སྨན་རྩིས་དྲ་བ། - 2019-2020 རབ་གནས་ས་ཕག་ལོའི་ལོ་ཐོ།

                                           ༄༅། །རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག ཕྱི་ལོ་ 2019-2020

                                                                  ༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།
                                                                    སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།
                                                                    ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།
                                                                    ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།
ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ། །༸ཕག་ལོ་ཀུན་ལ་རང་ཀེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ། །༸སྦྲུལ་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགེ་ལྷ་གསོལ། །༸ལུག་ཡོས་ཀུན་ལ་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་། །༸སྟག་སྤྲེལ་ཀུན་ལ་བཞི་གཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་མི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ། །༸ལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་ལ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒ་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། །ལོ་གྲངས་འདི་དག་དགུ་མིག་ཏུ། །ཚུད་པས་སྤྱི་
བཅོས་གཞུང་ལྟར་ལ།              

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

     ༣༦      

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 





།བྱེ་བྲག་བྱིས་པ་གདུགས་དཀར་དང་། །བུད་མེད་རྣས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན། །༸ཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་ལྕགས་ཡོས་ལོ་གྲངས་ ༦།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །མེ་ཡོས་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། །ཆུ་ཡོས་ ༢༡།༨༡ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། །ཤིང་ཡོས་ ༤༥ གཤེད་དུར་ཆེར་བབས་པས། །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །གཞན་ཡང་ས་བྱ་ ༥༡ རང་དུར་ཆུང་། །ཤིང་བྱ་ ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ། །འབད་པ་ཤིན་ཏུ་གལ་ཆེའོ།།

                                               སླར། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །
                                                     མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །
                                                     མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །
                                                     མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག །

 

དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

༈ བརྩེ་ཆེན་སྙིང་རྗེའི་རང་གཟུགས་ཅན་མངའ་ཁྱོད། །བརྩེ་བའི་ཡུམ་དང་རྟག་ཏུ་རྣམ་རོལ་ཞིང་། །བརྩེ་བའི་འགྲོ་ལ་ལྐོག་གྱུར་གནས་མ་ལུས། །བརྩེ་བའི་སྙིང་གཏམ་ཚུལ་དུ་གསུངས་དེ་རྒྱལ། །སྟོང་དང་དྲུག་བརྒྱ་ལྷ་ཡི་སྐྱེད་ཚལ་ངོས། །དགའ་བའི་ལྷ་མོ་ཉེར་བརྒྱད་དང་རོལ་བའི། །གཟའ་མཆོག་དཔའ་བོའི་བགྲོད་པ་ལས་བརྩམ་སྟེ། །བླང་དོར་འབྱེད་པ་འདི་ཡང་རྟེན་འབྱུང་ཤིས། །

ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན། །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོག་བཞི་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་སྡུག་བསྟན་ལ་ཐོག་མ་རུ། །དབུས་ཕྱོགས་གསུམ་པའི་ཚེས་ཤར་དམར་པོ་ཡིས། །འཐབ་མོ་ཅུང་ཞིག་ཤར་ཡང་ཉི་ཤུ་ནས། །ལྷག་པས་བདེ་མཉམས་བྱེད་ཀྱང་ཉེར་གཉིས་ནས། །ལྔ་པའི་གཉིས་བར་ཉི་མས་ཐན་པའི་ངོ། །༸ཤར་ཕྱོགས་ལོ་ཧྲིལ་སྒྲ་གཅན་གདོང་གིས་ནི། །འཐབ་མོ་ཅུང་ཞིག་མང་ཞིང་གསུམ་པ་ཡི། །གནམ་སྟོང་ནས་བཟུང་དྲུག་པའི་ཉེར་གཉིས་པར། །དམར་པོས་འཐབ་རྩོད་ཛ་ཅུང་དྲག་ན་ཡང་། །བཞི་པའི་ཉ་ནས་ལྷག་པས་ཅུང་བདེ་ལྷག་པར་དུ། །ལྔ་པའི་ཉ་ནས་དཀར་པོས་བདེ་བར་འཁོད། །༸ཤར་ལྷོར་ལྔ་པའི་སྟོང་ནས་དྲུག་པའི་ཉ། །དམར་པོས་འཐབ་རྩོད་ངོ་དང་ཉེར་གཉིས་ནས། །བདུན་པའི་ཉ་བར་ཉི་ལྷག་སངས་གསུམ་པོ། །དེར་འཁྱུད་བདེ་སྡུག་སྤེལ་མར་འབྱུང་བ་ཡིན། །༸ལྷོ་ཕྱོགས་བདུན་པའི་ཉེར་གཉིས་ནས་བརྩམ་སྟེ། །བརྒྱད་པའི་གནམ་སྟོང་བར་དུ་ལྷག་སངས་དང་། །ཉི་སྤེན་རིམ་པར་སྤྱོད་པས་བདེ་དང་སྡུག །རེས་མོས་འོང་བའི་རྟགས་མཚན་དུ་མཐོང་ཞིང་། །༸ལྷོ་ནུབ་བརྒྱད་པའི་ཉེར་གཉིས་ནས་བཟུང་སྟེ། །དགུ་པའི་བརྒྱད་བར་ལྷག་སངས་ལྷན་འཛོམས་པས། །ལོ་ཏོག་བཟང་ཞིང་རྒྱལ་ཁམས་བདེ་ལ་འཁོད། །འོན་ཀྱང་དེ་རྗེས་ཉི་མས་སྐབས་ཤིག་རིང་། །ཚ་གདུང་ཆེར་འཕེལ་དམར་པོའང་རིམ་སྤྱོད་པས། །ནད་དང་འཐབ་རྩོད་མུ་གེའི་འཇིགས་པའི་ཉེན། །༸ནུབ་ཕྱོགས་ལོ་ཧྲིལ་སྒྲ་གཅན་མཇུག་དང་ནི། །སྤེན་པས་སྤྱོད་དང་ཕུར་བུའང་ལོ་སྟོད་དུ། །ཕྱིར་ལྡོག་ལ་སྤྱོད་འཐབ་རྩོད་ས་གཡོ་དང་། །མུ་གེའི་འཇིགས་པའི་ངོ་རུ་དོགས་པར་བཤད། །༸ནུབ་བྱང་བཅུ་གཉིས་ནང་དུ་ཉི་མ་ཡིས། །ཁ་ཆར་ཅུང་ཞིག་དཀོན་ལས་ལོ་ཧྲལ་བཟང་། །༸བྱང་ཕྱོགས་ལོ་ཧྲིལ་བདེ་ཞིང་སྐྱིད་པ་དང་། །༸བྱང་ཤར་ཟླ་བ་དང་པོའི་འགོ་སྟོད་ནས། །གསུམ་པའི་ཉི་ཤུར་ཉི་མས་ཁ་ཆར་དཀོན། །ལོ་ཏོག་ས་རུ་ཅུང་ཞིག་འཛེར་ལ་དོགས། །

གནམ་གཤིས་སྔོན་བརྡ།

དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་ཆུ་ས་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས་ཁ་ཆར་ཆེ་ཞིང་འཐིབ་དང་རླུང་གིས་གཏོར་བའང་མང་དུ་སྣང་། (བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།)   

 བོད་ཟླ་དང་པོ་སྔ་མ།

  སྤྱིར་ཟླ་འདིར་ཆར་གྱི་རྒྱུན་བཟང་།

 བོད་ཟླ་དང་པོ་ཕྱི་མ།

  སྤྱིར་ཟླ་འདིར་ཆར་རྒྱུན་ཞན་ཅིང་ཟླ་བའི་སྟོད་སྨད་དུ་རླུང་པོ་ལྡང་བ་  མང་།

 བོད་ཟླ་གཉིས་པ།

  སྤྱིར་ཟླ་འདིར་ཆར་གྱི་བབས་ཚད་ཞན་ཙམ་ཡིན།

 བོད་ཟླ་གསུམ་པ།

  སྤྱིར་ཟླ་འདིར་གནམ་གཤིས་དྲོ་གྲང་འགྱུར་ལྡོག་ཆེ།

 བོད་ཟླ་བཞི་པ།

  སྤྱིར་ཟླ་འདིར་གནམ་འཁོར་བ་མང་ཞིང་དྲོད་རླུང་ལྡང་།

 བོད་ཟླ་ལྔ་པ།

  སྤྱིར་ཟླ་འདིར་ཆར་རླུང་སྦྲགས་མར་འོང་བ་མང་ཞིང་ཆར་གྱི་རྒྱུན་བཟང་།

 བོད་ཟླ་དྲུག་པ།

  སྤྱིར་ཟླ་འདིར་ཆར་རྒྱུན་བཟང་བ་ཡིན།

  བོད་ཟླ་བདུན་པ།

  སྤྱིར་ཟླ་འདིར་འཐིབ་དྭངས་རེས་མོས་ཀྱིས་ཆར་རླུང་འཚུབ་པ་མང་ཞིང་  དྲོ་གྲང་ འགྱུར་ལྡོག་ཆེ།

  བོད་ཟླ་བརྒྱད་པ།

  སྤྱིར་ཟླ་འདིར་ཆར་རྒྱུན་བཟང་ཡང་རླུང་གིས་གཏོར་བའི་ཉེན།

  བོད་ཟླ་དགུ་པ།

  སྤྱིར་ཟླ་འདིར་ཆར་གྱི་བབས་ཚད་ཆེ་ན་ཡང་རླུང་གིས་གཏོར་ཉེན་དང་། ཟླ་སྟོད་རླུང་  འཚུབ་ལྷག་པར་ལྡང་ངོ་།

  བོད་ཟླ་བཅུ་པ།

  སྤྱིར་ཟླ་འདིར་འཐིབ་ཤས་དང་བཅས་གངས་དང་རླུང་པོ་ལྡང་ངོ་།

  བོད་ཟླ་བཅུ་གཅིག་པ།

  སྤྱིར་ཟླ་འདིར་ཁ་བ་ཆེ།

  བོད་ཟླ་བཅུ་གཉིས་པ།

  སྤྱིར་ཟླ་འདིར་ཁ་བའི་བབས་ཚད་འབྲིང་། །




















སརྦ་མངྒ་ལཾ།།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།