སྨན་རྩིས་དྲ་བ། - རྩིས་རིག



༄༅། །ཨོྃ་སྭ་སྟི། །ཆོས་དབྱིངས་དག་པའི་མཁའ་ལས་མ་གཡོས་བཞིན། །སྙིང་རྗེས་འགྲོ་ལ་རྗེས་ཆགས་འོད་སྟོང་ཅན། །སྲིད་འདིའི་སྙིགས་ལྔའི་མུན་སེལ་ཉིན་བྱེད་དབང། །གངས་ཅན་མགོན་པོ་པད་དཀར་འཆང་དེས་སྐྱོངས། །སྒྲིབ་བྲལ་རྩིས་རིག་དགོངས་དོན་མེ་ལོང་ངོར། །ལྐོག་གྱུར་ལེགས་ཉེས་ཉམས་འགྱུར་འབུམ་བརྡལ་གཟུགས། །ལོ་ཐོ་སྦྱོར་བའི་སྟེགས་བུའི་སྟེང་ངོམས་པའི། །ཟློས་གར་བསྡུས་པའི་ལམ་ནས་གཟིགས་མོར་འབུལ།།

༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ། །སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ། །ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ། །འདི་ལོའི་ཀེག་རྩིས་ནང་དམིགས་བསལ་རྩུབ་རིགས་ཞབས་རིམ་དང་སྦྲགས་ཟུར་འདོན་ཞུས་པར། འབྲུག་ལོ་རྣམས་རང་ཀེག་ཐོག་བབས་པས་ནད་འི་མདུན་སར་བསྐྱོད་པ་དང་མཁར་ལས་རིགས་སྤངས་ཏེ་ཚེ་དབང་ཞུ་ཞིང་ཚེ་སྒྲུབ་བྱེད་པ་དང། འབུམ་རྒྱས་འབྲིང་བསྡུས་གསུམ་གང་རིགས། གདུགས་དཀར་ལོ་གྲངས། ཏོག་གཟུངས་བཅས་འདོན། ཁྱི་ལོ་རྣམས་གནམ་ལོའི་བདུན་ཟུར་དུ་བབས་པས་སྟོབས་པོ་ཆེ་དང། མཆུ་གསུམ། སྡོང་རྒྱན། རྒྱལ་མཚན་རྩེ་མོ། ཏོག་གཟུངས་བཅས་འདོན། བྱི་བ་དང་སྤྲེལ་གཉིས་གནམ་ལོའི་མཐུན་གསུམ་འཁེལ་བས་དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང། གླང་ལུག་གཉིས་ལ་གནམ་ལོའི་བཞི་གཤེད་དང་། ལོ་སྐར་ཤར་བས་ཉི་ཁྲི་འདོན། ཚོང་དང་བྱེས་སུ་འགྲོ་བ་སྤོངས། སྨན་མདོ་སྨན་ཆོག་བརྒྱད་སྟོང་དང།  གཟུངས་འདུས་འདོན་ཞིང་སྲོག་བསླུ་བྱ།།

 

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

༣༦

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 

 

ལོ་གྲངས་འདི་དག་དགུ་མིག་ཏུ་ཚུད་པས་བྱིས་པའི་རིགས་ལ་གདུགས་དཀར་དང། བུད་མེད་རྣམས་ལ་སྒྲོལ་བསྟོད། སྐྱེས་པ་དར་མར་རྣམ་རྒྱལ་མའི་གཟུངས་རིང། རྒན་པོར་བརྒྱད་སྟོང་པ། རྒན་མོར་བགྲེས་ཞུས། མི་དཔོན་རིགས་ལ་འཇམ་དཔལ་མཚན་བརྗོད་དང་། བློ་གྲོས་བཟང་མོས་ཞུས་མདོ་བཅས་འདོན་དགོས།

 

༡༥

༢༡

༣༣

༤༥

༥༡

༥༧

༦༩

༧༥

༨༡

༩༣

 

 

 

ཕོ་མོ་ཁྱད་མེད་རང་ལོར་སོན་པ་རྣམས་གནད་ཀྱི་དགུ་མིག་དང་དུར་བཞིའི་ཐོག་ཕྱིན་པས་འདུས་སྡེར་བསྙེན་བཀུར་ཞུ་ཞིང་དགྲ་བཟློག་དུར་སྲི་མནན་པ་དང། ཤེར་སྙིང་བདུད་བཟློག་བརྒྱ་བཞི་བཅས་གཏོང་ལ། རྟེན་ལ་མཆོད་འབུལ་དང། གསེར་འོད་འདོན་པ་བཅས་ཀྱིས་ལོ་འདིའི་ངན་ཀེག་ལས་གྲོལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ནུས། སླར། སྔོན་ལས་རྣམ་སྨིན་བཟློག་ཐབས་མ་མཆིས་མོས། །འཕྲལ་རྐྱེན་ངན་ཀེག་བཟློག་ཕྱིར་རྒྱལ་བ་ཡིས། །ཐབས་མཁས་ཐུགས་རྗེས་བཟློག་རིམ་གང་གསུངས་པ། །བསྟན་འདིས་རྐྱེན་ངན་བཟློག་ཅིང་བདེ་ལྡན་ཤོག །

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།