སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

- བྱམས་པ་འཕྲིན་ལས།

          ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར་ཞེས་པ་རབ་བྱུང་བཅུ་པའི་ས་རྟ་ (སྤྱི་ལོ་ 1618) ལོ་ལ་བོད་ཀྱི་སྟོད་ལུང་དཀར་ལེབ་ཁང་གསར་དུ་སྐུ་འཁྲུངས། ར་སྟོད་དང་འབྲས་སྤུངས་སྒོ་མང་དུ་བཞུགས། གླིང་བསྲེ་ཞེས་པའི་མཚན་རྟགས་བླངས། གཙང་པ་རྒྱལ་པོས་ས་སྐྱ་དང་། ཀརྨ་པའི་དགེ་བཤེས་གཉིས་དགེ་ལུགས་པ་དང་རྩོད་པ་བྱེད་པར་བཏང་དུས། པན་ཆེན་བློ་བཟང་ཆོས་རྒྱན་གྱིས་ཁོང་རྩོད་པའི་ཟླར་བཀའ་གནང་བ་ལྟར་རྩོད་པ་བརྒྱབ་ཏེ་ཕ་རོལ་ཕམ་པར་བྱས་ཤིང་།  རྗེས་སུ་མདོ་སྨད་ཧན་སྟག་ལུང་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོར་ཞུས་ནས་འདི་པ་མདོ་སྨད་དུ་གདན་དྲངས་ཏེ་མཚོ་སྲིབ་ཏུ་ལོ་གཅིག་ཙམ་བཞུགས། ད་དུང་ཐ་ཁིར་ཞེས་པར་ལོ་ཤས་བཞུགས། དེ་ནས་སྐུ་འབུམ་གྱི་ཁྲི་དང་། དགོན་ལུང་ཁྲིར་བཞུགས། ས་གླང་ (སྤྱི་ལོ་ 1657) ལོ་འབུམ་ལུང་བཀྲ་ཤིས་ཐང་དུ་ཆུ་བཟང་སྐུ་ཕྲེང་རིམ་བྱོན་ལ་ཆུ་བཟང་བ་ཞེས་པའི་མཚན་ཐོགས་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ།། །།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།