སྨན་རྩིས་དྲ་བ། - མདུན་ངོས།

ཀེ་ར་ལ་ཡན་ལག་སྨན་ཁང་གསར་འཛུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.05.2021
མདུན་ངོས། >>


ཀེ་ར་ལ་ཡན་ལག་སྨན་ཁང་གསར་འཛུགས།

 ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ Alappuzha རྫོང་ཁོངས་ Pathirapally ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་པའི་སྒོ་འབྱེད་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་བསྐྱངས་གནང་ཡོད། མཛད་སྒོར་ས་གནས་ཀྱི་གནད་ཡོད་མི་སྣ་ Mr. Sethu Das,  Mr. Alexander Devasia,  Mr. Suresh Babu,  Mr. Emmanuel Thompson  Mr. Fr. Nelson Thyparampil  བཅས་དང་། ལྷག་པར་ཏོག་དབྱིབས་གཉན་རིམས་༡༩ ཛ་དྲག་དུས་སྐབས་སུ་ས་གནས་གཞུང་གི་བཀོད་ཁྱབ་གཞིར་བཟུང་ཚོགས་བཅར་བ་མི་སྣ་བཅོ་ལྔ་ལས་མི་ཉུང་བ་གདན་འདྲེན་ཞུས་ཡོད། མཛད་སྒོའི་ཐོག་མར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྐུ་མདུན་སྣང་གསལ་སྒྲོན་མེ་ཞལ་ཁ་འབྱེད་ཅིང་སྨན་རྩིས་བསྟན་རྒྱས་སྨོན་ལམ་སོགས་གསོལ་འདེབས་ཁག་གྲུབ་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་སྨན་རྩིས་ཁང་གི་ལས་བྱེད་ངོས་ནས་སྨན་རྩིས་ཁང་སྒྲིག་འཛུགས་ཀྱི་ངོ་སྤྲོད་གཏམ་བཤད་གནང་ནས་ནད་པ་འགའ་ཞིག་ལ་བརྟག་དཔྱད་སྨན་བཅོས་ཀྱང་ཞུས་ཡོད།

ད་ལྟའི་ཆར་ཡན་ལག་སྨན་ཁང་དུ་སྨན་པ་དཀོན་མཆོག་ནོར་བུ་ལགས་དང་། སྨན་པ་བསོད་ནམས་དཔལ་མོ་ལགས། དེ་བཞིན་སྨན་སྤྲོད་གཉིས་དང་རྩིས་པ་གཅིག་སྟེ་སྨན་རྩིས་ལས་གནས་གསུམ་བཅས་ཁྱོན་བསྡོམས་ལས་བྱེད་ལྔ་ཡོད།


ཡན་ལག་སྨན་ཁང་འདི་ནི་བོད་ཀྱི་གྲོགས་པོ་ཐེབས་རྩ་ (Friends of Tibet foundation) ནས་སྦྱིན་བདག་གནང་བཞིན་ཡོད། ཐེབས་རྩ་འདིས་ཡན་ལག་སྨན་ཁང་ཚད་ལྡན་འདི་གསར་འཛུགས་མ་གནང་སྔོན་ནས་ལོ་ངོ་བཅུ་ཕྲག་རིང་དུ་ཀེ་ར་ལ་མངའ་སྡེའི་ས་གནས་ཁག་ཏུ་གསོ་རིག་སྨན་གྱི་སྐོར་སྐྱོད་ལན་གྲངས་མང་པོ་གོ་སྒྲིག་ཞུས་གནང་ཡོད།

 

ཡན་ལག་སྨན་ཁང་གི་ཁ་བྱང་།

Sylviander House,
Chettikad Beach Road,
P.O Pathirapally, Alappuzha,
 Kerala. India

 

སྨན་ཁང་གི་དུས་ཚོད།

9:00am to 1:00pm
lunch break: 1:00pm to 2:00pm
2:00pm to 5:00pm

 

གློག་འཕྲིན་ཁ་བྱང་།  kerala@men-tsee-khang.org

 


 

མཐའ་མའི་འདོན་ཐེངས་།: 12.05.2021 ཉིན། 11:06 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།