སྨན་རྩིས་དྲ་བ། - 2024-2025 རབ་གནས་ཤིང་འབྲུག་ལོ་ཐོ།


རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག ཕྱི་ལོ་ 2024 – 2025

 

༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།

སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།

ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།

ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།

ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ། །ྋའབྲུག་ལོ་ཀུན་ལ་རང་ཀེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ། །ྋཁྱི་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ། །ྋབྱི་སྤྲེལ་ཀུན་ལ་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་། །ྋལུག་གླང་ཀུན་ལ་བཞི་གཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ། །ྋལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་ལ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཤིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། །ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། །ལོ་གྲངས་འདི་དག་ྋདགུ་མིག་ཏུ།།

   ༡

  ༩

  ༡༠

  ༡༧

  ༡༨

  ༡༩

  ༢༥

  ༢༧

  ༢༨

  ༣༣

  ༣༦

  ༣༧

  ༤༡

  ༤༥

  ༤༦

  ༤༩

  ༥༤

  ༥༥

  ༥༧

  ༦༣

  ༦༤

  ༦༥

  ༧༢

  ༧༣

  ༨༡

  ༨༢

  ༨༩

  ༩༠

  ༩༡

  ༩༧

  ༩༩

  ༡༠༠

 

 

ཚུད་པས་སྤྱི་བཅོས་གཞུང་ལྟར་ལ། །བྱེ་བྲག་བྱིས་པར་གདུགས་དཀར་དང་། །བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན། །ྋཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་མེ་སྤྲེལ་ལོ་གྲངས་༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །ཆུ་སྤྲེལ་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། །ས་སྤྲེལ་ ༥༧ དམ་སྲི་ཡི་ཁ་མནན། །ཤིང་སྤྲེལ་ ༢༡།༨༡ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། །ལྕགས་སྤྲེལ་ ༤༥ གཤེད་དུར་ཆེར་བབས་པས། །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །གཞན་ཡང་ཤིང་སྟག་ ༥༡ རང་དུར་ཆུང་། །ལྕགས་སྟག་ ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ། །འབད་པ་ཤིན་ཏུ་གལ་ཆེའོ། །སླར་སྨོན་པ། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།

 

དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

༈ འཁོར་ལོ་བཞི་ཡི་ལེགས་ཉེས་དལ་འགྲོའི་རྒྱུན། །མགྲིན་སྔོན་ཟླ་བའི་བུམ་ལྟོར་གང་འཁྱིལ་དག །ཨུ་མའི་རིག་པའི་ཡུར་བ་ནས་བརྒྱུད་བཅུད། །ལྗོངས་འདིར་འདྲེན་པའི་སྟོན་པ་གཙུག་ཏུ་བཀུར། །དྲི་བྲལ་ཀུན་གསལ་རྩིས་རིག་མེ་ལོང་ངོར། །སྒྲིབ་བྲལ་ཀུན་འབྱུང་གཟུགས་རྟེན་འབུམ་འཆར་ཞིང་། །འཁྲུལ་བྲལ་བླང་དོར་ཉམས་འགྱུར་གར་རོལ་བའི། །འགྲན་བྲལ་དབྱངས་འཆར་ལུང་གིས་གསལ་འདིར་གཟིགས། །ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན། །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོགས་བཞི་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་སྡུག་བསྟན་ལ་ཐོག་མ་རུ། །ཡུལ་ཡུལ་དབུས་ལོ་ཧྲིལ་ཕུར་བུས་སྤྱོད། །ཆོས་སྤྱོད་འཕེལ་སོགས་བདེ་མཉམ་བྱེད་ན་ཡང་། །དྲུག་པའི་ཉེར་གཉིས་ནས་བཟུང་ཕྱི་མའི་སྟོང་། །དམར་པོས་ཐན་དང་འཁྲུག་རྩོད་འབྱུང་དོགས་ཡོད།། ༈ ཤར་ཕྱོགས་ལྔ་པའི་ཉི་ཤུ་གཉིས་ནས་བཟུང་། །དྲུག་པའི་ཉེར་གཉིས་ཉི་མ་ལྷག་སངས་ལྷན། །སྤྱོད་པས་ཡུལ་ཁམས་བདེ་ཞིང་བདུན་པ་ཡི། །ཉེར་གཉིས་ནས་བཟུང་ལོ་མཇུག་མིག་དམར་སྤྱོད། །དམག་འཁྲུག་དྲག་རྩུབ་ཆེ་ཙམ་འོང་ངོ་ཡིན།། ༈ ཤར་ལྷོར་དྲུག་པའི་ཉ་ནས་བདུན་པའི་སྟོང་། །ཉི་ཟླ་སངས་གསུམ་ལྷན་དུ་སྤྱོད་པ་ཡིས། །བདེ་སྡུག་སྤེལ་མར་འོང་ཞིང་སྐབས་དེར་ནི། །ལྷག་པ་ཕྱིར་ལྡོག་ཆུ་ལོག་འོང་བའི་ཉེན།། ༈ ལྷོ་ཕྱོགས་ལོ་ཧྲིལ་ཀེ་ཏུས་འཁྲུག་རྩོད་ཀྱིས། །རྒྱལ་འབངས་སྡུག་བསྔལ་གྱིས་ནི་མནར་བར་འགྱུར།། ༈ ལྷོ་ནུབ་བཅུ་པའི་ཉ་ནས་ཉེར་གཉིས་བར། །ལྷག་པ་ཕྱིར་ལྡོག་སྤྱོད་པས་གངས་ཉེན་ལས། །གཞན་དུ་བདེ་སྐྱིད་ལྡན་པ་འབྱུང་བ་ཡིན།། ༈ ནུབ་ཕྱོགས་ཆར་རྒྱུན་བཟང་ཞིང་ལོ་འབྲས་ལེགས།། ༈ ནུབ་བྱང་གསུམ་པའི་ཚེས་ཤར་ནས་བཟུང་སྟེ། །ཚེས་བརྒྱད་བར་དུ་སྤེན་པས་ས་གཡོ་ལས། །གཞན་དུ་ལོ་ཧྲིལ་དགེ་བའི་ངོ་རུ་བཤད།། ༈ བྱང་ཕྱོགས་གསུམ་པའི་བརྒྱད་ནས་བཞི་པའི་ཉ། །དམར་པོ་སྒྲ་གཅན་ལྷན་སྤྱོད་འཐབ་རྩོད་དང་། །བཞི་པའི་ཉ་ནས་ལོ་གང་སྤེན་པ་སྒྲ་གཅན་གྱིས། །འཁྲུག་རྩོད་མུ་གེའི་འཇིགས་པས་འཚེ་ལ་དོགས།། ༈ བྱང་ཤར་གསུམ་པའི་ཚེས་ཤར་ནས་བཟུང་སྟེ། །དགུ་བར་ལྷག་པ་སྒྲ་གཅན་ལྷན་སྤྱོད་པས། །འཐབ་རྩོད་དང་བཅས་གནམ་གཤིས་མི་བརྟན་འགྱུར། །བཞི་པའི་ཉི་ཤུ་ནས་བཟུང་དྲུག་པ་སྔ་མ་ཡི། །ཉ་བར་དམར་པོས་མེ་ཉེན་འཐབ་རྩོད་རྒོད།།

གནམ་གཤིས་སྔོན་བརྡ།

དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་ས་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས་ཁ་ཆར་ཆེ་ཞིང་འཐིབ་དྭངས་རླུང་གིས་གཏོར་བའང་མང་དུ་སྣང་། (བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།)

  བོད་ཟླ་དང་པོ།

  སྤྱིར་ཟླ་འདིར། ཟླ་སྟོད་ཁ་ཆར་དང་ཟླ་སྨད་ཐན་ཤས་ཆེ།

  བོད་ཟླ་གཉིས་པ།

  སྤྱིར་ཟླ་འདིར། འཐིབ་དྭངས་རེས་མོས་ཀྱིས་ཟླ་དཀྱིལ་དུ་ཆར་དུམ་རེ་བབས་ངོ་།

  བོད་ཟླ་གསུམ་པ།

  སྤྱིར་ཟླ་འདིར། ཆར་ཞོད་ཆེ་བར་འོང་ཉེན།

  བོད་ཟླ་བཞི་པ།

  སྤྱིར་ཟླ་འདིར། འཐིབ་དྭངས་རེས་མོས་ཀྱིས་ཆར་གྱི་བབས་ཚད་འབྲིང་།

  བོད་ཟླ་ལྔ་པ།

  སྤྱིར་ཟླ་འདིར། ཐན་ངོ་ཆེ་ཞིང་ཆར་བབས་ཀྱང་རླུང་གིས་གཏོར་ཉེན།

  བོད་ཟླ་དྲུག་པ།

  སྤྱིར་ཟླ་འདིར། གནམ་འཁོར་བ་མང་ཞིང་རླུང་གིས་གཏོར་བའང་མང་།

  བོད་ཟླ་དྲག་པ། ཕྱི་མ།

  སྤྱིར་ཟླ་འདིར། གནམ་འཁོར་བ་མང་ཡང་ཆར་གྱི་བབས་ཚད་འབྲིང་།

  བོད་ཟླ་བདུན་པ།

  སྤྱིར་ཟླ་འདིར། ཆར་ཞོད་མི་སྙོམས་ཤིང་ཆར་བབས་ཀྱང་རླུང་གིས་གཏོར་ཉེན།

  བོད་ཟླ་བརྒྱད་པ།

  སྤྱིར་ཟླ་འདིར། གནམ་དྭངས་ལ་ཆར་དཀོན་ཞིང་བབས་ཀྱང་རླུང་གིས་གཏོར་ཉེན།

  བོད་ཟླ་དགུ་པ།

  སྤྱིར་ཟླ་འདིར། ཆར་དཀོན་ཞིང་བབས་ཀྱང་རླུང་གིས་གཏོར་ཉེན།

  བོད་ཟླ་བཅུ་པ།

  སྤྱིར་ཟླ་འདིར། ཆར་རླུང་སྦྲགས་མར་བབས་ངོ་།

  བོད་ཟླ་བཅུ་གཅིག་པ།

  སྤྱིར་ཟླ་འདིར། གནམ་འཐིབ་དྭངས་རེས་མོས་བྱེད།

  བོད་ཟླ་བཅུ་གཉིས་པ།

  སྤྱིར་ཟླ་འདིར། འཐིབ་ཤས་ཆེ་ཡང་ཁ་ཆར་གྱི་བབས་ཚད་འབྲིང་།

 

སརྦ་མངྒལཾ།།



ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།