སྨན་རྩིས་དྲ་བ། - སྨན་རྩིས་མཐོ་སློབ་ཁང་གི་ཞལ་འདོན།

 

 

༄༅།།དཔར་བསྐྲུན་གསལ་བཤད།

༄༅། །འཕགས་ཡུལ་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་ཞལ་འདོན་འདི་བཞིན། སྤྱི་ལོ་༡༩༦༩ལོར་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྨན་རྩིས་གཉིས་ཀྱི་རིག་གནས་མི་ཉམས་རྒྱུན་འཛིན་དང་། སྐྱེ་འགྲོའི་ནད་ཀྱི་གདུང་བ་སེལ་སླད་མཐོ་སློབ་ཁང་འདི་གསར་འཛུགས་བསྐྱངས་པའི་དུས་དེ་ནས་བཟུང་། ལྷ་ས་སྨན་རྩིས་ཁང་གི་ཕྱག་སྲོལ་ལྟར་སྔ་དགོང་གཉིས་ལ་ཞལ་འདོན་ཁག་ཅིག་འདོན་སྲོལ་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་ཡོད། ཡིན་ནའང་། སློབ་གྲྭ་ཐོན་ཐེངས་རེར་ཞལ་འདོན་ལ་སྣོན་འཕྲི་དང་འདོན་རྟ་སོགས་ལ་གཅིག་གྱུར་དང་ངེས་གཏན་ཞིག་མེད་པར་བརྟེན། སྨན་རྩིས་མཐོ་སློབ་ཁང་གི་དགེ་རྒན་རྣམས་ཀྱིས་སྔར་ཡོད་ཞལ་འདོན་ལ་སྣོན་འཕྲི་ཕྲན་བུ་བཏང་སྟེ་རྒྱས་བསྡུས་འཚམ་པ་འདི་ལྟ་བུ་ཞིག་གཏན་འབེབས་ཀྱིས་དཔར་བསྐྲུན་ཞུས་པ་ཡིན།

          དེབ་ཆུང་འདིའི་ནང་དུ་སློབ་གྲྭའི་ཆེད་དུ་དམིགས་ནས་སྔ་དྲོ་དང་ཕྱི་དྲོའི་ཞལ་འདོན་ཞེས་སྡེ་ཚན་གཉིས་དང་། རང་ལུགས་སྨན་པ་རྣམས་ལ་ཕན་ན་སྙམ་ནས་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གིས་མཛད་པའི་སྨན་གྱི་བྱིན་རླབས་ཕུད་མཆོད་དང་། གཏར་སྲེགཟངས་བུམ་བཅས་ཕྱག་ལེན་གནང་སྐབས་སུ་འདོན་རྒྱུའི་ཞལ་འདོན་ཁག་ཅིག་ཀྱང་ཟུར་བཀོད་ཅེས་པའི་ལམ་ནས་མཇུག་ཏུ་བཀོད་ཡོད། ད་དུང་དགོས་པའི་དབང་གིས་སྨན་གྱི་བྱིན་རླབས་ཕུད་མཆོད་ནང་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། བླ་སྨན་མཁྱེན་རབ་ནོར་བུ། བླ་སྨན་བསྟན་འཛིན་ཆོས་གྲགས་རྣམ་གསུམ་ལ་སྨན་གྱི་ཕུད་མཆོད་ཤོ་ལོ་ཀ་རེ་གསར་བཅུག་ཞུས་ཡོད།།

          དེས་ན་དད་གུས་ཆེན་པོས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། ཡི་དམ་ཆོས་སྲུང་། གངས་ལྗོངས་ཀྱི་མཁས་གྲུབ་དམ་པ་རིམ་བྱོན་གྱི་མཛད་བཟང་གསེར་གྱི་སྙེ་མར་དམིགས་ནས་བསྟོད་སྨོན་གསོལ་འདེབས་སོགས་ཀྱི་ཚིག་དོན་བཟང་བོ་ཡིད་ལ་དྲན་པར་བྱས་ཏེ། བློ་སྣ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ། ལམ་ལ་བར་ཆད་མེད་པ་ཞིག་མྱུར་དུ་འགྲུབ་རྒྱུ་ཡོད་སྙམ་པའི་སྒོ་ནས་ཉིན་ལྟར་ཕྱག་བཞེས་སུ་བསྟར་ན། བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་དང་མན་ངག་ལག་ལེན་མཐའ་དག་ཉམས་སུ་ལེན་པ་ལ་མི་མཐུན་པའི་བགེགས་དང་བར་ཆད་ཅི་ཡང་མི་འབྱུང་ཞིང་། གནས་སྐབས་དང་མཐར་ཐུག་གི་འདོད་དོན་མང་བོ་ལམ་ལྷོང་ལྡན་པའི་སྒོ་ནས་མྱུར་དུ་འགྲུབ་པས་ན་ཀུན་གྱིས་སླ་ཆོས་སུ་མི་བསྒྱུར་བ་དང་། སློབ་གྲྭའི་ཁྲལ་གྱི་འདུ་ཤེས་སུ་མི་འཛིན་པ་གལ་ཆེར་བྱ་རྒྱུ་དང་། བཅས་མདོར་ན་རྣམ་དཀར་གྱི་དགེ་ཚོགས་ཅི་མཆིས་ྋརྒྱལ་བའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་སྨན་རྩིས་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་འགྲོ་ཀུན་བདེ་བའི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཞུ།།

          བོད་ཀྱི་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་སྤྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༡ ལ།།



ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།