སྨན་རྩིས་དྲ་བ། - གནམ་གཤིས།

བོད་རྒྱལ་ལོ་༢༡༤༠ རབ་གནས་ཆུ་སྦྲུལ་ལོའི་གནམ་གཤིས་སྔོན་བརྡ། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༡ ནས་ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡ བར།

དགུང་འདིར་གཟའ་རྣམས་ཕལ་ཆེ་བ་མེ་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས་གནམ་འཁོར་ཆེ་ཡང་རླུང་གིས་གཏོར་བའི་ཉེན།

བོད་ཟླ་དང་པོ།

སྤྱིར་ཟླ་འདིར་གཟའ་རྣམས་ས་མེ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཆེ་ཞིང་ཁ་རླུང་འཚུབ་པ་མང་།

བོད་ཟླ་གཉིས་པ།

 སྤྱིར་ཟླ་འདིར་གཟའ་རྣམས་མེ་ཆུ་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། སྐབས་འགར་ཐན་ཞིང་སྐབས འགར་ཞོད།

བོད་ཟླ་གསུམ་པ།

 སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་བས་ཆར་གྱི་བབས་ཚད་ཞན།

བོད་ཟླ་བཞི་པ།

 སྤྱིར་ཟླ་འདིར་ཟླ་སྟོད་གཟའ་རྣམས་མེ་སྐར་མར་སྤྱོད་པ་ཤས་ཆེ་བས་ཐན་ཤས་ཆེ། ཟླ་སྨད་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་གཤིས་དྲོ་གྲང་འགྱུར་ལྡོག་ཆེ་ཞིང་རླུང་པོ་ལྡང་།

བོད་ཟླ་ལྔ་པ།

 སྤྱིར་ཟླ་འདིར་གཟའ་རྣམས་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་གཤིས་དྲོ་གྲང་འགྱུར་ལྡོག་ཆེ་ཞིང་རླུང་པོ་ལྡང་།

བོད་ཟླ་དྲུག་པ།

 སྤྱིར་ཟླ་འདིར་གཟའ་རྣམས་ས་མེ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། འཐིབ་ཤས་ཆེ་ཤིང་རླུང་པོ་ལྡང་།

བོད་ཟླ་བདུན་པ།

 སྤྱིར་ཟླ་འདིར་གཟའ་རྣམས་མེ་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་རླུང་ལྡང་ཞིང་འཐིབ་དྭངས་ཆེ།

བོད་ཟླ་བརྒྱད་པ།

 སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་།

བོད་ཟླ་དགུ་པ།

 སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གྲང་རླུང་ལྡང་ཞིང་ཐན་པ་མང་།

བོད་ཟླ་བཅུ་པ།

 སྤྱིར་ཟླ་འདིར་གཟའ་རྣམས་ཆུ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཁ་རླུང་ལྡང་།

བོད་ཟླ་བཅུ་གཅིག་པ།

 སྤྱིར་ཟླ་འདིར་ཟླ་སྟོད་དུ་གཟའ་རྣམས་ཆུ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གྲང་ངར་ཆེ། ཟླ་སྨད་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་གཤིས་འགྱུར་ལྡོག་ཆེ་བ་ཡིན།

བོད་ཟླ་བཅུ་གཉིས་པ།

 སྤྱིར་ཟླ་འདིར་གཟའ་རྣམས་ཆུ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཁ་རླུང་འཚུབ་པ་མང་བ་བཅས། སརྦ་མངྒ་ལཾ།།

 

བོད་ཀྱི་རྒྱལ་ས་ལྷ་སའི་གནམ་གཤིས།    རྡ་རམ་ས་ལའི་གནམ་གཤིས།

རྒྱ་གར་རྒྱལ་ས་ལྡི་ལི་གསར་བའི་གནམ་གཤིས།    བོད་མིའི་གཞིས་ཆགས་གནས་ཡུལ་མེ་སོར་གནམ་གཤིས།

མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གནམ་གཤིས།   བོད་མི་གནས་ཡུལ་སྒང་ཏོག་གི་གནམ་གཤིས།

 

བལ་ཡུལ་རྒྱལ་སའི་གནམ་གཤིས།  དསངདསངསིདངིདསངསདིངསདངིསདངིསངིསངིསིངད

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།