སྨན་རྩིས་དྲ་བ། - སྒ་སྨུག
 
སྒ་སྨུག
 
མིང་གཞན།   བཅའ་སྒ།  अदरक  Ginger  生姜
 
སྐྱེ་དབྱིབས།   འདི་ནི་སྔོ་ལྡུམ་སྒ་ཡི་རིགས་ཤིག་ཡིན།  རྩ་བ་རྡོག་པོ་ལ་ཡལ་ག་གྱེས་ཤིང་གཅིག་ལ་གཅིག་འབྲེལ་ཏེ་ས་འོག་ཏུ་འཕྲེད་དུ་བགྲད་དེ་ཡོད་པ།  ཕྱི་ངོས་སེར་སྐྱ་གཉེར་རིས་དང་ཉག་མཚམས་ཡོད་ཅིང༌།  ཁ་སྤུ་ལྟ་བུའི་རྩ་ཕྲན་ཐོགས་པ།  ནང་ཤ་དཀར་སྐྱ་སྣུམ་གཤེར་ཅན་ལ་ཁོང་སྤུ་ཡོད་པ།  ལོ་མ་ལྗང་མདོག་ལྕེ་ཡི་དབྱིབས་ཅན་ཕྲ་ལ་རིང་བ་དང༌།  སྨད་ཆ་ངར་པས་བཏུམས་ནས་རེས་མོས་ཀྱིས་སྐྱེ་བ་ཞིག་ཡིན།  ཚ་དྲོད་ཆེ་བའི་ཡུལ་དུ་འདེབས་འཛུགས་བྱེད་ཀྱི་ཡོད།  
 
བེད་སྤྱོད།    རྩ་བའི་ཁ་སྤུ་ལྟ་བུའི་རྩ་ཕྲན་བཀོག་ནས་གཙང་འཁྲུ་བྱས་ཏེ།  སྐམ་རློན་གཉིས་ཀ་ཟས་སྤོད་དུ་བེད་སྤྱོད་བྱེད་ཆོག་པ་དང༌།  ཇ་སྤོད་ཡང་བྱེད་རུང༌།  ནུབ་ཕྱོགས་པས་བག་འཁུར་དང་ཁུ་ཐང་ནང་འདེབས་པ།  བསྙལ་ཚལ་ཡང་བྱེད་ཀྱི་ཡོད། 
 
རོ་དང་ངོ་བོ།  རོ་ཚ།  ངོ་བོ་དྲོད།
 
ཕན་ནུས།    ཕོ་རླུང་སྟེ་ཕོ་བའི་སྦོ་འཁྲོག་དང་གཟེར་ཟུག་འཇོམས། བད་ཀན་བེ་སྣབས་དང་ལུད་པ་སེལ།  ཁ་ཟས་འཇུ་བ་དང་མེ་དྲོད་སྐྱེད།  འཁྲུ་སྐྱུགས་གཅོད།  ཁྲག་གར་པོ་སླ་བར་གཏོང༌།  ཟླ་མཚན་འགག་པ་འདྲེན།  གློ་ལུ་བ་སེལ།  རོ་ཙ་གསོ།  རྔུལ་ནག་ཐོན་པ་བཅས་ལ་ཕན།
 
དོ་སྣང༌།     ལུས་དྲོད་ཚ་བ་སློང༌།  ཁ་སྐམ་པ་དང༌།  བཤང་བ་འགག་པར་བྱེད།              
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།