སྨན་རྩིས་དྲ་བ། - 2020-2021 རབ་གནས་ལྕགས་བྱི་ལོའི་ལོ་ཐོ།


རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི། ཕྱི་ལོ་ 2020-2021

༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།
སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།
ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།
ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།

ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ། །༸བྱི་ལོ་ཀུན་ལ་རང་སྐེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ། །རྟ་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ། །༸འབྲུག་སྤྲེལ་ཀུན་ལ་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་། །།༸བྱ་ཡོས་ཀུན་ལ་བཞི་གཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ། །༸ལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ།་།འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ།་།ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་།ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཆེ་གཟུངས་འདོན། །ལོ་གྲངས་འདི་དག་༸དགུ་མིག་ཏུ། ཚུད་པས་སྤྱི་བཅོས་གཞུང་ལྟར་ལ། །བྱེ་བྲག་བྱིས་པར་གདུགས་དཀར་དང་།            

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

༣༦

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 

བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན། །༸ཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་ཆུ་འབྲུག་ལོ་གྲངས ༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །ས་འབྲུག་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། །ཤིང་འབྲུག་༥༧ དམ་སྲི་མི་ཁ་མནན། ལྕགས་འབྲུག་ ༢༡།༡༨ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། །མེ་འབྲུག་ ༤༥ གཤེད་དུར་ཆེར་བབས་པས། །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །གཞན་ཡང་ལྕགས་ཁྱི་ ༥༡ རང་དུར་ཆུང་། །མེ་ཁྱི་ ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པས་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ། །འབད་པ་ཤིན་ཏུ་གལ་ཆེའོ། །སླར་སྨོན་པ། །མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག

དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

༈ བརྩེ་ཆེན་སྙིང་རྗེའི་རང་གཟུགས་ཅན་མངའ་ཁྱོད། །བརྩེ་བའི་ཡུམ་དང་རྟག་ཏུ་རྣམ་རོལ་ཞིང་། །བརྩེ་བའི་འགྲོ་ལ་ལྐོག་གྱུར་གནས་མ་ལུས། །བརྩེ་བའི་སྙིང་གཏམ་ཚུལ་དུ་གསུངས་དེ་རྒྱལ། །སྟོང་དང་དྲུག་བརྒྱ་ལྷ་ཡི་སྐྱེད་ཚལ་ངོས། །དགའ་བའི་ལྷ་མོ་ཉེར་བརྒྱད་དང་རོལ་བའི། །གཟའ་མཆོག་དཔའ་བོའི་བགྲོད་པ་ལས་བརྩམ་སྟེ། །བླང་དོར་འབྱེད་པ་འདི་ཡང་རྟེན་འབྱུང་གཤིས།།
ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན། །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོག་བཞི་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་སྡུག་བསྟན་ལ་དང་ཐོག་ཏུ། །དབུས་ཕྱོགས་ལོ་ནི་ཧྲིལ་པོ་རཱ་ཧུ་གནས། །དེ་ཁུལ་འཐབ་རྩོད་མང་བ་དང་། །བོད་ཟླ་བཞི་པའི་ཚེས་གཅིག་ནས། །ལྔ་པའི་བཅུ་གསུམ་བར་དག་ཏུ། །ཉི་མ་ལྷན་གཅིག་གནས་པ་ཡིས། །འཐབ་རྩོད་ཐན་པ་ལྷན་དུ་འབྱུང་། །འོན་ཀྱང་གསུམ་པའི་ཚེས་གཅིག་ནས། །ཟླ་བ་དྲུག་པའི་སུམ་ཅུ་བར། །ཞི་གཟའ་དཀར་པོ་སྤྱོད་པ་ཡིས། །རྒྱལ་འབངས་ཅུང་ཟད་བདེ་བར་བྱེད། །༸ཤར་ཕྱོགས་ས་ཟླའི་ཉེར་གསུམ་ནས། །ལྔ་པའི་བརྒྱད་བར་ལྷག་པ་གནས། །ཡུལ་དེར་ལོ་ཏོག་བཟང་བར་འགྱུར། །ལྔ་པའི་བཅུ་བཞི་ནས་བཟུང་སྟེ། །དྲུག་པའི་ཉེར་དྲུག་བར་དུ་ནི། །ཉི་མ་གནས་པས་ཆེར་ཆུ་དཀོན། །ཐན་པའི་ངོ་སོགས་ཤར་བ་དང་། །བདུན་པའི་བརྒྱད་ནས་བརྒྱད་པ་ཡི། །བརྒྱད་བར་དཀར་པོ་གནས་གྱུར་པས། །རྒྱལ་པོ་ཡུལ་བཅས་བདེ་བར་བྱེད། །༸ཤར་ལྷོར་དྲུག་པའི་སུམ་ཅུ་ནས། །བདུན་པའི་ཉེར་དགུ་བར་དུ་ནི། །ཉི་མ་ལྷག་པ་ལྷན་སྤྱོད་པས། །ཆར་ཆུ་ཅུང་དཀོན་ལོ་ཏོག་འབྲིང་། །བརྒྱད་པའི་དགུ་ནས་དགུ་པ་ཡི། །བཅོ་ལྔ་བར་དུ་དཀར་པོ་གནས། །རྒྱལ་འབངས་ཡུལ་རྣམས་བདེ་བར་བྱེད། །༸ལྷོ་ཕྱོགས་བདུན་པའི་ཉེར་གཉིས་ནས། །བརྒྱད་པ་ཡི་ནི་ཉེར་ལྔ་བར། །ཞི་གཟའ་ལྷག་པ་གནས་པ་དང་། བརྒྱད་པའི་དགུ་ནས་ཟླ་དགུ་པའི། །ཉི་ཤུ་བར་དུ་ཉི་མ་གནས། །ལོ་ཏོག་ཆར་ཆུ་འབྲིང་ཙམ་འོང་། །དགུ་པའི་བཅུ་དྲུག་ནས་བཟུང་སྟེ། །ཟླ་བ་བཅུ་པའི་བཅུ་གསུམ་བར། །ཞི་གཟའ་པ་སངས་སྤྱོད་པ་ཡིས། །རྒྱལ་པོ་ཡུལ་འབངས་བཅས་པ་བདེ། །༸ལྷོ་ནུབ་དགུ་པའི་ཉེར་གཅིག་ནས། །བཅུ་པའི་སྟོང་བར་ཉི་མ་གནས། །བཅུ་པའི་བརྒྱད་ནས་སུམ་ཅུ་བར། །ལྷག་པ་ལྷན་གཅིག་གནས་གྱུར་པས། །འབྲས་བུ་བདེ་སྡུག་འདྲེས་མར་སྤྱོད། །ཟླ་བ་བཅུ་པའི་སུམ་ཅུ་ནས། །བཅུ་གཅིག་སུམ་ཅུ་བར་དུ་ནི། །དཀར་པོས་སྤྱོད་པས་རྒྱལ་འབངས་བདེ། །༸ནུབ་ཕྱོགས་གསུམ་པའི་གཅིག་ནས་བཟུང་། །ལོ་ནི་ཧྲིལ་པོ་ཀེ་ཏུས་སྤྱོད། །ཡུལ་དུ་འཐབ་རྩོད་ཆེ་བ་དང་། །ཟླ་བ་ལྔ་པའི་སུམ་ཅུ་ནས། །བཅུ་གཅིག་བཅོ་ལྔ་དལ་འགྲོས་སྤྱོད། །ཡུལ་དེར་མུ་གེའི་ངོ་ཆེར་སྣང་། །ཟླ་བ་བཅུ་གཅིག་སུམ་ཅུ་ནས། །བཅུ་གཉིས་སུམ་ཅུ་བར་དུ་ནི། །པ་སངས་སྤྱོད་པས་རྒྱལ་པོ་དང་། །ཡུལ་མི་ཀུན་ལ་བདེ་སྐྱིད་ངོ། །༸ནུབ་བྱང་གསུམ་པའི་ཚེས་གཅིག་ནས། །ལྔ་པའི་བརྒྱད་དང་བཅུ་གཅིག་པའི། །ཉེར་གཉིས་ནས་བཟུང་བཅུ་གཉིས་པའི། །སྟོང་བར་དལ་འགྲོ་གནས་པ་ཡིས། །སྐབས་དེར་མུ་གེ་ལ་སོགས་ཆེ། །ཁྱད་པར་གསུམ་པའི་གཅིག་ནས་བཟུང་། །བཞི་པའི་བརྒྱད་བར་དམར་པོ་གནས། །དེ་ཚེ་འཐབ་རྩོད་ངོ་ཡང་ཆེ། །༸བྱང་ཕྱོགས་ས་ཟླའི་བརྒྱད་ནས་བཟུང་། །དྲུག་པའི་ཚེས་ནི་ཉི་ཤུ་བར། །མིག་དམར་སྤྱོད་པས་འཐབ་འཁྲུག་ངོ། །༸བྱང་ཤར་དྲུག་པའི་ཉེར་གཅིག་ནས། །བཅུ་གཉིས་སྟོང་བར་དམར་པོ་གནས། །རྒྱལ་ཁམས་འཁྲུག་ཅིང་འཐབ་རྩོད་བྱེད།

གནམ་གཤིས་སྔོན་བརྡ།

དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་ཆུ་ས་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཁ་ཆར་ཆེ་ཞིང་གནམ་འཐིབ་མང་ཡང་རླུང་གིས་གཏོར་བའང་མང་དུ་སྣང་། (བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།)

བོད་ཟླ་དང་པོ།

སྤྱིར་ཟླ་འདིར་ཆར་རླུང་སྦྲགས་མར་བབས་ཤིང་རི་མཐོ་སར་ཁ་བ་བབས་ངོ།

བོད་ཟླ་གཉིས་པ།

སྤྱིར་ཟླ་འདིར་གནམ་འཁོར་བ་མང་ཞིང་ཆར་གྱི་བབས་ཚད་འབྲིང་།

བོད་ཟླ་གསུམ་པ།

སྤྱིར་ཟླ་འདིར་གནམ་འཐིབས་ཤས་ཆེ་ཡང་རླུང་གིས་གཏོར།

བོད་ཟླ་བཞི་པ།

སྤྱིར་ཟླ་འདིར་གནམ་འཁོར་བ་མང་ཞིང་དྲོད་རླུང་ལྡང་།

བོད་ཟླ་ལྔ་པ།

སྤྱིར་ཟླ་འདིར་ཆར་རླུང་སྦྲགས་མར་འོང་བ་མང་ཞིང་ཆར་གྱི་རྒྱུན་བཟང་།

བོད་ཟླ་དྲུག་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་།

བོད་ཟླ་བདུན་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་ཞིང་ཟླ་སྨད་ཆར་རླུང་ལྡང་།

བོད་ཟླ་བརྒྱད་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་ཡང་རླུང་གིས་གཏོར་བའི་ཉེན།

བོད་ཟླ་དགུ་པ།

སྤྱིར་ཟླ་འདིར་ཆར་གྱི་བབས་ཚད་ཆེ་ཡང་རླུང་གིས་གཏོར་ཉེན་དང་། ཟླ་སྨད་རླུང་འཚུབ་ལྷག་པར་ལྡང་ངོ་།

བོད་ཟླ་བཅུ་པ།

སྤྱིར་ཟླ་འདིར་འཐིབས་ཤས་དང་བཅས་གངས་དང་རླུང་པོ་ལྡང་ངོ་།

བོད་ཟླ་བཅུ་གཅིག་པ།

སྤྱིར་ཟླ་འདིར་གནམ་འཐིབས་ཤས་ཆེ་ཞིང་ཁ་བའི་བབས་ཚད་འབྲིང་།

བོད་ཟླ་བཅུ་གཉིས་པ།

སྤྱིར་ཟླ་འདིར་གནམ་འཐིབས་ཤས་ཆེ་ཡང་ཁ་བའི་བབས་ཚད་ཞན། །

 

སརྦ་མངྒ་ལཾ། །



 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།