སྨན་རྩིས་དྲ་བ། - མདུན་ངོས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2025
མདུན་ངོས། >>

 

ྋསྐུའི་གཅེན་པོ་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ། 

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་གྱི་ཕྱི་དྲོར་ྋསྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་རྒྱ་གར་ཀ་ལོན་སྦུག་གི་སྟག་འཚེར་གཟིམ་ཤག་ཏུ་དགོང་ལོ་ ༩ྋ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱབ་ཞིང་གཤེགས་དམ་པ་དེའི་ཆེད་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་གཞུང་འབྲེལ་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། ཚོུད་ ༣ པ་ནས་དམ་པ་ཁོང་ལ་མྱ་ངན་གུས་བཏུད་མཚོན་ཆེད་ལས་མཚམས་བཞག་གནང་ཡོད།

དེ་ཡང་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་དཔལ་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་འོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཆོས་གྲྭའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ྋསྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གི་འདས་མཆོད་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་དོན། <<ངོས་ཀྱི་གཅེན་པོ་རྒྱ་ལོ་དོན་གྲུབ་འདས་གྲོངས་ཕྱིན་པ་རེད། དེའི་འདས་མཆོད་དུ་འདིར་ཚོགས་བཞུགས་ཀྱི་དགེ་འདུན་པ་ཚོར་བསྙེན་བཀུར་བྱས་ནས་དམིགས་ཡུལ་གཙོ་བོ་དེ། ངོས་ཀྱི་གཅེན་པོ་རྒྱ་ལོ་དོན་གྲུབ་ཀྱིས་ཧུར་ཐག་འབད་ཐག་ཧ་ཅང་ཡག་པོ་བྱས་པ་རེད། སྙིང་རྗེ། ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་རེད། དེ་རིང་འདིར་འདས་མཆོད་བསྙེན་བཀུར་བྱས་ཏེ་ངོས་ཀྱི་གཅེན་པོ་རྒྱ་ལོ་དོན་གྲུབ་རིམ་བཞིན་སྐྱེ་གནས་བཟང་པོ་ཞིག་དང་། བོད་རིགས་རང་དུ་སྐྱེ་བ་དང་། དེའི་ནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་རྒྱུན་མཐུད་ནས་ཡོང་ཐུབ་པར་ཁོང་རང་གིས་སྨོན་ལམ་བརྒྱབ་ཡོད་པ་རེད་ལ། འདོད་པ་དེ་ཡོད་པ་རེད། ངོས་ནས་ཀྱང་སྨོན་ལམ་དེ་རྒྱག་གི་ཡོད། ཁོང་ལ་ཚེ་རབས་མང་པོར་ྋརྒྱལ་བ་རིན་པོ་ཆེའི་འཁྲིས་ལ་བསྡད་དེ་ཞབས་འདེགས་སྒྲུབ་པའི་སྨོན་ལམ་དང་སེམས་ཤུགས་ཡོད་པ་རེད། དེར་བརྟེན། དེ་ལྟ་བུའི་སྨོན་ལམ་སྟོབས་ཆེན་པོ་དེ་འགྲུབ་པར་ཚང་མས་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན།>> ཞེས་གསུངས་ཡོད།

དམ་པ་ཁོང་ནི་བོད་མི་རིགས་ཀྱི་བདེན་མཐའ་གསལ་ཐབས་སུ་མཛད་རྗེས་རླབས་ཆེན་བཞག་ཡོད་ལ། ཁོང་གིས་བོད་བསྟན་སྲིད་མི་རིགས་ཆེད་ཕྱག་ལས་ཇི་ལྟར་གནང་བ་འདི་མ་འོངས་མི་རབས་རྣམས་ལ་སེམས་ཤུགས་སྤར་ངེས་རེད། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་མགོན་པོ་གང་ཉིད་དང་དམ་པ་ཁོང་གི་སྨོན་ལམ་གསོལ་འདེབས་ཇི་ལྟར་འདེབས་པ་བཞིན། མགྱོགས་ནས་མྱུར་དུ་དལ་འབྱོར་མི་ལུས་ཀྱི་རྟེན་བཟང་ཁྱད་པར་བ་ཞིག་འཐོབ་སྟེ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་བསྒྲུབ་མཁན་ཞིག་རྒྱུན་མཐུད་ཡོང་བའི་བསྔོ་སྨོན་ཞུ།།














མཐའ་མའི་འདོན་ཐེངས་།: 11.02.2025 ཉིན། 4:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།