སྨན་རྩིས་དྲ་བ། - དྲ་ལམ་སྨན་བཅོས་ཞུ་ས།



འཕྲིན་ཡིག་བརྒྱུད་ཀྱི་སྨན་བཅོས་ཞབས་ཞུ། 

 སྐུ་ཉིད་ལ་ལུས་སེམས་ཀྱི་ནད་གཞིའི་དཀའ་སྡུག་ཅི་འདྲ་ཞིག་བྱུང་ཡང་དེ་སེལ་ཐབས་སུ་གལ་ཏེ་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་བསྟེན་འདོད་ཡོད་པ་ཡིན་ན། ང་ཚོའི་གློག་འཕྲིན་ཁ་བྱང་འདིའི་ཐོག་ ( hss4@men-tsee-khang.org ) བོད་ཡིག་དང་ཨིན་ཡིག་གང་རུང་ནས་འབྲེལ་ལམ་གནང་རོགས། ང་ཚོས་འཕྲིན་ཡིག་ལམ་ནས་སྐུ་ཉིད་ཀྱི་ལུས་སེམས་ཀྱི་དཀའ་ངལ་གང་ཡོད་པ་རྣམས་འདི་གའི་ཡན་ལག་སྨན་ཁང་གི་སྨན་པ་ཞིག་ལ་བསྟེན་གཏུགས་ཞུས་ཏེ་ཟས་སྤྱོད་སྤང་བླང་གི་བསླབ་བྱ་གང་གནང་བ་ཡིག་འབྲེལ་དང་། གསོལ་སྨན་གང་སྤྲད་པ་རྣམས་སྐུ་ཉིད་ཀྱི་ཁ་བྱང་ཐོག་གཏོང་གནང་ཆོག  

 
སྐུ་ཉིད་ཀྱིས་ང་ཚོར་འབྲེལ་བ་བྱེད་སྐབས་ངེས་པར་ཚང་དགོས་པའི་དོན་གནད་འགའ་ཞིག་ཡོད་པ་ནི། ནད་པའི་མིང་དང་། ལོ་ཚད། ལུས་རྟེན།(ཕོ་མོ།) ལས་རིགས། ནད་རྟགས་དང་ན་ལུགས། ནད་མནར་ནས་ཡུན་ཇི་ཙམ་སོང་བ། ཕྱི་ལུགས་སྨན་ཁང་དུ་བརྟག་དཔྱད་བྱས་ཡོད་མེད། བྱས་ཡོད་ན་ནད་གང་ལ་ངོས་འཛིན་གནང་བའི་སྐོར། ནད་གཞི་དེ་ལ་ཕྱི་ལུགས་འཕྲུལ་ཆས་བརྟག་དཔྱད་བྱས་ཡོད་ན་སྙན་ཐོའི་(Medical Reports)འདྲ་བཤུས། ད་ལྟ་ཕྱི་ལུགས་སྨན་རིགས་གང་དང་གང་མཆོད་བཞིན་ཡོད་པ། ད་ལྟའི་ལུས་པོའི་གནས་སྟངས་ཇི་འདྲ་ཡོད་མིན་སྐོར་ཁ་གསལ་བཀོད་དགོས། དེ་ཡིས་སྐུ་ཉིད་ཀྱི་ནད་གཞི་ངོས་འཛིན་ལ་ཕན་ཐོགས་ཐུབ་པ་ཡིན།  

 

སྨན་པ་བསྟེན་གཏུགས་དང་སྨན་རིན། དེ་བཞིན་སྦྲག་གླ་བཅས་ཀྱི་རིན་འབབ་རྣམས་སྐུ་ཉིད་ཀྱིས་འབུལ་དགོས་པ་ཐུགས་འཇགས་འཚལ། 

 

*དོ་སྣང་དགོས་པ། འཕྲིན་ཡིག་བརྒྱུད་ཀྱི་སྨན་བཅོས་ཞབས་ཞུ་འདི་ནི་གཙོ་བོ་རྒྱང་རིང་ནད་པ་བོད་ཀྱི་གསོ་རིག་སྨན་བཅོས་ལ་ཡིད་ཆེས་བློ་འཁེལ་གྱིས་བསྟེན་འདོད་ཡོད་ཀྱང་ཉེ་འགྲམ་དུ་གསོ་རིག་སྨན་པ་ཚད་ལྡན་བསྟེན་གཏུགས་ཀྱི་མཐུན་རྐྱེན་མེད་པ་རྣམས་ལ་དམིགས་པ་ཞིག་ཡིན་པ་ལས་ཞབས་ཞུའི་ཐབས་ལམ་འདི་ཉིད་རྒྱ་ཁྱབ་ཏུ་གཏོང་ཆེད་མ་ཡིན་པ་མཁྱེན་གནང་དགོས།   རབ་ནི་ནད་པ་དང་སྨན་པ་གཉིས་དངོས་སུ་ཐུག་འཕྲད་ཐོག་སྨན་གཞུང་དགོངས་དོན་གཞིར་བཟུང་ཆོས་བཅུ་ལ་སྦྱར་ཏེ་ལྟ་རེག་དྲི་བའི་སྒོ་ནས་བརྟག་དཔྱད་སྨན་བཅོས་ཞུ་བ་འདི་ཉིད་ཡིན།

 

 


 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།