སྨན་རྩིས་དྲ་བ། - 2015-2016 རབ་གནས་ཤིང་ལུག་ལོའི་ལོ་ཐོ།

       

      
                                         རབ་བྱུང་༡༧ བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོ།

༄༅། །དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།

སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།

ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།

ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།

   ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ།། ྋལུག་ལོ་ཀུན་ལ་རང་ཀེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ།། ྋགླང་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ།། ྋཕག་དང་ཡོས་ནི་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་།། ྋའབྲུག་ཁྱི་གཉིས་ལ་བཞི་བཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ།།

   ྋལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་ལ་བབས་ས་ལས་སྤང་། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམ་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། །ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན།།

ལོ་གྲངས་འདི་དག་ ྋདགུ་མིག་ཏུ། །ཚུད་པས་སྤྱི་བཅོས་གཞུང་ལྟར་ལ།།

   ༡

   ༩

   ༡༠

   ༡༧

   ༡༨

   ༡༩

   ༢༥

   ༢༧

   ༢༨

   ༣༣

   ༣༦

   ༣༧

   ༤༡

   ༤༥

   ༤༦

   ༤༩

   ༥༤

   ༥༥

   ༥༧

   ༦༣

   ༦༤

   ༦༥

   ༧༢

   ༧༣

   ༨༡

   ༨༢

   ༨༩

   ༩༠

   ༩༡

   ༩༧

   ༩༩

   ༡༠༠

 

བྱེ་བྲག་བྱིས་པར་གདུགས་དཀར་དང་། །བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན། ། ྋཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་མེ་ཕག་ལོ་གྲངས་ ༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །ཆུ་ཕག་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། །ས་ཕག་ ༥༧ དམ་སྲི་མི་ཁ་མནན། །ཤིང་ཕག་ ༢༡།༨༡ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། །ལྕགས་ཕག་ ༤༥ གཤེད་དུར་ཆེར་བབས་པས།  །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །གཞན་ཡང་ཤིང་སྦྲུལ་ ༥༡ རང་དུར་ཆུང་། །ལྕགས་སྦྲུལ་ ༡༥།༧༥ གཤེར་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ་། །འབད་པ་ཤིན་ཏུ་གལ་ཆེའོ། །

སླར། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།

 

དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

༈ ཀུན་གསལ་ལམ་ནས་རྒྱུ་སྐར་དགའ་མ་ལ། །ལེགས་ལྡན་གཟའ་དགུས་ཇི་ལྟར་བརྩེན་པའི་ཚུལ། །དཔྱད་དེ་ལོ་འདིའི་རྒྱལ་ཁམས་བདེ་དོག་དང་། །གནས་གཤིས་སྔོན་བརྡ་དང་བཅས་སྤྲོ་བ་ལ། །ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན། །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོགས་དང་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་དོག་བསྟན་ལས་ྋདབུས་སུ་ནི། །བོད་ཟླ་གསུམ་པའི་ཟླ་མཇུག་ནས་བཟུང་སྟེ། །ལྔ་པའི་ཉ་བར་ཚ་ཟེར་སྣ་ཚོགས་དང་། །དམག་དཔོན་གྱིས་ནི་འཐབ་རྩོད་ཐན་པ་ཡིས། །བརྡུང་ལས་ལོ་ཧྲིལ་བདེ་སྐྱིད་ལྡན་པ་འབྱུང་། །ྋཤར་ཕྱོགས་ལྔ་པའི་ཉི་ཤུ་ནས་བརྩམ་སྟེ། །བདུན་པའི་ཉི་ཤུ་བར་དུ་དམར་པོ་དང་། །ཉི་མས་འཐབ་རྩོད་དང་ནི་ཐན་པའི་ངོ་། །ྋཤར་ལྷོར་ཕུར་བུས་གསུམ་པའི་ཚེས་ཤར་ནས། །ཆོས་སྤྱོད་འཕེལ་ཞིང་ལྔ་པའི་ཉ་ནས་བཟུང་། །དཀར་པོས་བདེ་སྐྱིད་འཕེལ་བས་བཟང་ན་ཡང་། །དྲུག་པའི་བདུན་ནས་ཉེར་དགུ་ཕྱིར་བཟློག་སྤྱོད། །མེས་འཇིགས་རྩི་ཤིང་རིགས་རྣམས་སྐམ་གྱུར་ཞིང་། །ནད་མང་ལྷག་པར་རྒྱལ་བློན་རྣམས་ལ་དོག །བདུན་པའི་ཚེས་ཤར་ནས་བཟུང་དགུ་པ་ཡི། །ཟླ་དཀྱིལ་ལྷག་པས་བདེ་བའི་མཚན་མ་ཤར། །ྋལྷོ་ནུབ་སྤེན་པས་ལོ་ཧྲིལ་མུ་གེ་དང་། །ལྷག་པར་གསུམ་པ་ནས་བཟུང་བདུན་པ་བར། །ཕྱིར་ལྡོག་སྤྱོད་པས་ཟླ་བ་ཕྱེད་གཉིས་བར། །མི་ཕྱུགས་ནད་དང་འཆི་བའི་མཚན་མ་ཤར། །ྋནུབ་དང་ནུབ་བྱང་མཚམས་སུ་ལོ་སྨད་དུ། །ཐན་ངོ་ཅུང་ཞིག་ཤར་ལས་ལོ་ཧྲིལ་པོར། །མི་བདེའི་མཚན་མ་ཆེར་མེད་བཟང་བར་བཤད། །ྋལྷོ་བྱང་གཉིས་སུ་ལོ་ཧྲིལ་གདོང་མཇུག་གིས། །འཐབ་རྩོད་མང་ཞིང་བཅུ་པའི་གནམ་གང་ནས། །ལྷ་ཡི་བླ་མས་ལྷོ་ཕྱོགས་ཅུང་ཞིག་བདེ། །ྋབྱང་ཤར་གསུམ་པའི་ནང་དུ་ཐན་པ་དང་། །འཐབ་རྩོད་ངོ་ཅུང་ཤར་ལས་ལོ་ཧྲིལ་བདེ།།


གནམ་གཤིས་སྔོན་བརྡ།

དགུང་འདིར་གཟའ་རྣམས་ཕལ་ཆེ་བ་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབས་དྭངས་རེས་མོས་ཀྱིས་རླུང་པོ་བརྒྱབ་པ་མང་། །ཁ་ཆར་གྱི་བབས་ཚད་ཞན།

བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་རེའུ་མིག་ནང་གསལ།

 བོད་ཟླ་དང་པོ།

སྤྱིར་ཟླ་འདིར་གཟའ་རྣམས་ས་ཆུ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཟླ་སྟོད་དུ་ཁ་ཆར་ལེགས་པར་བབས་ངོ་ཡང་རླུང་འཚུབ་ཀྱིས་གཏོར་ཉེན། ཟླ་སྨད་དུ་ཁ་ཆར་འབེབས་སླ་བར་འོང་ངེས།

 བོད་ཟླ་གཉིས་པ།

སྤྱིར་ཟླ་འདིའི་ཟླ་སྟོད་དུ་གཟའ་རྣམས་ཆུ་ཡི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་སིམ་བབས་པ་མང་། ཟླ་སྨད་དུ་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་ཅུང་ཟད་བབས་ཀྱང་རླུང་གིས་གཏོར་བའི་ཉེན།

 བོད་ཟླ་གསུམ་པ།

སྤྱིར་ཟླ་འདིར་གཟའ་རྣམས་མེ་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་གཤིས་དྲོ་གྲང་འགྱུར་ལྡོག་ཆེ།

 བོད་ཟླ་བཞི་པ།

སྤྱིར་ཟླ་འདིའི་ཟླ་སྟོད་དུ་གཟའ་རྣམས་མེ་ཆུ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས་གནམ་འཁོར་བ་མང་། དྲོད་རླུང་ལྡང་། ཟླ་སྨད་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཡང་རླུང་གིས་གཏོར་ངོ་།

 བོད་ཟླ་ལྔ་པ།

སྤྱིར་ཟླ་འདིར་གཟའ་རྣམས་མེ་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐུབས་དྭངས་རེས་མོས་ཀྱིས་ཆར་རླུང་འཚུབ།

 བོད་ཟླ་དྲུག་པ།

སྤྱིར་ཟླ་འདིར་གཟའ་རྣམས་མེ་སྐར་ལ་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཆེ་ཡང་ཆར་གྱི་བབས་ཚད་འབྲིང་།

 བོད་ཟླ་བདུན་པ།

སྤྱིར་ཟླ་འདིར་གཟའ་རྣམས་མེ་སྐར་སྟེང་སྤྱོད་པ་ཤས་ཆེ་བས། ཆར་གྱི་བབས་ཚད་ཞན།

 བོད་ཟླ་བརྒྱད་པ།

སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། རྡུལ་རླུང་འཚུབ་པ་མང་ཞིང་ཆར་གྱི་བབས་ཚད་འབྲིང་།

 བོད་ཟླ་དགུ་པ།

སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་བས་ཆར་གྱི་བབས་ཚད་ཞན།

 བོད་ཟླ་བཅུ་པ།

སྤྱིར་ཟླ་འདིར་གཟའ་རྣམས་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབ་ཤས་ཆེ་ཞིང་རླུང་པོ་ལྡང་།

 བོད་ཟླ་བཅུ་གཅིག

སྤྱིར་ཟླ་འདིར་གཟའ་རྣམས་རླུང་སྐར་ལ་སྤྱོད་པ་ཤས་ཆེ་བས། གྲང་རླུང་ལྡང་ཞིང་འཐིབས་པ་མང་།

 བོད་ཟླ་བཅུ་གཉིས།

སྤྱིར་ཟླ་འདིར་གཟའ་རྣམས་ས་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབས་ཤས་དང་གྲང་ངར་ཆེ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།