སྨན་རྩིས་དྲ་བ། - མདུན་ངོས།

Android ཁ་པར་དུ་སྨན་རྩིས་ཁང་གི་ལོ་ཐོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.03.2019
མདུན་ངོས། >>

 

Android ཁ་པར་དུ་སྨན་རྩིས་ཁང་གི་ལོ་ཐོ།

བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་ནས་སྨན་རྩིས་ཁང་གི་གཞུང་འབྲེལ་ལོ་ཐོ་ Android Phone (ཨེན་ཌྲོ་ཨེཌ་ཁ་པར་) ནང་ཡར་དྲངས་ཟིན་པ་ཡིན། གཞིས་བྱེས་བོད་རིགས་ཡོངས་ཀྱིས་སྨན་རྩིས་ཁང་ནས་འདོན་སྤེལ་བྱེད་པའི་ལོ་ཐོ་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་ལ་དམིགས་ཏེ། དེང་རབས་ཀྱི་འགྲོ་ལུགས་བཞིན་ Android ཁ་པར་ནས་སྨན་རྩིས་ཁང་གི་ལོ་ཐོའི་ Mobile App (མོ་བྰ་ཨིལ་ཨེཔ།) ཐད་ཀར་ཕབ་ལེན་བྱེད་རྒྱུ་ཡོད། འོན་ཀྱང་ད་ལྟའི་ཆར་ཀུ་ཤུ་ཁ་པར་ལ་མཐུན་རྐྱེན་འདི་མེད།

ལོ་ཐོ་ཕབ་ལེན་བྱེད་སྟངས་ནི། Android ཁ་པར་ནང་གི་ Google Play Store ཡི་རྟགས་ལ་གནོན། དེའི་ནང་གི་འཚོལ་ཞིབ་ས་མིག་ཏུ་ MTK Calendar ཞེས་བྲིས། དེ་ནི་སྨན་རྩིས་ཁང་གི་ལོ་ཐོའི་མིང་བྱང་ཡིན། མིང་བྱང་དེའི་མཚོན་རྟགས་སུ་རྒྱབ་ངོས་ཁ་དོག་གསེར་གྱི་མདོག་ཅན་ཡིན་ལ། དེའི་སྟེང་ལོ་ཐོ་དང་འོག་ཏུ་སྨན་རྩིས་ཁང་ཞེས་བོད་ཡིག་ནང་བཀོད་ཡོད། ལོ་ཐོ་འདིའི་ Data ཚད་གཞི་(4.8 mb) མ་གཏོགས་མེད། ལོ་ཐོ་འདིའི་ནང་དུ་ཕྱི་ལོ་ ༢༠༡༩ བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་ཟླ་གྲངས་སོ་སོའི་ཡན་ཀྭོང་དང་ཞག་ངན་སོགས་ཚེས་ཆ་བཟང་ངན་ལྟ་རྒྱུ་ཡོད་པ་མ་ཟད། དུས་ཆེན་ཁག་དང་། སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཀྱི་འདྲ་པར་དང་འགྲེལ་བཤད་བཅས་ལྟ་ཀློག་བྱེད་རྒྱུ་ཡོད། གལ་ཏེ་ད་ལྟ་ Play Store ནས་ཕབ་ལེན་བྱེད་རྒྱུ་དཀའ་ཚེགས་ཡོད་ན་གནས་སྐབས་རིང་གཤམ་གྱི་དྲ་ཐག་སྦྲེལ་མཐུད་འདིའི་བརྒྱུད་ནས་ཕབ་ལེན་བྱེད་ཐུབ།

https://play.google.com/store/apps/details?id=droidmentor.thinleycal

གལ་ཏེ་ཁྱེད་རང་གི་ལས་ཁུངས་སམ་སྒེར་གྱི་ཀཾཔུཊར་ནང་སྨན་རྩིས་ཁང་གི་ལོ་ཐོའི་ཨེཔ་འཛུགས་འདོད་ཡོད་ན། ཐོག་མར་ bluestack ཞེས་པ་རིན་མེད་མཉེན་ཆས་(free software)དེ་ཡར་འཛུགས་དགོས། མཉེན་ཆས་དེའི་བརྒྱུད་ནས་ཁྱེད་རང་གིས་ Android ཨེཔ་རྣམས་བེད་སྤྱོད་བྱེད་ཐུབ་པ་ཡིན།

                    

                    

                                                      

མཐའ་མའི་འདོན་ཐེངས་།: 07.03.2019 ཉིན། 4:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།