སྨན་རྩིས་དྲ་བ། - ས་ཡོམ་སྐོར།

གནམ་གཤིས་འགྱུར་ལྡོག་དང༌།     རང་བྱུང་གནོད་འཚེའི་སྐོར།

༈ ཀུན་གསལ་ལམ་གནས་རྒྱུ་སྐར་དགའ་མ་ལ། །ལེགས་ལྡན་གཟའ་དགུས་ཇི་ལྟར་བརྩེན་པའི་ཚུལ། །དཔྱད་དེ་ལོ་འདིའི་རྒྱལ་ཁམས་བདེ་དོག་དང་། །གནམ་གཤིས་སྔོན་བརྡ་དང་བཅས་སྤྲོ་བ་ལ། ༸དགུང་འདིར་དབུས་གྱུར་འཕགས་པའི་ཡུལ་འདིར་བོད་ཟླ་གསུམ་པའི་རིང་ཆོས་སྤྱོད་དང་ནི་བདེ་སྐྱིད་འཕེལ་ཞིང་བཞི་པའི་འགོ་ནས་ལྷག་པར་བདེ་ཞིང་སྐྱིད། འོན་ཏེ་ལྔ་པའི་ཚེས་ཤར་ནས་དྲུག་པའི་ཉ་བར་འཐབ་རྩོད་དང་ཐན་ངོ་གང་ཙམ་ཤར། ༸ཤར་ཕྱོགས་བོད་ཟླ་ལྔ་པའི་རིང་རྒྱལ་འབངས་བདེ་ཞིང་ལྷག་པར་བརྒྱད་པའི་གནམ་སྟོང་ནས་བཟུང་བཅུ་པའི་ཉེར་གཉིས་བར་ཆོས་སྤྱོད་འཕེལ་ཞིང་བདེ་སྐྱིད་ལྡན་ཡང་། །བཅུ་པའི་ཉེར་གསུམ་ནས་ལོ་རྫོགས་བར་ནད་མཚོན་མུ་གེའི་ངོ་ཅུང་ཤར། ༸ཤར་ལྷོར་བོད་ཟླ་དྲུག་པའི་ཚེས་ཤར་ནས། །བདུན་པའི་ཉ་བར་བདེ་ཞིང་སྐྱིད་ན་ཡང་། །བརྒྱད་པའི་ཚེས་ཤར་ནས་བཟུང་དགུ་པའི་སྟོང་བར་འཐབ་རྩོད་གང་ཙམ་འབྱུང་བར་དོགས། ༸ལྷོ་ཕྱོགས་བོད་ཟླ་ལྔ་པའི་ཚེས་ཤར་ནས། །བཅུ་གཅིག་ཉེར་གཉིས་བར་དུ་ཅུང་ཞིག་འཁྲུག་ཅིང་ལོ་མཇུག་ལྷག་པར་ཇེ་ཆེར་མ་ཟད་ནད་ཡམས་མུ་གེའི་འཇིགས་པའི་ངོ་། ༸ལྷོ་ནུབ་ལོ་གང་འཁྲུག་ཅིང་རྩོད་པ་དང་། །རང་བྱུང་གནོད་འཚེ་དེ་བཞིན་མུ་གེའི་ཉེན། ༸བྱང་ཤར་ཕྱོགས་སུ་འཐབ་རྩོད་འབྱུང་བར་སྣང་།།

དེང་སྲོལ་ལྟར་ས་ཡོམ་གང་དུ་བྱུང་ཡོད་མེད་སྐོར་གྱི་ས་ཁྲ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།