་བདག།

བླ་མ་སངས་རྒྱས་འགྲུབ་གྱུར་ཅིང་།།

འགྲོ་བ་གཅིག་ཀྱང་མ་ལུས་པ།།

ཁྱེད་ཀྱི་ས་ལ་འགོད་པར་ཤོག།



མཐའ་མའི་འདོན་ཐེངས་།: 01.11.2023 ཉིན། 11:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།