སྨན་རྩིས་དྲ་བ། - 2018-2019 རབ་གནས་ས་ཁྱི་ལོའི་ལོ་ཐོ།

  ༄། །རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི། ཕྱི་ལོ་ 2018-2019

༄༅། །དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།

སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།

ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།

ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།

ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ།། ྋཁྱི་ལོ་ཀུན་ལ་རང་ཀེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ།། ྋའབྲུག་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ༌ལྷ་གསོལ།། ྋསྟག་རྟ་ཀུན་ལ་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་།། གླང་ལུག་གཉིས་ལ་བཞི་གཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ།། ལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་ལ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང༌། །ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང༌། །བཞི་ལྗང་བུད་མེད་ཀུན་ལ༌ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། །ལོ་གྲངས་འདི

 

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

༣༦

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 

 

དག༌ྋདགུ་མིག་ཏུ། །ཚུད་པས་སྤྱི་བཅོས་གཞུང་ལྟར་ལ། །བྱེ་བྲག་བྱིས་པར་གདུགས་དཀར་དང་། །བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང༌རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་
ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན།། ཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་ལྕགས་སྟག་ལོ་གྲངས་ ༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །མེ་སྟག་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང༌། །ཆུ་སྟག་ ༥༧ དམ་སྲི་མི་ཁ་མནན། །ས་སྟག་ ༢༡།༨༡  རང་དུར་ཆེ་ལ་བབས། བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། ཤིང་སྟག་ ༤༥ གཤེད་དུར་ཆེར་བབས་པས། །གསེར་འོད་འདོན་ཞིང་ཆབ་གཏོར༌གཏོང་། །གཞན་ཡང་ས་སྤྲེལ་ ༥༡ རང་དུར་ཆུང༌། ཤིང་སྤྲེལ་ ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ། །འབད་པ་ཤིན་ཏུ་གལ་ཆེའོ།།

སླར། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར།།

མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར།།

མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས།།

མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།

 

དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་བྱུང་གནོད་འཚེའི་སྐོར།

བརྩེ་ཆེན་སྙིང་རྗེའི་རང་གཟུགས་ཅན་མངའ་ཁྱོད། །བརྩེ་བའི་ཡུམ་དང་རྟག་ཏུ་རྣམ་རོལ་ཞིང་། །བརྩེ་བའི་འགྲོ་ལ་ལྐོག་གྱུར་གནས་མ་ལུས། །བརྩེ་བའི་སྙིང་གཏམ་ཚུལ་དུ་གསུངས་དེ་རྒྱལ། །སྟོང་དང་དྲུག་བརྒྱ་ལྷ་ཡི་སྐྱེད་ཚལ་ངོས། །དགའ་བའི་ལྷ་མོ་ཉེར་བརྒྱད་དང་རོལ་བའི། །གཟའ་མཆོག་དཔའ་བོའི་བགྲོད་པ་ལས་བརྩམ་སྟེ། །བླང་དོར་འབྱེད་པ་འདི་ཡང་རྟེན་འབྱུང་ཤིས།།

            ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན། །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོགས་བཞི་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་སྡུག་བསྟན་པ་ལ། །གསུམ་པའི་ཉ་ནས་བཞི་པའི་ཉ་བར་དུ། །དཀར་པོས་ཡུལ་དབུས་སྤྱོད་པས་རྒྱལ་འབངས་བདེ། །འོན་ཀྱང་དང་པོ་ཕྱི་མའི་སྟོང་ནས་ནི། །གཉིས་པའི་སྟོང་བར་ལུས་དམར་སྤྱོད་པས་ན། །འཐབ་རྩོད་འཁྲུག་པ་འོང་བའི་ངོ་ཅུང་ལྡན། །ཤར་གྱི་ཕྱོགས་སུ་ལོ་ཧྲིལ་གདོང་གནས་དང་། །ལྷན་ཅིག་སྣང་བྱེད་ལྔ་པའི་ཉེར་གཉིས་ནས། །དྲུག་པའི་བཅུ་དགུ་བར་དུ་སྤྱོད་རིང་ལ། །འཐབ་རྩོད་འབྱུང་ཞིང་ཆར་མེད་ཐན་པའང་ཡོང་། །ཤར་ལྷོར་དཀར་པོས་ལྔ་པའི་ཉེར་གཉིས་ནས། །དྲུག་པའི་ཉེར་གཉིས་བར་དུ་གནས་པ་ཡིས། །ཕྱོགས་དེར་ལོ་ཏོག་འབྲས་བུ་བཟང་བ་དང་། །རྒྱལ་འབངས་བདེ་ཞིང་རྩུབ་རིགས་ཞི་བར་འགྱུར། །ལྷོ་ཡི་ཕྱོགས་སུ་རྟ་བདུན་དབང་པོ་ཡིས། །བདུན་པའི་སྟོང་ནས་བརྒྱད་པའི་ཉ་བར་དང་། །ཟླ་སྲས་བརྒྱད་པའི་ཉེར་གཉིས་ནས་དགུ་པའི། །བརྒྱད་བར་སྐྱོར་ཏེ་གནས་པས་ཡུལ་འདིར་བདེ། །ཆར་ཆུ་བབས་ཚད་རན་ལ་ལོ་ཏོག་བཟང། །ལྷོ་ནུབ་ཕྱོགས་སུ་གསུམ་པའི་བརྒྱད་ནས་ནི། །བཅུ་པའི་སྟོང་གི་བར་དུ་སྒྲ་མཁན་སྤྱོད། །ཡུལ་དེར་རྒྱལ་འབངས་བདེ་ཞིང་དཔལ་ཡོན་རྒྱས། །ནུབ་ཏུ་ལོ་སྨད་རྒྱལ་ཁམས་མི་བདེ་ཞིང་། །བཅིུས་སྟོང་ནས་དང་པོ་སྔ་མ་ཡི།  །སྟོང་བར་དཀར་པོས་སྤྱོད་པས་རྒྱལ་འབངས་བདེ། །ནུབ་བྱང་ཕྱོགས་སུ་ལོ་གང་ཕལ་ཆེ་བར། །མཇུག་མས་རྒྱལ་ཕྲན་འཐབ་རྩོད་འཁྲུག་ངོ་ཆེ། །བྱང་ཤར་ཕྱོགས་སུ་ཟླ་སྲས་ལོ་སྟོད་ཀྱི། །གསུམ་པའི་ཉེར་གཉིས་ནས་བཟུང་བཞི་པ་ཡི། །ཉ་བར་གནས་པའི་ལོ་ལེགས་འབྲས་བུ་བཟང་།།

 

གནམ་གཤིས་སྔོན་བརྡ།

དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་ས་ཆུ་མེ་གསུམ་གྱི་ཤས་ཆེ་བས་ཆར་དང་ཐན་པ་རེ་མོས་འོང་བར་སྣང་།

བོད་ཟླ་དང་པོ།

སྤྱིར་ཟླ་འདིར་རླུང་པོ་ལྡང་ཞིང་ཆར་རླུང་སྦྲགས་མར་བབས་པས་ཆར་རྒྱུན་ཞན་ཙམ་འོང་།

བོད་ཟླ་གཉིས་པ།

སྤྱིར་ཟླ་འདིར་ཆར་གྱི་བབས་ཚད་འབྲིང་ཙམ་འོང་།

བོད་ཟླ་གསུམ་པ།

སྤྱིར་ཟླ་འདིར་ཁ་ཆར་འབྲིང་། ཟླ་སྨད་ལ་རླུང་ལྡང་འོང་།

བོད་ཟླ་བཞི་པ།

སྤྱིར་ཟླ་འདིར་ཆར་གྱི་བབས་ཚད་རན་ཙམ་འོང་།

བོད་ཟླ་ལྔ་པ།

སྤྱིར་ཟླ་འདིར་ཆར་ཚད་ཅུང་ཞན་ཅིང་ཆར་རླུང་སྦྲགས་མ་མང་།

བོད་ཟླ་དྲུག་པ།

སྤྱིར་ཟླ་འདིར་ཆར་ཚད་འབྲིང་།

བོད་ཟླ་བདུན་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་།

བོད་ཟླ་བརྒྱད་པ།

སྤྱིར་ཟླ་འདིར་རླུང་ལྡང་བ་མང་ཞིང་ཆར་རྒྱུན་འབྲིང་།

བོད་ཟླ་དགུ་པ།

སྤྱིར་ཟླ་འདིར་སྤྲིན་དང་རླུང་འཁོར་བ་མང་།

བོད་ཟླ་བཅུ་པ།

སྤྱིར་ཟླ་འདིར་ཆར་རྒྱུན་ཅུང་ཞན།

བོད་ཟླ་བཅུ་གཅིག་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་ངོ་འོང་།

བོད་ཟླ་བཅུ་གཉས་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་ཞིང་ཁྱད་པར་དུ་ཟླ་སྨད་ལ་བཟང་།

 

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།