རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ ཕྱི་ལོ་ 2025 – 2026
༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།
སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།
ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།
ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།
ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ།། ྋསྦྲུལ་ལོ་ཀུན་ལ་རང་ཀེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ།། ྋཕག་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ།། ྋབྱ་གླང་ཀུན་ལ་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་།། ྋསྟག་སྤྲེལ་ཀུན་ལ་བཞི་གཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ།། ྋལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་ལ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཤིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། །ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། །ལོ་གྲངས་འདི་དག་ྋདགུ་མིག་ཏུ།།
༡ |
༩ |
༡༠ |
༡༧ |
༡༨ |
༡༩ |
༢༥ |
༢༧ |
༢༨ |
༣༣ |
༣༦ |
༣༧ |
༤༡ |
༤༥ |
༤༦ |
༤༩ |
༥༤ |
༥༥ |
༥༧ |
༦༣ |
༦༤ |
༦༥ |
༧༢ |
༧༣ |
༨༡ |
༨༢ |
༨༩ |
༩༠ |
༩༡ |
༩༧ |
༩༩ |
༡༠༠ |
|
ཚུད་པས་སྤྱི་བཅོས་གཞུང་ལྟར་ལ། །བྱེ་བྲག་བྱིས་པར་གདུགས་དཀར་དང་། །བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན། །ྋཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་མེ་བྱ་ལོ་གྲངས་ ༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །ཆུ་བྱ་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། །ས་བྱ་ ༥༧།༡༡༧ དམ་སྲི་མི་ཁ་མནན། །ཤིང་བྱ་ ༢༡།༨༡ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། །ལྕགས་བྱ་ ༤༥།༡༠༥ གཤེད་དུར་ཆེར་བབས་པས། །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །
༈ གཞན་ཡང་ཤིང་ཡོས་ ༥༡།༡༡༡ རང་དུར་ཆུང་། །ལྕགས་ཡོས་ ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ། །འབད་པ་ཤིན་ཏུ་གལ་ཆེའོ། །སླར་སྨོན་པ། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །མི་བསླུའི་བཟློག་རིམ་སོ་སོར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།
དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།
༈ མིག་གསུམ་མིག་གིས་འཇིག་རྟེན་བླང་དོར་གནས། །ཕྲ་ཞིང་ཕྲ་བ་འབྱེད་དང་ལྷན་ཅིག་ཏུ། །ལུས་ཅན་ལ་འཚེ་ལུས་མེད་དཔུང་གི་ཚོགས། །ཐལ་བར་བརླག་མཛད་ཐལ་བའི་དབང་ཁྱོད་རྒྱལ། །སྟོང་དང་དྲུག་བརྒྱ་ལྷ་ཡི་སྐྱེད་ཚལ་ངོས། །དགའ་བའི་ལྷ་མོ་ཉེར་བརྒྱད་དང་རོལ་བའི། །གཟའ་མཆོག་དཔའ་བོའི་བགྲོད་པ་ལས་བརྩམ་སྟེ། །བླང་དོར་འབྱེད་པ་འདི་ཡང་རྟེན་འབྱུང་གཤིས། །ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན། །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོགས་དང་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་དོག་བརྟག་ལ་སྤྱི་བྱེ་བྲག །སྤྱི་འབྲས་ལོ་ཧྲིལ་དབུས་དང་ཤར་ཕྱོགས་ཀྱི། །རྒྱལ་པོ་ཡུལ་རྣམས་བདེ་བར་བྱེད་པ་ཡིན། །ཤར་ལྷོར་འཐབ་འཁྲུག་སོགས་ཀྱི་ངོ་ཆེ་ཞིང་། །ལྷོ་ཕྱོགས་དང་ནི་ལྷོ་ནུབ་གཉིས་སུ་ནི། །ལོ་དཀྱིལ་འཐབ་རྩོད་ངོ་ཅུང་ཤར་བ་ལས། །གཞན་དུ་བདེ་སྐྱིད་དང་ནི་ལྡན་པ་འབྱུང་། །ནུབ་ཕྱོགས་ལོ་དཀྱིལ་འཁྲུག་རྩོད་འཇིགས་པའི་ངོ་། །ནུབ་བྱང་ལོ་སྨད་བདེ་སྡུག་སྤེལ་མར་འོང་། །བྱང་ཕྱོགས་ཐན་པ་དང་ནི་མུ་གེ་དང་། །འཐབ་རྩོད་ས་གཡོ་འབྱུང་བའི་ངོ་རུ་བཤད། །བྱང་ཤར་ལོ་ཧྲིལ་བདེ་སྐྱིད་ངང་དུ་འཚོ།། ༈ བྱེ་བྲག་དབུས་ཕྱོགས་གསུམ་པའི་ཉི་ཤུ་ནས། །བཞི་པའི་ཉི་ཤུ་བར་དུ་ཉི་ལྷག་ཟུང་། །ལྷན་དུ་སྤྱོད་པས་ཐན་ངོ་ཅུང་ཤར་ལས། །གནོད་འཚེ་ཆེ་བ་མེད་པས་བདེ་ལ་འཁོད།། ༈ ཤར་ཕྱོགས་གསུམ་པའི་ཚེས་ཤར་ནས་བཟུང་སྟེ། །སུམ་ཅུའི་བར་དུ་དམར་པོས་རྒྱལ་འབངས་དབར། །མི་བདེ་འཐབ་མོ་དེ་བཞིན་མེ་སྐྱོན་དོགས། །ལྔ་པའི་ཚེས་ཤར་ནས་བཟུང་བདུན་པ་ཡི། །བཅོ་ལྔའི་བར་དུ་ཉི་ལྷག་ཕུར་སངས་བཞིས། །རྒྱལ་འབངས་བདེ་ལ་འཁོད་ཅིང་ཆར་ཆུ་དང་། །ལོ་ཏོག་དག་ཀྱང་བཟང་སོགས་དགེ་བར་བཤད།། ༈ ཤར་ལྷོར་བཞི་པའི་བཅོ་ལྔ་ནས་བཟུང་སྟེ། །ལོ་ཧྲིལ་ཀེ་ཏུས་དམག་འཁྲུག་རྐྱེན་པ་ཡིས། །ཡུལ་ཁམས་མི་བདེ་སྡུག་བསྔལ་མང་བར་དོགས། །ཁྱད་པར་བཞི་པའི་ཉེར་ལྔ་ནས་བཟུང་སྟེ། །དྲུག་པའི་བརྒྱད་བར་དམར་པོ་ལྷན་གནས་པས། །མེ་སྐྱོན་དམག་འཁྲུག་དག་གི་ངོ་ཡང་བཤད། །ས་ཟླའི་ཉེར་གཉིས་ནས་བཟུང་བདུན་པ་ཡི། །ཉེར་གཉིས་བར་དུ་ཉི་ལྷག་སངས་གསུམ་པོ། །ལྷན་དུ་སྤྱོད་པས་བདེ་སྡུག་སྤེལ་མར་འོང་།། ༈ ལྷོ་ཕྱོགས་དྲུག་པའི་བཅོ་ལྔ་ནས་བཟུང་སྟེ། །བརྒྱད་པའི་བརྒྱད་བར་དམར་པོས་འཐབ་རྩོས་རིགས། །ཅུང་མང་དོགས་ལ་དེ་ནས་དགུ་པ་ཡི། །སྟོང་བར་ཉི་ལྷག་སངས་གསུམ་རིམ་སྤྱོད་པས། །བདེ་སྡུག་རེས་མོས་འོང་བའི་མཚན་མ་ཤར།། ༈ ལྷོ་ནུབ་བརྒྱད་པའི་ཚེས་ཤར་ནས་བཟུང་སྟེ། །དགུ་པའི་བཅོ་ལྔ་བར་དུ་དམར་པོ་དང་། །ལྷག་པ་ལྷན་སྤྱོད་བདེ་སྡུག་སྤེལ་མར་ཡང་། །བཅུ་པའི་སྟོང་བར་ཉི་ལྷག་སངས་གསུམ་གྱིས། །རྒྱལ་འབངས་ཁྱོན་ལ་བདེ་སྐྱིད་ཅུང་ཞིག་འོང་།། ༈ ནུབ་ཕྱོགས་བཅུ་པའི་བརྒྱད་ནས་སྟོང་གི་བར། །དམར་པོས་འཐབ་རྩོད་ངོ་དང་བཅུ་གཅིག་པའི། །ཚེས་ཤར་ནས་བཟུང་གནམ་གང་བར་དུ་ནི། །ཉི་ལྷག་དམར་སངས་བཞི་པོས་བདེ་དང་སྡུག །སྤེལ་མའི་ཚུལ་དུ་འོང་བའི་ངོ་རུ་བཤད།། ༈ ནུབ་བྱང་བཅུ་གཉིས་ཚེས་ཤར་ནས་བཟུང་སྟེ། །དང་པོའི་བཅོ་ལྔ་བར་དུ་ཉི་ལྷག་དམར། །སངས་བཅས་བཞི་པོས་རྒྱལ་འབངས་ཁྱོན་ལ་ནི། །བདེ་སྡུག་སྤེལ་མར་འོང་།། ༈ བྱང་ཕྱོགས་ལོ་ཧྲིལ་སྤེན་པ་རཱ་ཧུ་གཉིས། །མཉམ་དུ་གནས་པས་དམག་འཁྲུག་མུ་གེ་དང་། །ལྷག་པར་སྤེན་པ་ལྔ་པའི་གནམ་གང་ནས། །བཅུ་པའི་བཅོ་ལྔ་བར་དུ་ཕྱིར་ལྡོག་སྤྱོད། །ལོ་ཉེས་དང་ནི་ཐན་པ་མུ་གེའི་ངོ་། །ས་གཡོའི་འཇིགས་པའི་ཉེན་དུའང་བཤད་པ་ཡིན།། ༈ བྱང་ཤར་ཕྱོགས་སུ་ཡུལ་སྡེ་རྒྱལ་པོ་བཅས། །ཀུན་ཀྱང་བདེ་སྐྱིད་ངང་དུ་འཚོ་བར་འགྱུར།།
གནམ་གཤིས་སྔོན་བརྡ།
དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་ལོ་སྟོད་མེ་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས་ཁ་ཆར་དང་ཐན་པ་རེས་མོས་འོང་ཤིང་རླུང་ལྡང་ཆར་གྱི་བབས་ཚད་འབྲིང་། ལོ་སྨད་ས་མེ་ཆུ་གསུམ་ལ་སྤྱོད་པ་ཤས་ཆེ་བས་ཆར་རླུང་སྦྲག་མའམ་ཁ་ཆར་འབྲིང་དུ་འབབ། བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ། (བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།)
བོད་ཟླ་དང་པོ། |
སྤྱིར་ཟླ་འདིར། ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར། |
བོད་ཟླ་གཉིས་པ། |
སྤྱིར་ཟླ་འདིར། གནམ་དྭངས་ཤིང་ཁ་ཆར་བབས་ཚད་ཞན། |
བོད་ཟླ་གསུམ་པ། |
སྤྱིར་ཟླ་འདིར། གནམ་དྭངས་ཤིང་དྲོད་རླུང་ལྡང་། |
བོད་ཟླ་བཞི་པ། |
སྤྱིར་ཟླ་འདིར། འཐིབ་དྭངས་རེས་མོས་ཀྱིས་ཚ་དྲོད་ཆེ། |
བོད་ཟླ་ལྔ་པ། |
སྤྱིར་ཟླ་འདིར། ཆར་རླུང་སྦྲགས་མར་འོང་བ་མང་ཞིང་ཆར་རྒྱུན་བཟང་། |
བོད་ཟླ་དྲུག་པ། |
སྤྱིར་ཟླ་འདིར། ཆར་རྒྱུན་བཟང་བ་ཡིན། |
བོད་ཟླ་བདུན་པ། |
སྤྱིར་ཟླ་འདིར། ཟླ་སྟོད་དུ་ཆར་རྒྱུན་བཟང་ཡང་། ཟླ་སྨད་དུ་དྲོ་གྲང་འགྱུར་ལྡོག་ཆེ། |
བོད་ཟླ་བརྒྱད་པ། |
སྤྱིར་ཟླ་འདིར། ཆར་དཀོན་ཞིང་གནམ་དྭངས་ལ། རླུང་འཚུབ་ཀྱང་ལྡང་ངོ་།། |
བོད་ཟླ་དགུ་པ། |
སྤྱིར་ཟླ་འདིར། གནམ་དྭངས་ཤིང་རླུང་འཚུབ་ལྷག་པར་ལྡང་ངོ་།། |
བོད་ཟླ་བཅུ་པ། |
སྤྱིར་ཟླ་འདིར། གངས་ཆར་འབྲིང་ལ་འཐིབ་དྭངས་རེས་མོས་འོང་། |
བོད་ཟླ་བཅུ་གཅིག་པ། |
སྤྱིར་ཟླ་འདིར། ཁ་བའི་བབས་ཚད་བཟང་ཞིང་སྐབས་རེ་རླུང་གིས་གཏོར་བར་བྱེད། |
བོད་ཟླ་བཅུ་གཉིས་པ། |
སྤྱིར་ཟླ་འདིར། གནམ་འཐིབ་དྭངས་རེས་མོས་བྱེད་པས་བབས་ཚད་མི་སྙོམས་ཤིང་ཁ་ཆར་ རླུང་གསུམ་སྦྲགས་མ་མང་བའི་ངོ་།། |
འདི་ལོའི་ཚེས་བཟང་ཁག་གི་རེའུ་མིག
བོད་ཟླ། |
ཚེས་པ། ༨ |
ཚེས་པ། ༡༥ |
གནམ་གང་། |
༡། མཆུ་ཟླ། བཀྲིས་ཟླ་བ། |
7th March, 2025 |
14th March |
29th March |
༢། དབོ་ཟླ། |
5th April |
12th April |
27th April |
༣། ནག་ཟླ། བཀྲིས་ཟླ་བ། |
5th May |
12th May |
27th May |
༤། ས་ག་ཟླ་བ། |
3rd June |
11th June |
25th June |
༥། སྣྲོན་ཟླ། ཟླ་ནག |
3rd July |
10th July |
24th July |
༦། ཆུ་སྟོད་ཟླ་བ། |
1st August |
9th August |
23rd August |
༧། གྲོ་བཞིན་ཟླ་བ། |
31st August |
7th September |
21st September |
༨། ཁྲུམས་ཟླ། |
30th September |
7th October |
21st October |
༩། དབྱུག་ཟླ། |
29th October |
5th November |
19th, 20th November |
༡༠། སྨིན་ཟླ། |
28th November |
4th December |
19th December |
༡༡། མགོ་ཟླ། |
27th December |
3rd January, 2026 |
18th January |
༡༢། རྒྱལ་ཟླ། ཟླ་ནག |
26th January |
1st February |
17th February |
དུས་གཟེར་བཞི།
དཔྱིད་ཉིན་མཚན་མཉམ། |
བོད་ཟླ་ ༡ ཚེས་ ༢༢ |
ཕྱི་ཟླ་ ༣ ཚེས་ ༢༡ |
དབྱར་ཉི་ལྡོག |
བོད་ཟླ་ ༤ ཚེས་ ༢༦ |
ཕྱི་ཟླ་ ༦ ཚེས་ ༢༡ |
སྟོན་ཉིན་མཚན་མཉམ། |
བོད་ཟླ་ ༨ ཚེས་ ༢ |
ཕྱི་ཟླ་ ༩ ཚེས་ ༢༣ |
དགུན་ཉི་ལྡོག |
བོད་ཟླ་ ༡༡ ཚེས་ ༣ |
ཕྱི་ཟླ་ ༡༢ ཚེས་ ༢༢ |
དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ།
ས་ཁམས་མཆེར་རྩ་ཞག་ ༡༨ རྒྱུ། |
བོད་ཟླ་ ༢ ཚེས་ ༡༩ |
ཕྱི་ཟླ་ ༤ ཚེས་ ༡༧ |
མེ་ཁམས་སྙིང་རྩ་ཞག་ ༧༢ རྒྱུ། |
བོད་ཟླ་ ༣ ཚེས་ ༨ |
ཕྱི་ཟླ་ ༥ ཚེས་ ༥ |
ས་ཁམས་མཆེར་རྩ་ཞག་ ༡༨ རྒྱུ། |
བོད་ཟླ་ ༥ ཚེས་ ༢༥ |
ཕྱི་ཟླ་ ༧ ཚེས་ ༢༠ |
ལྕགས་ཁམས་གློ་རྩ་ཞག་ ༧༢ རྒྱུ། |
བོད་ཟླ་ ༦ ཚེས་ ༡༣ |
ཕྱི་ཟླ་ ༨ ཚེས་ ༧ |
ས་ཁམས་མཆེར་རྩ་ཞག་ ༡༨ རྒྱུ། |
བོད་ཟླ་ ༨ ཚེས་ ༢༩ |
ཕྱི་ཟླ་ ༡༠ ཚེས་ ༢༠ |
ཆུ་ཁམས་མཁལ་རྩ་ཞག་ ༧༢ རྒྱུ། |
བོད་ཟླ་ ༩ ཚེས་ ༡༧ |
ཕྱི་ཟླ་ ༡༡ ཚེས་ ༧ |
ས་ཁམས་མཆེར་རྩ་ཞག་ ༡༨ རྒྱུ། |
བོད་ཟླ་ ༡༡ ཚེས་ ༢༩ |
ཕྱི་ཟླ་ ༡ ཚེས་ ༡༧ |
ཤིང་ཁམས་མཆིན་རྩ་ཞག་ ༧༢ རྒྱུ། |
བོད་ཟླ་ ༡༢ ཚེས་ ༡༨ |
ཕྱི་ཟླ་ ༢ ཚེས་ ༤ |
བུམ་སྟོང་།
རྗེས་ཟླའི་ཚེས་ ༣༠ བར་བུམ་སྟོང་བྱང་། |
བོད་ཟླ་ ༡ ཚེས་ ༣༠ |
ཕྱི་ཟླ་ ༣ ཚེས་ ༢༩ |
རང་ཟླའི་ཚེས་ ༣༠ བར་བུམ་སྟོང་ཤར། |
བོད་ཟླ་ ༣ ཚེས་ ༡ |
ཕྱི་ཟླ་ ༤ ཚེས་ ༢༨ |
རྗེས་ཟླའི་ཚེས་ ༢ བར་བུམ་སྟོང་ལྷོ། |
བོད་ཟླ་ ༤ ཚེས་ ༡ |
ཕྱི་ཟླ་ ༥ ཚེས་ ༢༨ |
རྗེས་ཟླའི་ཚེས་ ༣ བར་བུམ་སྟོང་ནུབ། |
བོད་ཟླ་ ༥ ཚེས་ ༣ |
ཕྱི་ཟླ་ ༦ ཚེས་ ༢༨ |
རྗེས་ཟླའི་ཚེས་ ༤ བར་བུམ་སྟོང་བྱང་། |
བོད་ཟླ་ ༦ ཚེས་ ༤ |
ཕྱི་ཟླ་ ༧ ཚེས་ ༢༨ |
རྗེས་ཟླའི་ཚེས་ ༥ བར་བུམ་སྟོང་ཤར། |
བོད་ཟླ་ ༧ ཚེས་ ༥ |
ཕྱི་ཟླ་ ༨ ཚེས་ ༢༨ |
རྗེས་ཟླའི་ཚེས་ ༦ བར་བུམ་སྟོང་ལྷོ། |
བོད་ཟླ་ ༨ ཚེས་ ༥ |
ཕྱི་ཟླ་ ༩ ཚེས་ ༢༧ |
རྗེས་ཟླའི་ཚེས་ ༦ བར་བུམ་སྟོང་ནུབ། |
བོད་ཟླ་ ༩ ཚེས་ ༧ |
ཕྱི་ཟླ་ ༡༠ ཚེས་ ༢༨ |
རྗེས་ཟླའི་ཚེས་ ༦ བར་བུམ་སྟོང་བྱང་། |
བོད་ཟླ་ ༡༠ ཚེས་ ༧ |
ཕྱི་ཟླ་ ༡༡ ཚེས་ ༢༧ |
རྗེས་ཟླའི་ཚེས་ ༨ བར་བུམ་སྟོང་ཤར། |
བོད་ཟླ་ ༡༡ ཚེས་ ༨ |
ཕྱི་ཟླ་ ༡༢ ཚེས་ ༢༧ |
རྗེས་ཟླའི་ཚེས་ ༩ བར་བུམ་སྟོང་ལྷོ། |
བོད་ཟླ་ ༡༢ ཚེས་ ༩ |
ཕྱི་ཟླ་ ༡ ཚེས་ ༢༧ |